Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་དཔྱད་པའི་གཏམ།

Posted on 2022-01-29 By ཁ་བརྡ No Comments on རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

འཛམ་གླིང་གི་ས་གཞི་ཆེན་པོ་འདིའི་སྟེང་འཚོ་བའི་འགྲོ་བ་མི་ཡི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་རྩེད་མོའི་བརྒྱུད་ནས་ཕན་ཚུན་ངོ་ཤེས་དང་མཐུན་འབྲེལ་བཟོ་རྒྱུ་དང་།   རྒྱལ་ཁབ་ཕན་ཚུན་བར་ཆབ་སྲིད་དང་དཔལ་འབྱོར།  ཤེས་རིག་དང་འཕྲོད་བསྟེན་སློབ་གསོ།  བཟོ་ལས་འཛུགས་བསྐྲུན་དང་ཞིང་ལས་གསར་གཏོད།   དམག་དོན་སྦྱོང་བརྡར་དང་ཚན་རྩལ་འཕྲུལ་ལས།    ཆོས་ལུགས་མཐུན་འབྲེལ་དང་འཁོར་ཡུག་སྲུང་སྐྱོབ།    གསོ་རིག་སྨན་སྦྱོར་སོགས་ཉམས་མྱོང་བརྗེ་ལེན་བརྒྱུད་ནས་མིའི་སྤྱི་ཚོགས་ཕན་ཚུན་གྱི་ལུས་ཁམས་བདེ་ཐང་ཡོང་བ་གཙོ་བོར་འཛིན་པའི་མཐུན་འབྲེལ་གྱི་བརྒྱུད་རིམ་ནས་རྩེད་རིགས་འདྲ་མིན་ལ་འགན་འཁུར་ནས་རྒྱལ་ཁབ་ཕན་ཚུན་མཐུན་འབྲེལ་བརྟན་པོ་ཡོང་བའི་ཆེད་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་སྤྱི་ལོ་  ༡༨༩༦  ལོར་གསར་དུ་བཙུགས་ནས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་བཅའ་ཁྲིམས་སམ་སྒྲིག་གཞིའི་ལམ་སྟོན་འོག་རྒྱལ་ཁབ་ཆེ་བ་ཁག་ལ་མགྲོན་བདག་གི་སྒོ་སྐབས་སྤྲད་ནས་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཚོའི་སྡོད་ཁང་ལ་མཚོན་པའི་བདེ་འཇགས་སོགས་དགོས་མཁོའི་ཆ་རྐྱེན་ཚང་མ་སྣེ་ལེན་མགྲོན་བདག་རྒྱལ་ཁབ་ནས་གྲ་སྒྲིག་གནང་ནས་རྩེད་འགྲན་སྐབས་རྙོགས་གླེང་མི་ཡོང་བའི་འགན་མགྲོན་བདག་སྣེ་ལེན་རྒྱལ་ཁབ་ནས་གནང་དགོས་པ་ལྟར་འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ནས་གྲ་

སྒྲིག་ཆ་ཚང་མཐུད་ཤོར་མེད་པ་གནང་དགོས་པ་ནི་ཨོ་ལིམ་པིག་རྩེད་འགྲན་གྱིས་སྒྲིག་གཞི་ལྟར་འགྲོ་དགོས་ན་ཡང་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུངས་ཞུ་མཁན་གྱི་མགྲོན་བདག་ཞིག་དགོས་པ་ནས་ད་ལྟའི་རྒྱ་ནག་སྲིད་གཞུང་ནས་བོད་དང་ཤིང་ཅང་ཧོང་ཀོང་སོགས་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ནས་ད་ལོའི་ཨོ་ལིམ་པིག་རྩེད་འགྲན་དེ་རྒྱ་ནག་ལ་སྒོ་སྐབས་སྤྲད་པ་ནི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་ཞུས་པ་མ་ཟད་བོད་དང་།  ཤིང་ཅང།   ཧོང་ཀོང་བཅས་མི་མང་ལ་འགྱེལ་བའི་སྒང་ལ་རྡོག་རྫིས་བཏང་བ་མ་ཟད་སྤྱང་ཀི་ལ་དཔའ་དར་དང་ཤན་པའི་ལག་ལ་མཚོན་ཆ་སྤྲད་པ་མ་རེད་དམ།   འདི་ལོ་དགུན་དུས་ཀྱི་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ལ་ཚོགས་རྒྱུར་འཛམ་གླིང་གི་ས་ཕྱོགས་ག་ས་ག་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་འདི་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་ཞུས་པའི་བྱེད་བབས་ལ་ངོ་རྒོལ་བྱེད་བཞིན་པ་ལས་རྒྱ་ནག་ལ་མ་དགའ་ནས་ངོ་རྒོལ་མིན་པ་དེ་ཡང་གསལ་པོ་ཤེས་དགོས་པ་དང་།   ད་ཐེངས་རྒྱ་ནག་ལ་འཛམ་གླིང་གི་ས་ཕྱོགས་ག་ས་ག་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་འདིའི་ཨོ་ལིམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་གྱི་རྒྱལ་ཁབ་ཁག་དང་རྩེད་འགྲན་ཚོ།   ཨོ་ལིམ་པིག་ཚོགས་ཆུང་གི་ཚོགས་གཙོ་རྒྱུན་ལས་དང་།   འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྷག་པར་དུ་རྒྱ་ནག་རང་ཉིད་དང་བཅས་པར་འགྲོ་བ་མིའི་ཐོབ་ཐང་དེ་གལ་ཆེན་པོ་ག་ཚོད་ཡིན་པ་གསལ་པོ་ཤེས་ཐུབ་པའི་བསླབ་བྱ་བཟང་པོ་ཞིག་ཐོབ་ཡོད་པའི་ཡིད་ཆེས་དང་བཅས་ཨོ་ལིམ་པིག་རྩེད་མོ་དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དང་མི་མང་ཕན་ཚུན་ངོ་ཤེས་མཐུན་འབྲེལ་བཟང་པོ་ཡོང་བའི་ཆེད་རྩེད་མོའི་འགྲན་བསྡུར་ཞིག་ཡིན་ན་ཡང་ད་ལམ་ཚོགས་ལ་ཉེ་བའི་ཨོ་ལིམ་པིག་རྩེད་འགྲན་དེ་རྒྱ་ནག་ནང་རྩེད་རྒྱུ་ཡིན་པ་འདིའི་འགྲོ་བ་མིའི་ཐོབ་ཐང་རྩ་ཆེར་འཛིན་མཁན་གྱི་འཛམ་གླིང་གི་མི་མང་ཚོར་བལྟ་མོ་བལྟ་རྒྱུར་དགའ་སྐྱོ་བཟུང་འབྲེལ་གྱི་ཚོར་བ་རྣོ་པོའི་བརྒྱུད་ནས་ཨོ་ལིམ་པིག་རྩེད་འགྲན་ལ་བལྟ་མོ་བལྟ་རྒྱུའི་མངོན་འདོད་ཡོད་པ་ནི་བཤད་མ་དགོས་ཡང་རྒྱ་ནག་གི་ཨོ་ལིམ་པོག་རྩེད་མགྲན་ནང་མཉམ་ཞུགས་གནང་མཁན་ཚོར་ཁྲིམས་སྒྲིག་གི་ཆ་རྐྱེན་སྟོན་པ་འདིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རིན་ཐང་ག་ཚོད་སྤྲད་ཡོད་དེ་ཡང་མང་གཙོ་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ཡིད་ཆེས་བློ་གཏད་ཞུ་མཁན་གྱི་ཟུར་གནས་འཛམ་གླིང་མི་མང་ནས་གསལ་པོ་གཟིགས་ཐུབ་པ་དང་མཁྱེན་ཐུབ་པ་ཞིག་མ་རེད་དམ།

གཞུང་པས།  ༢༠༢༢ / ༠༡ / ༢༧

བསམ་ཚུལ།

Post navigation

Previous Post: རླབས་ཆེན་གྱི་དམ་པ་ཐིག་ནཏ་ཧཱན་དྲན་པ།
Next Post: ཡེ་ཤེས་རང་སྣང་གི་གངས་རི་དཀར་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme