Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་མིག་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང།

Posted on 2011-06-16 By ཁ་བརྡ་ No Comments on རྒྱལ་སྤྱིའི་མིག་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང།

སེར་ཤུལ་རིན་ཆེན་དོན་གྲུབ། ལྷོ་ཕྱོགས།

དོན་དམ་པའི་བསམ་གཞིག་གི་སྒོ་གླེགས་ཕྱེས་ཤིང་གངས་ཅན་པའི་འདས་མ་ད་གསུམ་ གྱི་ཕྱོགས་ལ་སེམས་ཁུར་དངོས་མ་རེ་བྱེད་སྐབས། གངས་ཅན་པའི་ཁྱད་ནོར་ཏེ་ནང་ བསྟན་རིག་པའི་གཞུང་ལུགས་དང་དེས་བསྐྱེད་པའི་བྱམས་སྙིང་རྗེའི་རོ་བཅུད་འཛིན་པའི་ ཀུན་སྤྱོད་བཟང་པོ་དག དེ་དག་ལ་ཉམས་ལེན་གྱིས་འཛམ་གླིང་དུ་གྲགས་པ་འབར་བའི་ཕུལ་བྱུང་གི་དབུ་འཁྲིད་དག་ལས་ང་ཚོར་ངོམ་ཆོག་ཆོག་གི་ནོར་བུ་གཞན་ཞིག་མེད་པ་འདྲ། དེས་ན་འདི་དག་ལ་གཅེས་སྤྲས་བྱེད་དགོས་པ་དང་རྒྱལ་སྤྱིའི་མིག་ནང་དུ་འདི་དག་གི་གཟི་བརྗིད་ཀྱི་འོད་མདངས་འཕྲོ་རུ་བཅུག་དགོས་པ་ནི་གངས་ཅན་པར་མཚོན་ན་རྒྱལ་གཅེས་ཀྱི་ལས་འགུལ་དང་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དང་འདྲ་བར་གལ་ འགངས་ཆེ་བའི་མིག་མདུན་གྱི་བསྒྲུབ་བྱ་ཉག་གཅིག་ཏུ་འཁུམས། ངས་འདི་ལྟར་བཤད་པ་ ལ་རྒྱབ་ལྗོངས་དང་རྒྱུ་མཚན་མེད་པ་མིན་ཏེ་མི་རིགས་དང་རྒྱལ་ཁབ་གང་ཡིན་ཡང་རང་ ཉིད་ཀྱི་མངོན་འདོད་བསྒྲུབ་པ་ལ་གཞོལ་སྐབས་རང་ཉིད་ལ་གང་ན་ངོམ་ཆོག་པ་དང་གཞན་གྱིས་ཆེ་མཐོང་ཐོབ་པའི་ཕྱོགས་དེ་རྒྱལ་སྤྱིའི་ཐོག་མངོན་གསལ་དོད་པོས་སྟོན་ཐབས་བྱས་ཤིང་ཆེ་མཐོང་དེ་བརྒྱུད་ནས་རང་ཉིད་ཀྱི་ལས་འགུལ་ལ་ངར་ཤུགས་དང་ནུས་པ་འཐོབ་ བཞིན་ཡོད། སྤྱི་འགྲོས་འདིས་ང་ཚོ་ལ་དྲན་སྐུལ་བྱེད་འོང་པ་ནི་གོང་དུ་བཤད་པའི་ གངས་ཅན་པའི་ཁྱད་ནོར་དག་ཡིན། ང་ཚོར་ད་དུང་ལོ་རྒྱུས་དང་བདེན་པ་སོགས་ཕྱོགས་ངོས་ མང་པོ་ཞིག་བགྲང་དུ་ཡོད་ཀྱང་འཛམ་གླིང་ཐོག་རྒྱལ་སྤྱིའི་མིག་ནང་གི་འོད་ཐིག་ཏུ་འགྱུར་ བཞིན་པ་ནི་ངས་བསམ་ན་གོང་དུ་སྨྲས་པའི་ཁྱད་ནོར་གཙོ་བོ་དག་ཡིན། ང་ཚོས་ཁྱད་ནོར་ འདི་དག་རྒྱལ་སྤྱིའི་མིག་ནང་གི་འོད་ཐིག་ནས་འཛམ་གླིང་གི་མིག་ནང་གི་ཉི་མར་བསྒྱུར་ དགོས་ཤིང་ཁྱད་ནོར་འདི་དག་ལ་འཛམ་གླིང་ཉི་མར་འབོད་པའི་དུས་ཚིགས་དེ་ནི་གངས་ ཅན་པའི་རེ་བའི་སྲོག་དབུགས་ལྡིང་ཞིང་ཐར་བའི་སྒོ་ཐེམ་འཛེག་པའི་རྫོགས་ལྡན་གྱི་བསྐལ་ བ་ཡིན་ངེས། དེས་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བཏགས་པའི་གདན་ས་གྲྭ་ ཚང་ཁག་རྒྱལ་སྤྱིའི་མིག་ནང་དུ་ཡོད་མེད་དང་། སློབ་གཉེར་ཁང་འདི་དག་གིས་གནང་བའི་ དབུ་ཕར་འབྱམས་པ་དང་དགེ་བཤེས་ལྷ་རམས་པའི་ལག་ཁྱེར་རྣམས་རྒྱལ་སྤྱིའི་མིག་ནང་དུ་ཡོད་མེད། རྒྱལ་སྤྱིའི་མིག་ནང་དུ་འདི་དག་ལ་འོད་སྣང་ཡོད་མེད་ནི་རྒྱལ་སྤྱིའི་ཐོག་བོད་ གངས་ཅན་པ་མདུན་སྙེག་ཐུབ་མིན་དང་བོད་ཀྱི་ཡང་དག་པའི་རིག་གཞུང་གིས་རྒྱ་སྤྱིའི་ཐོག་ནུས་པ་ཐོན་མིན་གྱི་ཚད་ཤིང་ལྟ་བུར་གྱུར་ཡོད། གལ་སྲིད་ལག་ཁྱེར་འདི་དག་ལ་རྒྱ་སྤྱིའི་ཐོག་ངོས་ལེན་ཚད་ལྡན་ཞིག་ཐོབ་ཡོད་ན། ལག་ཁྱེར་འདི་དག་ཆེས་མཐོའི་སློབ་གྲྭ་ཆེན་མོ་ཞིག་གི་ཚད་ལྡན་སློབ་མའི་དཔང་འཛིན་ཡིན་ན། རྒྱལ་སྤྱིའི་ཤེས་ལྡན་པའི་གར་སྟེགས་ན་བོད་ཀྱི་བླ་མ་དང་དགེ་བཤེས་ག་ཚད་ཅིག་གི་གཟུགས་རིས་མངོན་ཡོད་དམ། གཙུག་ལག་སློབ་གཉེར་ཁང་འདི་དག་རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་གཞན་དག་དང་འདྲ་བར་རྒྱལ་སྤྱིའི་ཐུན་མོང་གི་ཤེས་ཡོན་བསླབ་ས་དང་ཚད་འཛིན་གྱི་ངོས་ལེན་ཡོད་པའི་སློབ་གཉེར་ཁང་ཞིག་ཡིན་ན། ཡང་དག་པའི་རིག་གཞུང་གི་ཆེད་ལས་པ་སྟེ་རིན་བྲལ་ནང་བསྟན་རིག་པའི་ཚད་ལྡན་སློབ་མ་ཚོར་རྒྱལ་སྤྱིའི་ ཐོག་འདི་ལས་ལྷག་པའི་འདེང་འཇོག་དང་ཆེ་མཐོང་ཐོབ་ཡོད་པ་སྨྲོས་མ་དགོས། དེས་ན་ང་ཚོས་གཙུག་ལག་སློབ་གཉེར་ཁང་འདི་དག་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོད་པའི་མཐོ་སློབ་ཚད་ལྡན་ཞིག་གི་ངོ་བོར་སྒྱུར་ཐུབ་བྱེད་པའི་ལས་བྱ་འདི་ངེས་པར་དུ་གལ་ཆེན་དུ་བརྩི་དགོས། ད་ལྟའི་བར་འདིའི་ཐོག་ལ་སེམས་ཤུགས་དང་སྤོབས་པས་མདུན་སྐྱོད་བྱེད་མཁན་ཞིག་མ་བྱུང་བ་མ་ཟད་དབུ་ཕར་རབས་འབྱམས་པའི་ལག་ཁྱེར་དག་ཀྱང་དོན་དམ་གྱི་ཤེས་ཡོན་ལ་མི་བལྟ་བར་འཛིན་གྲྭར་མ་ཆད་པ་ཙམ་ལ་སྤྲོད་རྐྱང་གིས་རྒྱལ་སྤྱིའི་ཚད་ལྡན་སློབ་གྲྭ་གང་དང་ཡང་མི་མཐུན་ཞིང་དམིགས་བསལ་གྱི་དགེ་ཕན་ཅི་ཡང་མེད་པའི་ལས་བྱར་ཞུགས་པས་ཉེར་ལེན་ལས་གདམ་སའི་སློབ་གཉེར་བ་ཚོའི་ཆེ་མཐོང་ཆུང་དུ་གཏོང་བཞིན་ཡོད། གལ་སྲིད་ང་ཚོ་ལ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་དགོས་ན། གལ་སྲིད་ང་ཚོའི་རིག་གཞུང་ལ་རྒྱལ་སྤྱིའི་ཆེ་མཐོང་མུ་མཐུད་ནས་གནས་དགོས་ན། གལ་སྲིད་གདན་ས་ཁག་རྒྱལ་སྤྱིའི་ཐོག་འདེང་འཇོག་ཡོད་པའི་གཙུག་ལག་སློབ་གྲྭ་ཞིག་གི་ངོ་བོར་རྒྱུན་རིང་གནས་དགོས་ན། ང་ཚོས་ངེས་པར་དུ་གདན་ས་ཁག་རྒྱལ་སྤྱིའི་ཚད་འཛིན་ཅན་གྱི་གཙུག་ལག་ཁང་ཞིག་ཏུ་སྒྱུར་ཐབས་བྱེད་དགོས། བསྟན་པ་ལ་ཤ་ཚ་ཞིང་གངས་ཅན་ལ་བློ་དཀར་བའི་ཤེས་ལྡན་པ་དང་བསམ་ཡོད་འཇོན་ཐང་ཅན་ གང་ན་སུ་ཡོད་པ་ཚོས་འདི་ལ་བསམ་གཞིག་དང་འབད་བརྩོན་བྱེད་རན་པ་མ་ཚད་ཕྱིས་ཀྱང་ཚར་འདུག འདི་ནི་རྒྱུ་མཚན་ལྡན་པ་དང་ཕུགས་རྒྱང་རིང་པོའི་བསམ་ཞིབ་ཀྱི་གྲུབ་དོན་ཡིན་པས་ངེས་པར་དུ་དོ་སྣང་བྱེད་འོས། ༢༠༡༡/༤/༢༠ལ/ལ་བྲིས།

སྣ་ཚོགས།

Post navigation

Previous Post: རྡ་སའི་ཟིན་བྲིས་ཤིག།
Next Post: སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme