Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་གྲགས་འདུག

Posted on 2012-01-30 By ཤར་ཕྱོགས་ཁུག་རྟ། 8 Comments on རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་གྲགས་འདུག

ཚེས་ ༢༦ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་ངོས་ནས་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག དེ་ཡང་གསར་འགོད་གསལ་བསྒྲགས་དེའི་ནང་ད་ལྟའི་བོད་ནང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བོད་ནང་འགྲོ་བསྐྱོད་བཅུག་དགོས་པ་དང། ཁ་སྔོན་བོད་མི་ཞི་རྒོལ་བའི་སྟེང་རྒྱ་གཞུང་གི་ཉེན་རྟོག་པས་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་ཁ་ཤས་དམར་གསོད་བཏང་བའི་གནས་ཚུལ་རྣམས་རྒྱ་གཞུང་ངོས་ནས་དྲི་རྩད་རྟོག་ཞིབ་ནན་པོ་བྱས་ཏེ་བོད་མི་ག་ཚད་མེ་མདའི་འོག་འདས་གྲོངས་སུ་གྱུར་བ་དང། ག་ཚད་ལ་རྨས་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱེད་དགོས་པའི་དགོས་འདུན་བཏོན་འདུག ལྷག་པར་འགྲོ་བ་མིའི་ལྟ་ཞིབ་ཚོགས་པས་དབུས་རྒྱུན་ལས་རྒྱ་ནག་འགན་འཛིན་ལྕམ་སྐུ་སོ་ཕི་རི་ཆ་ཌི་སན་ལགས་ཀྱིས་ད་ལྟའི་བོད་ནང་གི་དངངས་འཚབ་ཆེ་བའི་ཛ་དྲག་གི་གནས་སྟངས་དེ་ལྟ་བུ་ཞིག་གི་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བེད་སྤྱོད་བྱས་པ་ནི་ཤིན་ཏུ་ནས་མི་འོས་པས་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཁུལ་དེའི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་འཇོག་མ་བྱས་པ་དང། བོད་མི་རིགས་ཀྱི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་གང་འདྲ་ཞིག་སྤེལ་ཡང་རྒྱ་གཞུང་གི་སྤྱི་ཚོགས་གཏན་ལྷིང་ཞེས་པའི་དགོས་འདུན་དེ་ནམ་ཡང་སྒྲུབ་ཐབས་མེད་པ་མ་ཟད། དེའི་ཚབ་ཏུ་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུའི་རྒྱ་གཞུང་ལ་ཉེན་བརྡ་བཏང་འདུག དེ་བཞིན་ལྕམ་རི་ཆ་ཌི་སོན་ལགས་ཀྱིས་རྒྱ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་དེ་གལ་ཆེ་ཞིག་ཏུ་འཛིན་ནས་གང་མགྱོགས་གྲོས་མོལ་གྱི་ལམ་ནས་ཞི་འཇམ་གནང་དགོས་པ་དང། རིང་མིན་རྒྱ་གཞུང་གི་སྲིད་འཛིན་གཞོན་པ་ཨ་རིའི་ནང་གཞུང་དོན་ལས་དོན་ཆེད་ཕྱོགས་བསྐྱོད་དུ་བཅར་བའི་སྐབས་སུ་ཨ་རིའི་ཨོ་བྷ་མ་སྲིད་གཞུང་ནས་ཀྱང་བོད་དོན་ཐོན་འཛེམ་གཟོན་མེད་པར་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་འདུག དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་པའི་ངོས་ནས་ཀྱང་བོད་ཀྱི་ས་གནས་བྲག་མགོ་དང་གསེར་རྟ་ཁུལ་དུ་ཁ་སྔོན་རྒྱའི་ལོ་གསར་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་གི་དོན་རྐྱེན་གྱི་གནས་སྟངས་ཅི་རིགས་ལ་བློ་འཚབ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག་པ་མ་ཟད། ཚོགས་པ་དེའི་འགན་འཛིན་ཤ་རོན་ཧོམ་ལགས་ཀྱིས་རྒྱ་ནག་གཞུང་ངོས་ནས་ད་ལྟའི་བོད་ནང་གི་བོད་མི་ཞི་རྒོལ་བའི་གཞི་རྩའི་མངོན་འདོད་དང་དགོས་འདུན་གཙོ་བོ་གང་ཡིན་པ་རྒྱལ་སྤྱིར་ཕྱིར་བསྒྲགས་དགོས་པ་དང། ད་ལྟ་དུས་ཚོད་ཕྱི་མ་དྲགས་གོང་རྒྱ་གཞུང་གི་དཔོན་རིགས་རྣམས་ནས་ནུས་ལྡན་ཐབས་བྱུས་སྒོ་ནས་འགོ་ཁྲིད་ཡང་དག་པའི་ལས་སྣ་ཞིག་སྤེལ་རྒྱུའི་ཉེན་བརྡ་ཡང་བཏང་འདུག་པ་བཅས།།

བོད་གཞུང་དྲ་བ། གསར་འགྱུར་ཡོང་ཁུངས།

གསར་འགྱུར།

Post navigation

Previous Post: བོད་ཀྱི་ཤ་རུས་འཐོར་བཞིན་པའི་སྒང་ཡིན།
Next Post: དྲ་མཆན་པ་ཁ་ཤས་ལ་སྤྲིངས་པ།

Comments (8) on “རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་གྲགས་འདུག”

  1. ཚེ་བསམ་ says:
    2012-01-30 at 11:04 am

    གང་དུ་བཙན་གནོན་ཡོད་ན་དེར་མི་དམང་ནས་ངོ་འགོལ་ཡོད་།
    མེ་མདའི་ཁ་འོག་ནས་སྤྱི་ཚོགས་གཏན་ལྷིང་ཡོང་མེ་ཐུབས་པ་ནི་ཆོས་ཉིད་ཡིན།

  2. ལྷོ་མཐའི་ཕོ་ཉ says:
    2012-01-30 at 1:17 pm

    ད་རེས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་གྲགས་པ་དེ་ཡག་པོ་རེད། ཡིན་ན་ཡང་གནས་ཚུལ་རྒྱུས་ལོན་ཐོག་ངེས་པར་དུ་བོད་ནང་བསྐྱོད་དགོས་པ་དེ་གལ་ཆེན་པོ་རེད། ཁ་བཤད་ཆུ་ཡི་ཝུ་བ།།ལག་ལེན་གསེར་གྱི་ཐིག་པ།།ཞེས་པ་བཞིན་བྱེད་རྒྱུ་གལ་ཆེ།

  3. གསང་གྲོལ། says:
    2012-01-30 at 3:56 pm

    ད་ཁ་མ་གྲགས་ན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དེ་ཚོའི་མིག་ཞར་སོང་ནི་རེད། རྣ་འོན་སོང་ནི་རེད། ཁ་གྲགས་པ་ཙམ་གྱིས་ག་ལ་ཕན་ལག་ལེན་ལ་ཅིག་ལེན་རོགས་ཞུ་བ་ཡིན།

  4. ལྷག་པ་ཚེ་རིང་། says:
    2012-01-30 at 4:24 pm

    ད་གྲགས་ཀྱང་ཆོག་ལ་མ་གྲགས་ཀྱང་ཆོག སྤྱིར་རང་ཉིད་ཧྲ་ཏག་ཏག་ཅིག་སྐྲ་སེར་སྤྲེའུའི་རིགས་འདི་ཚོར་ཡིད་རྟོན་རེ་བཅོལ་ཞིག་མེད་ཐག་ཆོད་རེད། བོད་ཀྱི་ལས་འདི་དེང་སང་ཅི་འདྲའི་ངན་པ་ལ། ཨྱོན་པདྨ་འབྱུང་གནས་མཁྱེན།

  5. སོག་མདའ་བཅུ་ says:
    2012-01-30 at 8:45 pm

    རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་ལ་གཙོ་བོ་བོད་པ་རང་ཉིད་ལ་ཐུག་ཡོད

  6. སྟག་སྨྱོན། says:
    2012-01-30 at 9:36 pm

    ད་ནི་ང་ཚོས་ཚེ་སྲོག་བློས་གཏོང་ཚད་རེད། ཕ་ས་མ་ལོན་གྱང་དགྲ་ཤ་ལེན་ཐག་ཆོད་དགོས་ཀྱི་འདུག བཙན་པོའི་གདུང་རྒྱུད་ཞེས་མི་ནི་དེ་འདྲ་དཔའ་ཞུམ་ཆོག་ཆོག་ཅིག་མ་ཡིན་ཞིང་། མ་ཟད་ད་དུང་རྒྱ་ནག་གི་འོག་ན་མནར་གཅོད་མྱོང་བཞིན་པའི་སོག་པོ་དང་། ཤིན་ཅང་མི་རིགས་ཀྱང་ལོ་རྒྱུས་ལྡན་པའི་མི་རིགས་བཙན་པོ་གཉིས་ཀྱི་རྒྱུད་ཡིན་པས། མི་རིགས་འདི་གསུམ་ཀས་དཔུང་པ་མཉམ་གཤིབ་ཀྱིས་རྒྱ་ནག་ལ་དགྲ་ཤ་ལེན་རྒྱུར་སེམས་ཐག་གཅོད་རྒྱུ་དགོས་ཀྱི་འདུག རྒྱ་དམག་གིས་ཚུར་ག་ཚོད་བསད་པ་རེ་རེའི་རོ་སྐྱིན་ལེན་དགོས་ཀྱི་འདུག དེ་ཡང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ན་སྐྱིད་ཉལ་བརྒྱག་མཁན་གྱི་རྒྱ་མིའི་་སློབ་གྲྭ་དང་ཁ་ཟང་དང་ཚོང་ཁང་། སྒེར་ཁྱིམ་མཐོང་ཚད་ལ་མེ་བརྒྱག་པའམ། གྲི་བརྒྱག་པ། དུག་འདེབས་པ་སོགས་མཚོན་ཆ་འབྱོར་ཚད་སྤྱད་ནས་རྒོལ་བརྡུང་བྱེད་ཐུབ་དགོས་ཀྱི་འདུག

  7. སྟག་སྨྱོན། says:
    2012-01-30 at 10:56 pm

    རྒྱ་ནག་གིས་ཞིན་ཅང་དང་སོག་པོ། བོད་བཅས་ལ་དྲག་གནོད་བྱེད་བཞིན་པ་ནི། གྲངས་ཉུང་མི་རིགས་དེ་དག་ལ་ཐུབ་ཚོད་བཏང་བ་གཅིག་བུ་མ་ཡིན་པར། རྒྱ་མི་དང་གྲངས་ཉུང་མི་རིགས་ཀྱི་བར་འགལ་ཟླ་བཟོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཏུ་འཚོ་སྡོད་བྱེད་པའི་རྒྱ་རིགས་མི་མང་གི་བདེ་འཇགས་ལ་བསམ་བློ་མ་བཏང་བ་རེད། གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཏུ་འཚོ་གནས་བྱེད་པའི་རྒྱ་རིགས་མི་མང་གི་བདེ་འཇགས་ལ་ཉེན་ཁ་བཟོས་པ་ཞིག་ཀྱང་རེད། ས་ཁུལ་འདི་དག་ཏུ་རྒྱ་རིགས་སྤྱི་སྒེར་སུ་འདྲ་ཞིག་ལ་ཆགས་སྒོ་བྱུང་བ་ཡིན་ན་དེའི་བྱེད་གཏེ་རྒྱ་དམར་གཞུང་ཡིན་པ་རེད། རྒྱ་ནག་གཞུང་གིས་རྒྱ་མི་རིགས་ལ་དགྲ་མང་པོ་བཟོ་ཡོད་པ་རེད། རྒྱ་མི་རིགས་ལ་གྲངས་ཉུང་མི་རིགས་ཁག་གི་ས་ཐོག་ཏུ་ལུས་སེམས་བག་ཕེབས་ངང་མི་འཚེ་བསྐྱེལ་རྒྱུའི་མདུན་ལམ་མེད་པ་བཟོ་གི་ཡོད་པ་རེད། ནད་དོན་འདི་རྒྱ་རིགས་མི་མང་ལ་ཤེས་སུ་འཇུག་རྒྱུ་བོད་གཞུང་མིང་ཁུར་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཁུར་དགོས་རེད།

  8. མགོན་པོ་ཕྱག་གཉིས་པ། says:
    2012-01-31 at 12:20 am

    ཨ་པ་གུང་རྒྱ་ཚང་གིས་སོག་པོ་དང་ཞིན་ཅང་། བོད་གསུམ་ལ་དྲག་གནོན་བྱས་པ་ཙམ་མིན་པར་ད་རུང་ཆེན་པོ་རྒྱ་ཡི་མི་རིགས་ཞེས་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གཞུང་ཕུན་སུམ་ཚོགས་པའི་མི་རིགས་འདིའི་མཚན་སྙན་གྲགས་ཀྱང་རྒྱ་གུང་ཁྲན་གྱིས་མར་ཐང་ལ་ཟགས་བཅུག་ཅིང་གནའ་སྔ་མོ་ནས་ཡོད་པའི་རིག་གཞུང་ཕྱུག་པོ་དེ་ཁ་ཆག་སྣ་རལ་དུ་བཟོས་པ། ཡ་རབས་ལུགས་བཟང་གི་གོམས་སྤྱོད་དག་གད་སྙིགས་ནང་གཡུགས་ཚར་ཡོད་པ། ནང་འཁྲུག་སྐྱི་གཡའ་བ་ཞིག་གི་མགོ་བཙུགས་ཏེ་ཉེས་མེད་ཀྱི་རྒྱ་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་སོགས་གནམ་སར་མི་ཤོང་བའི་ནག་ཉེས་འདི་དག་གི་འགན་ཡང་ཁོ་པ་ཚོར་མི་འཁྲིའམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme