Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུ་ནོར་འཚོལ་བ།

Posted on 2012-08-062012-08-06 By ཁ་བརྡ་ 15 Comments on རྒྱུ་ནོར་འཚོལ་བ།

བསོད་ནམས་རྒྱལ།
རྒྱ་ཡིག་གི<<སྒྲུང་ཐུང་ཁྲོད་ཀྱི་ཚེ་སྲོག་གི་གཏན་སྲོལ་༡༩༢>>ཞེས་པ་ལས་བསྒྱུར།

“བདེ་ཐང་དང་ཚེ་སྲོག་གཉིས་ནི་མི་ཚེ་ནང་གི་ཆེས་རྩ་ཆེ་བའི་རྒྱུ་ནོར་དེ་ཡིན།” ན་གཞོན་ཞིག་ལ་རྒྱུ་མ་འཁོར་བ་མ་ཟད་ཁ་ལས་རླུང་རྟ་ཡང་མ་དར་བས། རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ཀྱིས་འཁང་ར་བྱས་ཏེ།རྟག་པར་གདོང་ལ་སྡུག་གི་མདུད་པ་དགུ་བརྩེགས་རྒྱབ་ནས་བསྡད། ཉིན་ཞིག་སྐྲ་ལོ་དུང་ལྟར་དཀར་བའི་བགྲེས་སོང་ཞིག་སླེབས་ཏེ་འདྲི་དོན། “ཕོ་གསར། གདོང་མེ་ལོང་འདྲ་བོ་ལ་སྡུག་གི་གཉེར་མས་ཁེངས་དོན་ཅི” “ངས་ཤེས་མ་སོང་། ང་འདི་འདྲའི་དབུལ་ཞིང་མེད་པོ་ཞིག་ཡིན་དོན་ཅི་ཡིན་ནམ” “མེད་པོ??ཁྱོད་ཧ་ཅང་ཕྱུག་པོ་རེད་ལགས” “དེ་ག་རེ་གསུངས་ཀྱིན་ཡོད་དམ” བགྲེས་སོང་གིས་ཐབས་ཀྱིས་བརྗོད་དོན། “གལ་སྲིད། དེ་རིང་ཁྱོད་ཀྱི་མཛུབ་མོ་གཅིག་གཅད་ན། སྒོར་མོ་ཆིག་སྟོང་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ” “བྱེད་མི་སྲིད” “གལ་སྲིད། ཁྱོད་ཀྱི་ལག་པ་གཅིག་གཏུབ་ན། སྒོར་མོ་ཆིག་ཁྲི་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ” “བྱེད་མི་སྲིད” “གལ་སྲིད། ཁྱོད་ཀྱི་མིག་འབྲས་གཉིས་བྲུ་ན། སྒོར་མོ་འབུམ་གཅིག་སྟེར་ཟེར་ན་ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ” “བྱེད་མི་སྲིད” “གལ་སྲིད། ཁྱོད་རང་རྒན་པོ་ལོ་བརྒྱད་ཅུ་ཅན་ཞིག་ན་བསྒྱུར་ན། སྒོར་མོ་ས་ཡ་གཅིག་སྟེར་ཟེར་ན། ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ” “བྱེད་མི་སྲིད” “གལ་སྲིད། ད་ལྟ་ཁྱོད་ཀྱིས་འཕྲལ་དུ་རང་སྲོག་གཅད་ན། སྒོར་མོ་དུང་ཕྱུར་གཅིག་སྟེར་ཟེར་ན། ཁྱོད་ཀྱིས་དེ་ལྟར་བྱེད་སྲིད་དམ” “བྱེད་མི་སྲིད”
“འོ་ན་ད་འགྲིག་འདུག ཁྱོད་ལ་མངའ་བའི་སྒོར་མོ་ནི་དུང་ཕྱུར་གཅིག་ལས་བརྒལ་འདུག ད་དུང་ཁྱོད་ཀྱིས་རང་ཉིད་ནི་དབུལ་བོ་ཡིན་པའི་རང་ཉིད་ལ་འཁང་ར་བྱེད་ཀྱིན་ཡོད་དམ”ཞེས་བགྲེས་སོང་དེ་ཡིས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བརྗོད་མཐར། ན་གཞོན་དེ་ཁ་རོག་གེར་ཚུགས་ཀ་ལས་ཅི་ཞིག་བློས་དཔོག་སོང་བ་ལྟ་བུའི་ཉམས་སྣང་ཞིག་མངོན།

འགྱུར་རྩོམ།

Post navigation

Previous Post: རྡོ་བཀའ་བློན་འབྲོང་ཆུང་དངོས་གྲུབ།
Next Post: རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

Comments (15) on “རྒྱུ་ནོར་འཚོལ་བ།”

  1. ཉེར་གཅིག་པའི་ཅོང་བརྡ། says:
    2012-08-06 at 10:47 am

    གྲོགས་པོ་ཁྱེད་ཀྱི་སྒྲུང་ཐུང་འདིས་མི་རྣམས་ལ་རང་ཉིད་ལ་གང་ཞིག་ཡོད་པ་དེར་ཆོག་ཤེས་བྱེད་དགོས་པ་གསལ་པོར་བསྟན་འདུག་གོ།། ཡག་པོ་འདུག

  2. མེ་ཏོག་དཀར་པོ། says:
    2012-08-06 at 11:06 am

    རྒན་པོ་དེས་ཕོ་གསར་དེ་ཁ་གྲགས་རྒྱུ་མེད་པ་བཟོས་འདུག་ག

  3. གཉིས་མེད་སེངྒེ says:
    2012-08-06 at 12:39 pm

    ཉེ་བའི་དུས་སུ་རྒྱ་ནག་ནང་གཞོན་སྐྱེས་ཁྲོད་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལ་དབྱིངས་ཞུགས་ཏེ་རེ་འགས་སོ་སོའི་ཁྲག་དང་མཁལ་མ་བཙོང་ནས་དེ་ཉོས་པའི་གནས་ཚུལ་བྱུང་ཡོད་སྐད།

  4. རྩམ་ཕྲུག says:
    2012-08-06 at 1:00 pm

    བསོན་ནམས་རྒྱལ་ལགས་ཀྱིས་སྒྲུང་ཐུང་སྙམ་མོ་ཐུང་ཐུང་བསླབ་བྱ་ཡག་པོ་ཡོད་པ་ཞིག་བྲིས་འདུག་པར་ཡིད་སྨོན་དང་དགའ་བསུ་ཞུ།།

  5. རྩམ་ཕྲུག says:
    2012-08-06 at 1:01 pm

    དགོངས་དག་སྙམ་མོ་ཞེས་པ་དེ་སྙན་མོ་ཞེས་བཅོས་རོགས།

  6. བསྟན་འོད་། says:
    2012-08-06 at 1:56 pm

    སྒྲུང་ཐུང་དེ་སྙན་མོ་གོ་བདེ་མོ་བྱུང་སོང་བརྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་ལགས་།

  7. རང་དབང་ཨ་རྡུ་མན་ says:
    2012-08-06 at 2:01 pm

    སྒྲུང་དེ་ལ་གོ་རྒྱུ་ཆེན་པོ་ཞེ་དྲག་འདུག་་་་ཐུགས་རྗེ་གནང་ཞུ་རྒྱུ་ཡིན།

  8. ཐུབ་པ། says:
    2012-08-06 at 2:12 pm

    gg re redsd

  9. རིག་པའི་བུ says:
    2012-08-06 at 3:04 pm

    དེང་སང་རྒྱ་གར་ནག་གི་མི་མང་པོས་རང་ལུས་ཀྱི་ཁྲག་ཁལ་མ་བཙོང་བཞིན་འདུག སྒོར་མོས་རྩ་བ་འཕྲོད་བསྟེན་ཡིན་པ་ཤེས་གསལ་རེད།འཕྲོད་བསྟེན་མེད་ན་ཤེས་འབྱོར་ཅི་ཞིག་ཡོད་ཀྱང་བེད་སྤྱོད་མེད།

  10. ཤེས་དགའ་ says:
    2012-08-06 at 4:51 pm

    བོད་ཀྱི་གཏམ་དཔེར། ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་མི་ལ་ཤོར་དུས།། འགྱོད་པ་གཏིང་ནས་སྐྱེས་ཡོང་།།

  11. མཁས་དབང་ says:
    2012-08-06 at 9:56 pm

    ཁ་བརྡ་འདི་ཡག་པོ་ཞིག་དྲག་འདུག་་་་་་་་་

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-07 at 12:28 am

    རྒྱ་གར་པའི་གཏམ་བཤད་དུ།
    རྒྱུ་ནོར་བརླག་་སླར་ཁུག་ཐུབ།
    ལུས་ཁམས་བཟང་བརླག་པ་ན།
    བརླག་པ་བརླག་པ་རང་ཡིན།།

  13. ཤེས་དགའ་ says:
    2012-08-07 at 1:46 am

    དྲྭ་གྲོགས་ལ་དྭགས་ ཧིན་དྷི་མེ་བོལ་ལོ་ནཱ། མ་ཛ་ཧི་ཀུཆ་ཨ་ལ྄ག་ཧེ་ཡཱར།

  14. གནམ says:
    2012-08-07 at 9:15 am

    རྒྱ་མིའི་སྐད་ཆ་རང་རེད། དབུལ་པོ་ཡིན་མིན་བཤད་ས་ན་མི་ལུས་རིན་ཐང་ཆེ་མི་ཆེ་བཤད་འདུག རྒྱ་ཀོག་ཁོ་ཡིན་ན་དབུལ་བོ་ཟེར་ཡ་ཞིག་མེད་འདྲ་བོ་བཤད་འདུག

  15. དགེ་བསྙེན་རྡོ་རྗེ་ says:
    2012-08-07 at 9:31 am

    མི་ཚེ་སྡུག་ལ་མ་འབྱར་ཅིག །
    མི་ཚེ་བདེ་སྐྱིད་ཀྱི་ཆེད་དུ་རེད། །

    དངུལ་ལོར་ཆེད་དུ་ལུས་གཏོང་ཞོགས། །
    དངུལ་ལོར་བདེ་ཐང་ཆེད་དུ་ཐོངས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme