Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད།

Posted on 2014-06-282014-06-28 By ཁ་བརྡ་ 8 Comments on རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་།

ཀ་ཏ་ལན་པེན་རྩོམ་པ་པོའི་མཐུན་ཚོགས་(Catalan PEN)ཀྱིས་གོ་སྒྲིག་བྱས་ཏེ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་ཙཱ་དང་སྐད་ཡིག་རང་དབང་སྡེ་ཚན་གྱི་ཚོགས་འདུ་དེ་བཞིན་ཟླ་འདིའི་ཚེས་༢༥ ནས་༢༧ བར་ཉིན་གསུམ་རིང་སི་པེན་(Spain)རྒྱལ་ཁབ་ཀྱི་ཀ་ཏ་ལོ་ན་ཡ་རང་སྐྱོང་མངའ་སྡེའི་གྲོང་ཁྱེར་རྗེ་རཱོ་ན་(Girona)རུ་ཚོགས་ཡོད་པ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། རྒྱུན་ལས་ཨ་རིག་དགེ་མཐོང་དང་རྡོ་རྗེ་ཚེ་རིང་བཅས་ཚོགས་ཞུགས་བྱས་ཤིང་། བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་སྐོར་ལ་གཏམ་བཤད་བྱས་ཡོད།

unnamed-6

ཐེངས་འདིའི་ཚོགས་འདུར་ཉི་ཧོང་དང་། ཧྥ་རན་སི། ལྷོ་ཨ་ཧྥེ་རི་ཀ། ཧང་གྷ་རི་སོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཁག་ཉི་ཤུ་ཙམ་གྱི་འཐུས་ཚབ་རྩོམ་པ་པོ་དང་ལོ་ཙཱ་བ་སོགས་མཉམ་ཞུགས་བྱས་ཡོད་ལ། ཚོགས་འདུའི་ཐོག་གྲོང་ཁྱེར་རྗེ་རཱོ་ནའི་སྤྱི་ཁྱབ་པ་སྐུ་ཞབས་ཀཱར་ལེས་པཱོས་ཆི་ཌེ་མོན་(Carles Puigdemont)མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་པ་དང། ཉིན་གསུམ་རིང་ཡིག་སྒྱུར་གྱི་གལ་གནད་དང་བྱ་ཐབས་སྐོར་ཉམས་མྱོང་བརྗེ་རེས་དང་། རྩོམ་རིག་གི་ཕན་ནུས་འདོན་སྤེལ་བྱེད་ཐབས་སྐོར་། དེ་བཞིན་དེང་རབས་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་ཡིག་འབྲི་སྤེལ་གྱི་དགེ་སྐྱོན་བཅས་ཀྱི་སྐོར་ལ་བགྲོ་གླེང་གོ་བསྡུར་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་ལོ་ཙཱ་དང་སྐད་ཡིག་སྡེ་ཚན་གྱི་ལས་དོན་བསྐྱར་ཞིབ། དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་སྤེལ་པའི་སྐད་ཡིག་རང་དབང་སྐོར་གྱི་བསྒྲགས་གཏམ་དོན་ཚན་ཁག་བཅུ་བསྐྱར་བསྒྲགས་བྱས་ཡོད།

unnamed-7

ཚོགས་འདུ་ཉིན་གསུམ་པའི་སྔ་དྲོར། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས། བོད་ཀྱི་སྐད་ཡིག་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་གནས་བབ་སྐོར་ལ་གཏམ་བཤད་གནང་ཡོད། གཏམ་བཤད་རྩོམ་ཤོག་ནང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་མིག་སྔའི་གནས་སྟངས་སྐོར། ༸གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཁག་རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ། དེ་བཞིན་བོད་སྐད་ཡིག་དང་འབྲེལ་བའི་བོད་ཕྱི་ནང་གི་བརྡ་འཕྲིན་ལག་རྩལ་གྱི་གནས་བབ། བོད་མི་རང་ལུས་མེར་བསྲེགས་གནང་མཁན་མང་པོའི་ཞལ་ཆེམས་ནང་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་དགོས་ཚུལ་བཀོད་ཡོད་པ་གསལ་སྟོན་དང་འབྲེལ་བོད་མིའི་རང་སྲེག་ངོ་རྒོལ་གྱི་འབྱུང་རྐྱེན་སྐོར། དེ་བཞིན་བོད་ཕྱི་ནང་དུ་བོད་སྐད་ཡིག་སློབ་སྦྱོང་དང་འབྲེལ་བའི་སྒེར་གྱི་ཉམས་མྱོང་བཅས་བཀོད་ཡོད་པ་དང་། མཇུག་ཏུ་གནད་དོན་དེ་དག་ཐད་དྲི་བ་དྲིས་ལན་རྒྱས་པ་བྱས་ཡོད། གཏམ་བཤད་རྩོམ་ཤོག་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱ་དང་། དེ་བཞིན་སྐད་ཡིག་གཞན་ཁ་ཤས་ནང་བསྒྱུར་ཏེ་རྩོམ་པ་པོའི་མཐུན་ཚོགས་གཞན་ཁག་ཅིག་གི་དྲ་རྒྱའི་ཐོག་འཁོད་རྒྱུ་ཡིན་པ་རེད།

ཀ་ཏ་ལོ་ན་ཡ་ནི་སི་པེན་རྒྱལ་ཁབ་འོག་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཡོད་པའི་མངའ་སྡེ་ཞིག་ཡིན་པ་དང་། ཡུ་རོབ་སྤྱི་འཐུས་རྒན་ཐུབ་བསྟན་དབང་ཆེན་མཆོག་གིས་གསར་འཛུགས་གནང་བའི་སི་པེན་བོད་ཁང་ཡང་མངའ་སྡེ་དེའི་རྒྱལ་ས་བྷར་སི་ལོ་ན་(Barcelona)རུ་ཡོད་པ་རེད། ཀ་ཏ་ལན་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐད་ཡིག་རང་དབང་དང་སྲུང་སྐྱོབ་སྐོར་ལ་དམིགས་བསལ་ལས་འགུལ་སྤེལ་བཞིན་ཡོད་ལ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་འཛམ་གླིང་ནང་ཤེས་ཡོན་ཅན་དང་རྩོམ་པ་པོའི་མཐུན་ཚོགས་སྔ་ཤོས་དང་ཆེ་ཤོས་ཡིན་པ་དང་། ད་ཕན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ནང་ཡན་ལག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བརྒྱ་དང་བཞི་བཅུ་ལྷག་ཡོད་པ་རེེད།

རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་ནས།

གསར་འགྱུར།

Post navigation

Previous Post: བོད་བཙོངས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན།
Next Post: ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་སྐོར།

Comments (8) on “རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད།”

  1. གཡུ་ཐོག་རྒྱལ་པོ། says:
    2014-06-28 at 5:34 pm

    རྩོམ་པ་པོ་མཐུན་ཚོགས་དེ་ཚོང་པ་མཐུན་ཚོགས་ལ་མ་འགྱུར་བའི་རེ་བ་ཡོད།

  2. ཀླུ་སྨྱོན། says:
    2014-06-29 at 1:08 am

    ངར་བ་རེད། གྲོགས་པོ་ཚོར་རྟེན་འབྲེལ་ཞུ།

  3. ཨ་ཕྱི་ཆོས་སྒྲོན says:
    2014-06-29 at 1:48 am

    གཏམ་བཟང་རེད། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུུུུུུ

  4. དོན་ཉི། says:
    2014-06-30 at 8:03 pm

    ཁྱེད་ཚོའི་བྱ་བཞག་ལ་ངོ་སོ་བསྟོད། རྟེན་འབྲེལ་ཞུ།

  5. ཚེ་རིང་ཀླུ་རྒྱལ། says:
    2014-07-01 at 6:43 am

    བཟང་གི རྩོམ་པ་པོའི་མཐུན་ཚོགས་ལ་རེ་བ་ཇེ་ཆེ་རེད། མུ་མཐུད་ནས་ཤུགས་བསྐྱོན་གནང་རོགས།

  6. Tenlay Norbu says:
    2014-07-01 at 8:44 pm

    གཡུ་ཐོག་རྒྱལ་པོས་སྐད་ཆ་དྲང་བོ་བཤད་འདུག དེ་མིན་ནས་རྩོམ་པ་པོ་མཐུན་ཚོགས་ཀྱི་ནང་སྙིང་དམར་ལྷང་ངེར་ཤེས་ཡོད་སྟབས། ངར། བཟང་། བསྟོད་གསུམ་གྱི་མཆོད་པ་ཕུལ་ཁུལ་བྱས་འདུག

  7. Tenlay Norbu says:
    2014-07-01 at 8:50 pm

    བུ་ཁྱིམ་སློབ་གྲྭས་གཅིག ནོར་གླིང་དང་གཉིས། དགུ་བཅུ་གསུམ་གྱི་གསུམ། རྩོམ་པོ་པོའི་མཐུན་ཚོགས་ཀྱི་བཞི་དེ་རྣམས་རྡ་རམ་ས་ལར་གླེང་གཞི་ཆེ་བ་ཁག་རེད།

  8. དཔལ་དོན། says:
    2014-07-02 at 7:46 am

    ཚོགས་པ་འདི་མྱི་ཁ་ཤས་ཤིག་གི་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme