Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་ཚོགས་པའི་གནས་བསྡུས།

Posted on 2012-12-122012-12-12 By ཁ་བརྡ་ 41 Comments on རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་ཚོགས་པའི་གནས་བསྡུས།

ཕྱི་ ལོ་༢༠༡༢ཟླ་༡༢ཚེས་༡༠དང་༡༡ཏེ་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་བོན་གྱི་རིག་གཞུང་ བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་བལ་ཡུལ་བོན་དགོན་༧དཔལ་ལྡན་ཁྲི་བརྟན་ནོར་ བུའི་རྩེར་འཚོགས་ཡོད་པའི་གནས་བསྡུས། དེ་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་ རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་ནས་རྒྱལ་ཕྱི་ནང་ཀུན་ནས་ཆེད་དུ་ཕེབས་པའི་ མཁས་དབང་དང་ཞིབ་འཇུག་པ་གྲགས་ཅན་མང་པོ་གདན་ཞུ་ཞུས་ཡོད་པ་ལྟར། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧྥ་རན་སི་རྒྱལ་ཁབ་ ཚན་རིག་ཁང་གི་ཞིབ་འཇུག་པ་བོད་རིག་པའི་མཁས་དབང་ཆེན་མོ་སྐུ་ཞབས་མཁར་རྨེའུ་ བསམ་གཏན་རྒྱལ་མཚན་Samten Karmayལགས་དང་། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོགས་པ་དབྱིན་ཇིའི་ཨག་ སི་ཧྥོར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བོད་རིག་པའི་མཁས་དབང་སྐུ་ཞབས་ཆལ་ སི་རམ་བྷོ་Charles Ramble(གཡུང་དྲུང་ཚེ་དབང་།)ལགས་དང་། ཉི་ཧོང་གི་བོད་རིག་པའི་མཁས་དབང་ན་ག་ནོ་Yasuhiko Naganoལགས་དང་། གཞན་ཡང་བོད་རིག་པའི་མཁས་དབང་རི་གར་དྲོ་Ricardo Canzioལགས་དང་། བོད་ རིག་པའི་མཁས་པ་Françoise Pommaretལགས་དང་། བོད་རིག་པའི་མཁས་པ་མར་རི་ཏ་Marietta Kindལགས་དང་། བོད་རིག་པའི་མཁས་པ་John Myrdhin Reynoldsལགས་དང་། ཁྲི་བརྟན་ནོར་རྩེའི་དགེ་བཤེས་མཁས་དབང་དྲང་སྲོང་རྣམ་རྒྱལ་བཅས་ཀྱིས་ཉིན་གཉིས་ ཀྱི་རིང་ལ་བོན་གྱི་སྐོར་ལ་བགྲོ་གླེང་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བགྲོ་གླེང་ཚོགས་ཐོག་ལ་རྒྱལ་ཕྱི་ནང་ཁག་གི་འཐུས་ཚབ་སྟེ།  ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྱིའི་འཐུས་ཚབ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། སྨན་རིའི་གྲྭ་ཚང་གི་གཉེར་པ། སྨན་རིའི་དཔེ་མཛོད་ལས་བྱེད། བཙུན་དགོན་རད་ཎ་སྨན་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་སྐུ་ཚབ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འཐུས་ཚབ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས། བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང་།  འཕགས་ཡུལ་སྨན་རི་དང་བལ་པོའི་ཁྲི་བརྟན་ནོར་རྩེའི་དགེ་བཤེས་དང་སློབ་གཉེར་བ་ ཁག་གཅིག དེ་བཞིན་ཧྥ་རན་སི་བོན་ཚོགས་ཀྱི་ཚོགས་གཙོ་དང་། ལིག་མིན་རྐྱ་བོན་ཚོགས་ཀྱི་སྐུ་ཚབ། འོམ་མོ་གླིང་བོན་ཚོགས་ཀྱི་བླ་མ། དེར་མཚུངས་ཨ་རི་དང་། ཡོ་རོབ། ཉི་ཧོང་། རྒྱ་དཀར་ནག་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་སློབ་གཉེར་ བ་སྟོང་ཕྲག་ལྷག་འདུ་འཛོམས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།

བོད་རིག་པའི་མཁས་དབང་Marietta Kindལགས་དང་ཉི་ཧོང་གི་བོད་རིག་པའི་མཁས་དབང་Yasuhiko Naganoགཉིས་གསུང་བཤད་གནང་བ།

བོད་རིག་པའི་མཁས་དབང་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་དང་བོད་རིག་པའི་མཁས་དབང་Françoise Pommaretགཉིས་གསུང་བཤད་གནང་བ།

བོད་རིག་པའི་མཁས་དབང་Ricardo Canzioལགས་དང་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་Samten Karmayལགས་གཉིས་ནས་གསུང་བཤད་གནང་བ།

 

བོད་རིག་པའི་མཁས་དབང་Charles Rambleལགས་དང་བོད་རིག་པའི་མཁས་པ་John Myrdhin Reynoldsལགས་གཉིས་ནས་གསུང་བཤད་གནང་བ།

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པར་ཆེད་ཕེབས་ཀྱི་མཁས་དབང་དང་དགེ་བཤེས་བླ་སྤྲུལ་རྣམས།

པར་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཡིན།

གནས་ཚུལ་མཁོ་སྤྲོད་པ་ཁྲི་གཡུང་དྲུང་།

གསར་འགྱུར།

Post navigation

Previous Post: ཝཱར་ཎའི་ལས་འགུལ་དང་འབྲེལ་བའི་དཔྱད་གཏམ། ཨ་རིག་དགེ་མཐོང་།
Next Post: གདུག་རྩུབ་དམ་དྲག་འོག་གི་རེབ་གོང་དང་བཅུ་པའི་ལྔ་མཆོད།

Comments (41) on “རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་ཚོགས་པའི་གནས་བསྡུས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-12 at 4:25 am

    བོན་ཞེས་པ་བདག་བྱིས་པའི་སྐབས་སུ་ནང་རིག་པ་མེད་པ་ཞིག་སེམས་ལ་ཤར་ཡང་། ད་ལྟ་དུས་གྲྭ་པ་དགེ་སློང་གི་དགེ་འདུན་ཡོད་པ། སངས་རྒྱས་པ་དང་ཁྱད་མེད་པ་ཞིག་ཏུ་མཇལ། བོན་བན་རིག་གཞུང་ཕན་ཚུན་གྲོགས་སུ་གྱུར་ཏེ། བོད་ལྗོངས་རིག་གཞུང་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །

  2. ཤར་ཕྱོགས་ཁུག་རྟ། says:
    2012-12-12 at 5:25 am

    རྟེན་འབྲེལ་ཞུ།

  3. ཏི་སི། says:
    2012-12-12 at 8:07 am

    དེང་སང་བོན་གྱི་བསྟན་པ་འངི་ནི་ ནང་ཆོས་ཀྱི་དོན་དང་འདྲ་བ་ཞིག་རེད། ལྟ་བ་ཡང་སྤྲོས་བྲལ་བསྟན་པ། སྒོམ་པ་ཞི་ལྷག་དག་ལྡན་པ། སྤྱོད་པ་འཚེ་མེད་ངང་ལ་གནས་པ་ཞིག་གོ། ཕྱི་འདུལ་སྤྱོད་དང་། ནང་བྱང་སེམས་དང་། གསང་བ་བསྐྱེད་རྫོགས་ལ་གནས་པ་ཞིག་ཡོད་འདུག་།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-12-12 at 9:26 am

    བན་བོན་གཉིས་ཀའི་ཕྱོགས་ནས་དག་སྣང་འོ་ཆུ་འདྲེས་པ་ལྟར་འོང་བའི་སྨོན་འདུན་ཡོད་ལགས།

  5. བསྟན་འཛིན། says:
    2012-12-12 at 11:03 am

    བོན་བན་གཉིས་ཀྱིས་ཕར་རྐུས་ཚུར་རྐུ་བྱས་ནས་དེང་སང་བོན་བན་གཉིས་ཀྱི་བར་གོས་ཀྱི་མཚོན་མདོགས་དང་བོན་དང་ཆོས་ཞིག་མིང་ཙམ་ལས་ལྟར་སྒོམས་སྤྱོད་གསུམ་ལ་མི་འདྲ་བའི་ཁྱད་པར་དེ་ཙམ་མི་འདུག་གོ།

  6. གངས་ལྗོངས་རྒྱལ་སྲས says:
    2012-12-12 at 12:28 pm

    ལ་དྭགས་བློ་འཇམ་དང་ཏི་སི་སོགས་ཀྱི་གསུངས་པ་ལ་གོ་རྒྱུ་འདུག་གོ་་་་་་་་་ང་ཚོ་བོད་ཀྱི་ལོ་རྒྱུས་དེ་བོན་གྱི་ལོ་རྒྱུས་དང་འབྲེལ་བར་རྟེན་གངས་ཕྲུག་བོད་མི་ཚོའི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་དགོས་པ་བོད་མིའི་ལས་འགན་རེད་བསམ།

  7. BONPO says:
    2012-12-12 at 5:53 pm

    རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་འཚོགས་པའི་གནས་བསྡུས། འདིར་ཁ་བརྡ་དྲྭ་ཐོག་ཏུ་མཇལ་བར་སེམས་ཚོར་ཆེན་པོས་ངང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་ང་ཚོའི་ཡར་རྒྱས་ལ་མཐའ་མེད་པས་ལོ་རྗེས་མར་འདི་ལས་ཀྱང་འཐུས་ཆེ་ཙམ་ཚོགས་ཐུབ་པའི་གདེང་སྤོབས་ཁྱེར་ཐུབ་དགོས། གངས་རྒྱུད་བོན་འབྲེལ་མི་རིགས་་ལ་དྭགས་་་གར་ཤ་་་ཁུ་ནུ་་་པི་ཏི་་་འབྲས་ལྗོངས་་་་མོན་པ་་་་འབྲུག་པ་་་་སོག་པོ་་་རྟ་མངས་་་གུ་རུང་་་རྨང་མགར་་་ཐག་ཀ་ལི་་་་ལེབ་ཅ་་་རཱ་ཡེ་་་་ལིམ་བུ་་་་རྒྱ་ནག་གི་ལྡོང་པ་་་་སོགས་བོན་དང་འབྲེལ་བའི་གདོད་མའི་མི་རིགས་ཡོད་དོ་ཅོག་ལ་བོན་གྱི་ཚོགས་བརྡ་འདི་ངེས་པར་དུ་འཕྲོད་ཐུབ་དགོས་པར་སེམས། འདི་ལྟ་བུའི་བོན་གྱི་ཚོགས་འདུ་འཐུས་ཚང་ཞིག་འཚོགས་ཐུབ་ན་དོན་གྱི་གཟི་བརྗིད་ཆེ་བ་དང་ལོ་རྒྱུས་ཀྱི་བདེན་དཔང་ཚན་རིག་དང་མཐུན་པ་ཞིག་འཇོག་ཐུབ་པར་སྙམས། །

  8. སྟག་དམར་བ says:
    2012-12-12 at 7:53 pm

    ད་ལན་བོན་པོ་ཚང་གི་འཇོན་འདུག འཛམ་གླིང་གི་མཁས་དབང་གྲགས་ཅན་ཤ་སྟག་གདན་ཞུས་འདུག གཟི་བརྗིད་འདུག

  9. BONPO says:
    2012-12-12 at 8:06 pm

    དྲྭ་གྲོགས་ཚོ་ 12-12-12 ཉིན་དགོང་མོ་ཆུ་ཚོད་ 9.30 ལ་མི་ཚང་མས་ངེས་པར་དུ་སྒོམ་རྒྱག་དགོས་པའི་འབོད་སྐུལ་གློག་བརྙན་ཞིག་འདིར་འདུག་གཟིགས་པར་འཚལ་ལོ། ཅིས་ཀྱང་སྒོམ་ལ་བརྩོན་པར་བྱའོ། བོན་པོ་དང་བན་དེ་གཉིས་ཀ་བཏང་སྙོམས་ཀྱི་ངང་ལ་གནས་པར་བྱའོ། ཅིས་ཀྱང་གནས་པར་བྱའོ། ཡང་དག་པར་གནས་པར་བྱའོ། བོན་པོ་དང་བན་དེ་གཉིས་སུ་མི་དམིགས་པའི་ཏིང་ངེ་འཛིན་གྱི་ངང་ལ་གནས་པར་བྱའོ། བཀྲ་ཤིས་དགེའོ།
    http://www.youtube.com/watch?v=3boqddWaF1g

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-13 at 12:32 am

    BONPO La, བོན་གྱི་བཀའ་བརྟེན་འགྱུར་གྱི་གཞུང་གཞན་ཡང་བོན་གྱི་ཚད་ལྡན་དཔེ་ཆ་དག་ན། དུས་ཀྱི་དགོང་ལ་དགོངས་ཞེས་པ་ཁྱེད་ཀྱིས་གཟིགས་སམ་མ་གཟིགས་ཞེས་དྲི་བ་ལགས་སོ།

  11. མེ་ཏོག་དཀར་པོ says:
    2012-12-13 at 1:38 am

    སྙིང་རྗེ་གངས་རྒྱུད་མི་རིགས་་ལ་དྭགས་་་གར་ཤ་་་ཁུ་ནུ་་་པི་ཏི་་་འབྲས་ལྗོངས་་་་མོན་པ་་་་འབྲུག་པ་་་་སོག་པོ་་་རྟ་མངས་་་གུ་རུང་་་རྨང་མགར་་་ཐག་ཀ་ལི་་་་ལེབ་ཅ་་་རཱ་ཡེ་་་་ལིམ་བུ་་་་རྒྱ་ནག་གི་ལྡོང་པ་་་་སོགས་བོན་པོས་ཕར་འཐེན། ནང་པས་ཚུར་འཐེན། ཨེ་ཤུས་མར་འཐེན། ཧིན་དུས་ཡར་འཐེན། མི་རིགས་འདི་ཚོ་རྩེད་མོ་རྩེད་སྤྱད་ཨེ་རེད།
    མི་རིགས་ལ་ཆོས་ཀྱི་ཚོན་བྱུགས་པ་འདི་བལྟས་ངན་རེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 1:51 am

    Global UNITY Moment – Let’s Make History!

  13. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 4:02 am

    Global UNITY Moment – Let’s Make History! ཅིག་གིས་འདི་བོད་སྐད་སྒྱུར་རོགས་གནོངས།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 4:17 am

    Global UNITY Moment – Let’s Make History!
    གོ་ལ་གཅིག་སྒྲིལ་གྱི་དུས་ཡུན་གྱི་རྒྱལ་རབས་ཅིག་གསར་གཏོད་གྱིས་དང་། ཞེས་བསྒྱུར་ན་འགྲིག་གམ།

  15. མྱི་དཀར་ says:
    2012-12-13 at 7:25 am

    བོད་རིག་པའི་མཁས་དབང་ཆེན་མོ་མང་པོ་ཕེབས་ཏེ་བོད་ཀྱི་རིག་གཞུང་སྐོར་ལ་བགྲོ་གླེང་དང་གསུང་བཤད་གནང་བར་དགའ་བསུ་ཞུ།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 12:08 pm

    ཡི་མགོ་དང་ཚེག་རིང་བར་གྱི་ཚེག་གཅིག་ཐོལ་མི་འདུག་གམ། ལགས།

  17. BONPO says:
    2012-12-13 at 12:38 pm

    ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
    དུས་ཀྱི་དགོང་མོ་དང་ཐུགས་ཀྱི་དགོངས་པ་གཉིས་པ་ལ་དག་ཆ་གཅིག་པ་བྲིས་ན་སྟབས་བདེ་མིན་གྱིས་རྐྱེན་པས་དུས་ཀྱི་དགོང་མོ་ལ་ས་ཡང་འཇུག་མེད་ནས་བྲིས་པར་སེམས། གཞན་བཀའ་དང་བཀའ་བརྟེན་སོགས་ཀྱི་ནང་དུ་ཡིན་ནའང་དག་ལ་གཅིག་ཚུངས་མ་ཡིན་པ་མང་པོ་ཡོད་པར་ངེས། དཔར་ཁུངས་དང་ལག་བྲིས་འདྲ་མིན་སྣ་ཚོགས་ནས་ཐོན་པའི་བཀའ་དང་བཀའ་བརྟེན་སྣ་ཚོགས་པ་ཞིག་ཡོད་པ་རེད། དེ་དག་ཚང་མའི་དག་ཆ་གཅིག་ཏུ་གཏན་འབེབས་ད་བར་བྱེད་ཐུབ་ཨ་ཡོད་ན།དེ་འདྲ་ཐུབ་ཡོད་ན་ཡག་པོ་རེད། ང་ཚོ་ཚང་མར་དགོས་པ་དེ་བྱུང་བ་རེད། བཀའ་དང་བསྟན་བཅོས་ཁུངས་ལྡན་དེ་ཚོའི་ནང་དུ་དུས་ཀྱི་དགོངས་མོ་ལ་ས་ཡང་འཇུག་བྲིས་པ་སྐུ་ཉིད་ཀྱིས་མཇལ་ཡོད་ན་འདིར་ཁུངས་འཕེར་བ་ཞིག་བཏོན་རོགས་གནང་། ཤེས་འདོད་ཡོད། བཀའ་དྲིན་ཆེ། །
    ཡང་ཁྱེད་ཀྱིས་དབྱིན་ཇི་ལ་ཨིན་ཇི་འབྲི་གནང་གི་འདུག་བ། དེ་ཏོག་ཙམ་བདེ་པོ་མེད་པ་ཞིག་མཐོང་གི་འདུག། ཨ་ཡིག་དེ་ང་ཚོ་བོད་པའི་ཆོས་ལུགས་ཀྱི་གསལ་བྱེད་གལ་ཆེན་ཞིག་རེད། མདོ་སྔགས་སེམས་གསུམ་ཚང་མའི་ནང་དུ་ལྷ་ཡི་ས་བོན་སོགས་ལ་ཨ་ཡིག་འདི་དམིགས་རྟེན་དུ་བཟུང་གི་ཡོད། དེར་མ་ཚད་བོད་སྐད་དུའང་ཨི་བི་རྨོ་རྨོ་དང་་ཨི་བཟང་མོ་་་ཨི་སྤེན་པ་་་ཨིན་ཆུང་་་སོགས་ཡོད་པ་རེད། ལ་དྭགས་སྐད་དུ་ཡིན་ནའང་་ཨི་ཙུག་བྱས་ན་རྒྱ་ལ་ཨི་བྱེ་་་་ཟེར་བ་དེ་འདྲ་ཡོད་པ་འདྲ་།དེ་འདྲ་ཡིན་དུས་ཨ་དང་ཨི་འདིས་བོད་སྐད་ནང་ཐུན་མིན་གྱི་གོ་སྐབས་ཤིག་བཟུང་ཡོད་དུས། དེ་ཕྱི་རྒྱལ་མགོ་སེར་གྱི་མིང་ལ་བཞག་ན་ག་འདྲ་ཡོང་ངམ། །

  18. BONPO says:
    2012-12-13 at 1:12 pm

    མེ་ཏོག་དཀར་པོ་ལགས།
    མི་རིགས་དེ་རྣམས་ཀྱི་ཕ་མེས་ཡང་མེས་རྣམས་བོན་པོའི་ཆོས་ལུགས་ཉམས་ལེན་གནང་མཁན་ཤ་སྟག་རེད། དཔེར་ན་ང་རང་ཚོ་བོད་པ་དང་གཅིག་པ་རེད། དེ་འདྲ་ཡིན་དུས་་ནང་པས་ཚུར་འཐེན། ཨེ་ཤུས་མར་འཐེན། ཧིན་དུས་ཡར་འཐེན་་བྱེད་པ་དང་རྩ་བ་ནས་འདྲ་བ་མ་རེད། གནམ་ས་གཉིས་ཀྱི་ཁྱད་པར་ཡོད་རེད་དོ།་ མི་རིགས་འདི་ཚོས་མ་ཤེས་པ་དང་མ་རྟོགས་པའམ་ཡང་ན་གཞན་དབང་དུ་ཤོར་བའི་གནས་ཚུལ་ཞིག་བྱུང་ཡོད་ས་རེད་བསམ་ནས་ཁོང་ཚོའི་ཕ་མེས་ཡང་མེས་ཀྱི་བོན་ལུགས་འདི། གཅེས་སྐྱོང་བྱེད་དགོས་པའི་ངོ་སྤྲོད་ལེགས་པར་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད། མུ་མཐུད་ནས་བོན་ལུགས་བྱེད་དང་མི་བྱེད་ཁོ་རང་ཚོས་འདོད་པ་རེད། མི་རིགས་འདི་ཚོའི་ནང་ནས་་་གུ་རུང་་་ཟེར་བའི་བལ་ཡུལ་གྱི་མི་རིགས་འདིས་ཁོ་་ཚོར་ངོ་སྤྲོད་གང་ཡང་བྱེད་མི་དགོས་པར་ཕ་མེས་ཡང་མེས་ཆོས་ལུགས་དེ་བོན་ལུགས་ཡིན་ཟེར་ནས་རང་ཤེས་ཀྱི་ཐོག་ནས་ལས་འགུལ་མང་པོ་སྤེལ་བཞིན་འདུག། བལ་སྐད་མཁྱེན་གྱི་ཡོད་ན་འདིར་གཟིགས་པར་འཚལ། དེ་ནས་ཁྱེད་ཀྱིས་བསྟས་བཟང་ངན་ག་རེ་འདུག་ཏོག་ཙམ་མཁྱེན་པའི་རེ་བ་ཡོད། །
    http://www.youtube.com/watch?v=LUJyCi-1zuc

  19. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 1:25 pm

    བོན་པོ་བཀྲུས་མ་དག་པ་འདི་འདུག་གོ ཡུ་ཊུབ་འདིར་གཟིགས་དང་།
    YANGARJUNG GURUNG A BONPO LAM JHAKRI SHAMAN IN TRANCE

  20. རྒད་པོ། says:
    2012-12-13 at 1:38 pm

    ཀ་རྡོ་ལགས།

    འདི་འདྲ་ལྟ་བུར་འགྱུར་ན་ཇི་འདྲ་རེད།

    Global UNITY Moment – Let’s Make History!
    གོ་ལ་ཆིག་སྒྲིལ་གྱི་སྐལ་བ། ལོ་རྒྱུས་གསར་པ་ཞིག་སྒོ་ཕྱེ།

  21. རྒད་པོ། says:
    2012-12-13 at 1:42 pm

    ཀ་རྡོ་ལགས།

    ཡང་ན།

    གོ་ལ་ཆིག་སྒྲིལ་གྱི་དུས་སྐབས། ལོ་རྒྱུས་གསར་པ་ཞིག་སྒོ་ཚུགས་ཤིག

  22. ཀརྡོ་གཉེར་ཕྱག་པ་ says:
    2012-12-13 at 3:54 pm

    རྒད་པོས་བསྒྱུར་གནང་བར་བཀའ་དྲིན་ཆེ།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-14 at 5:48 am

    བོན་པོ་ལེགས། བཀའ་བསྟན་འསུང་འབུམ་རྣམས་སུ་དུས་ཀྱི་དགོངས་དང་ཐུགས་ཀྱི་དགོངས་གཉིས་ཀར་རྙོག་དྲ་མེད་པར་གཉིས་ཀ་ལ་ས་ཡང་འཇུག་བྲིས། གཞན་རིག་གཞུང་ན་གསལ་བ་ལྟ་ཅི། དེ་དག་གི་དག་ཆ་རང་རེ་ལ་ལྟ་བདེ་དང་་བཀོལ་སྤྱོད་དགོས་པའི་ཕྱིར་དུ། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་ན་དག་ན། རིམ་བཞིན། དགོངས་པ་དང་ནི་ཕྱི་དྲོའི་དགོངས། ཞེས་དང་། དགོངས་མོ་གཟོང་དགྲམ་མེ་ཏོག་དགྲམ། བོན་གཞུང་ཆེན་མོ་དག་ན་ཡང་དེ་ལྟར་ཡོད་པ་གདོན་མི་ཟ། ཁྱེད་ཀྱིས་མ་རྙེད་ན། མ་འོངས་པ་ན་བདག་རང་གིས་ཐོབ་པར་བྱེད་ངེས་སོ།། ད་ལྟ་དགོངས་ཟན་ལ་བོས་སོང་། འབྲི་ལོང་མེད། ཅེས་སོ།

  24. ཀརྡོ་གཉེར་ཕྱག་པ་ says:
    2012-12-14 at 8:57 am

    ཞོགས་ཟས།
    དགུང་ཟས།
    དགོངས་ཟས།
    ཡང་།
    ཞོགས་ལྟོ།
    ཉིན་ལྟོ།
    དགོངས་ལྟོ།
    ཡང་ན།
    ཞོགས་ཟན།
    དགུང་ཟན།
    དགོངས་ཟན།
    ང་ཚོ་བོད་ལ་སྤྱི་སྐད་གཅིག་མེད་ཙང་བོད་སྐད་ཉམས་རྒུད་འགྲོ་སྟངས་ཅིག་འདི་རེད་འདུག་པས་་་་་་་་

  25. ཀརྡོ་གཉེར་ཕྱག་པ་ says:
    2012-12-14 at 9:02 am

    ཡང་།
    ཞོགས་ཇ།
    ཉིན་དགུང་ཁ་ལག
    དགོངས་དྲོའི་ཁ་ལག
    ཡང་ན།
    ཞོགས་པའི་གསོལ་ཇ།
    ཉིན་དགུང་གསོལ་ཚིགས།
    དགོངས་དྲོའི་གསོལ་ཚིགས།

  26. ཀརྡོ་གཉེར་ཕྱག་པ་ says:
    2012-12-14 at 9:09 am

    ཞོགས་ཟས།
    དགུང་ཟས།
    དགོངས་ཟས།
    ཡང་།
    ཞོགས་ལྟོ།
    ཉིན་ལྟོ།
    དགོངས་ལྟོ།
    ཡང་ན།
    ཞོགས་ཟན།
    དགུང་ཟན།
    དགོངས་ཟན།
    ང་ཚོ་བོད་ལ་སྤྱི་སྐད་གཅིག་མེད་ཙང་བོད་སྐད་ཉམས་རྒུད་འགྲོ་སྟངས་ཅིག་འདི་རེད་འདུག་པས་་་་་་་་
    ཡང་།
    ཞོགས་ཇ།
    ཉིན་དགུང་ཁ་ལག
    དགོངས་དྲོའི་ཁ་ལག
    ཡང་ན།
    ཞོགས་པའི་གསོལ་ཇ།
    ཉིན་དགུང་གསོལ་ཚིགས།
    དགོངས་དྲོའི་གསོལ་ཚིགས།
    གཟིགས་དང་མང་དྲགས་མི་འདུག་པས། ཤེས་རིག་ལས་ཁུངས་ནས་འགན་ཅིག་བཞེས་ཐུབ་པ་མེད་དམ། ལགས། བསམ་ཚུལ་གསུངས་རོགས་གནོངས་དང་།

  27. BONPO says:
    2012-12-14 at 12:11 pm

    ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
    དྲང་དོན་སྒྲོན་མ་མུན་སེལ་ལས། གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག། ཤད་པར་བཞི་ལ་ཤོ་ལོ་ཀ་གཅིག། ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག། མི་ཡི་དག་ཚིག་གསུམ་ལ་གཤེན་གྱི་མཁྱེན་ཚིག་གཅིག། གཤེན་གྱི་མཁྱེན་ཚིག་གསུམ་ལ་བོན་གྱི་སྡོམ་ཚིག་གཅིག། བོན་གྱི་སྡོམ་ཚིག་བདུན་ལ་བམ་པོ་གཅིག། བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ། བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ། ཞེས་གསུངས་འདུག་པས་འདིའི་ནང་གི་་་་་ཤོ་ལོ་ཀ་་་་་ཟེར་བ་འདི་བན་དེའི་ལུགས་ལྟར་བྱས་ན་བོད་སྐད་ཡིན་ནམ་ཡང་ན་གཞན་སུས་སྐད་ཡིན་པར་འདོད་དམ། །

  28. BONPO says:
    2012-12-14 at 12:29 pm

    ཕྱི་ལོ ༡༨༩༥ ལོར་སྐུ་འཁྱུངས་པའི་བོན་དང་བན་སྡེའི་རིག་གནས་ཡོངས་ལ་མཁྱེན་རྒྱ་ཆེ་བའི་བླ་མ་ཁྱུང་སྤུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་འམ། གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་ཞུ་བ་དེས་མཛད་པའི་་་་་གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་་་་ཞེས་པའི་ནང་དུ་་་དུས་ཀྱི་དགོང་མོ་ལ་ས་ཡང་འཇུག་མེད་པའི་་་་དགོང་་་རང་བྲིས་གནང་འདུག། ཡིན་ནའང་འདི་མཐའ་གཅིག་ཏུ་དག་པ་རེད་ཟེར་ཞུ་གི་མེད། ད་དུང་སེམས་ལ་ཉར་ནས་བཀའ་འགྱུར་ཀློག་འདོན་བྱེད་པའི་སྐབས་སུ་་་དགོང་མོ་་་ཟེར་བའི་ཚིག་འདི་གཅིག་ཐོན་བྱུང་ན་ལྕགས་ཀྱུས་ཉ་བཟུང་བ་ལྟར་འཛིན་ཐག་ཆོད་ཡིན། དེ་དུས་སྤྱན་འབུལ་ཞུ་ཆོག་པ་ཞུ། །

  29. BONPO says:
    2012-12-14 at 12:43 pm

    དེང་སང་བོད་པའི་གསར་འགོད་པ་ཡིན་ཟེར་མཁན་སྐྱ་རྐང་རྐང་འདི་ཚོས་་་་དམ་བསྒྲགས་་་་ཟེར་བ་དང་་་་་དམ་དྲག་་་་ཟེར་པའི་ཚིག་འབྲི་སྟངས་མི་འདྲ་བ་གཉིས་བཀོལ་སྤྱོད་བྱེད་བཞིན་འདུག་པས་འདི་གཉིས་ཀྱི་ནང་ནས་གང་དག་པ་ཡིན་ནམ།

  30. ལེགས་བཤད། says:
    2012-12-14 at 12:51 pm

    བན་དེའི་ལུགས་ལྟར་བྱས་ན་བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ། ཚིགས་བཅད་ཀྱི་རྐང་པ་བཞི་ལ་ཤོ་ལོ་ཀ་གཅིག་དང་ཚིག་ལྷུག་གི་ཚེག་བར་སུམ་ཅུ་ལ་ཤོ་ལོ་ཀ་གཅིག །བོན་ལུགས་ལྟར་བྱས་ན་ཤོ་ལོ་ཀ་གཅིག་གི་ཚད་ཚིག་བཅད་དང་ཚིག་ལྷུག་གི་ཡི་གེའི་གྲངས་ཀ་རྩི་བ་ཡིན་ནམ།

  31. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-14 at 10:35 pm

    བོན་པོ་ལེགས། མདང་དགོངས་ཟན་ལེག་ས་པར་ཟོས། ད་མུ་མཐུད་ནས། ཁྱེད་ཀྱི་བཞེད་པ་དག་ལ་བདག་རང་གི་བཤད་པ་བསམ་ཚུལ་འབྲི། བདག་གིས་གནའ་བོའི་འབོད་ཚུལ་གྱིས་གང་ཐུབ་སློབ་མ་དག་ལ་སློབ་པ་དང་། དགོས་མེད་ཀྱི་ད་བ་ཡ་གསུམ་ཨི་སྒྲ་འཐོན་པ་ལ་འབྲི་བ་དགོས་མེད་དུ་མཐོང་། ཁྱེད་འདི་ལ་གོམས་ན། སླ་བར་འགྱུར་བ་ཆོས་ཉིད། ཨ་ཡིག་འདི་བདག་རང་ལ་དམིགས་བསལ་གྱི་གལ་ཆེན་པོ་ཡིན། འཇམ་དཔལ་མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག དོན་ཆེན་ཡི་གེ་དམ་པ་ཡིན། ཞེས་གསུངས་། དེ་ཡང་དབྱངས་ཡིག་ཡིན་པས་དེ་ལྟར་ལགས་ཀྱི། གསལ་བྱེད་ཡིན་པས་མ་ཡིན། དེ་ཡང་དོན་སྟོན་པ་ལ་སྒྲ་ཕལ་ཆེར་ལ་དབྱངས་དང་། གསལ་བྱེད་ཟུང་དུ་དགོས། ང་། ཞེས་པ་ལ་གསལ་བྱེད་དང་དབྱངས་ཟུང་དུ་མཆིས། དེ་ཡང་བོད་ཀྱི་སྒྲ་པ་ཞིག་གིས་གསལ་བྱེད་ཉེར་དགུ་དང་། དབྱུངས་ལྔ་བོད་སྐད་དུ་བཞེད་པ་ཐོས། སུ་ཡིན་མཚན་དེ་མི་དྲན། དཔལ་ཁང་པ་ཆེན་པོས་ཀྱང་། བོད་ཀྱི་དག་ཡིག་ངག་སྒྲོན་དུ།
    བརྗོད་དོན་ཀཱ་ལི་སུམ་ཅུ་ལ།
    རྐྱང་པ་འཕུལ་དང་མགོ་ཅན་དང་།
    དབྱངས་ལྔ་ཡ་ར་ལ་བའི་འདོགས།
    རྗེས་རྗེས་དཔེ་སོགས་རིམ་པས་བསྟམ།།
    དེ་ཡང་སུམ་ཅུའི་གྲངས་ལོངས་པའི་ཕྱིར་དུ། ཨ་ཡིག་ལ་གསལ་བྱེད་མིང་བཏགས་པ་ཡིན་གྱི་དངོས་མ་ཡིན།
    བོད་སྐད་དུ། གསལ་བྱེད་མེད་པར་སོང་། དབྱངས་ཡིག་ལུས་པ་རྗེས་འཇུག་ཏུ་ཞུགས་ནས། མིང་གཞི་དང་སོ་སོར་བྱེད་པ་མང་སྟེ། དཔེར་ན། རིལ་བུའི་གསལ་བྱེད་བ་ཡིག་མེད་པར་སོང་། ཨུ་ཡིག་ལུས་པ་དེ་རྗེས་འཇུག་ལ་ལ་ཞུགས་ཏེ། རི་ལུ། ཞེས་པ་ཆགས། དེ་བཞིན་དུ། འདི་ཙུག། ཅེས་པ་ཨི་ཙུག་དང་། རྒྱལ་བ་ཞེས་པ་རྒྱ་ལ་དེར་མ་ཟད་ལ་དྭགས་པའི་ཁ་སྐད་དུ། རྣམ་དབྱེའི་སྟོན་བྱེད་ཀྱི་སྒྲ། ཀྱི་གི་གྱི་འི་ཡི་རྣམས་ཀྱི་གསལ་བྱེད་མེད་པར་སོང་སྟེ། ཨི་ཞེས་པ་དང་། དེ་བཞིན་དུ། ཀྱིས་གིས་གྱིས་འིས་ཡིས་རྣམས་ལ་ཨིས་ཞེས་པ་བཀོལ་བ་ན། བོད་ཀྱི་སྐད་ཡིག་ལ་གཅེས་པ་ཀུན་དང་ཁ་སྐད་འབྲི་བ་པོ་རྣམས་ཀྱི་བར་ལ་རྩོད་པ་བྱུང་། འདི་རྣམས་ཀྱིས་ཁྱེད་ཀྱི་འོག་གི་རབ་བྱེད་ལ་ལན་སོང་།
    ཤུ་ལོ་ཀ་དང་ཤོ་ལོ་ཀ་ཞེས་བྲིས་པ་དག་ལེགས་སྦྱར་སྐད་ཀྱི་ཤློ་ཀ་ཞེས་པ་ཡིན། དེ་ཡང་ཚིགས་བཅད་རྐང་བཞི་པ། རྐང་པ་རེ་ལ་དབྱུངས་བརྒྱད་རེ་ཡོད་པ། བོད་སྐད་དུ་བསྒྱུར་པ། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། སྒྲོལ་སྟོད་འདི་མ་གཏོགས་གཞན་རྣམས་རྐང་པ་རེར་དབྱངས་བདུན་ཡོད་པ། རྟོག་པའི་དྲ་བ་རྣམ་བསལ་ཅིང་། ཞེས་སོགས་སུ་བསྒྱུར། དེ་ཡང་ཚིག་ལྷུགས་ལ་བྲིས་པ་བརྒྱད་སྟོང་པ་ལྟ་བུ་ལ་དབྱངས་སོ་གཉིས་ལ་ཤློ་ཀ་གཅིག་ཏུ་བརྩིས་པས། བརྒྱད་སྟོང་པ་དང་། ཉི་ཁྲི་དང་། འབུམ་ཞེས་ཆགས་པ་ཐོས་སོ།།
    ,, ,, ,,
    ཡང་ཁྱེད་ཀྱིས་དབྱིན་ཇི་ལ་ཨིན་ཇི་འབྲི་གནང་གི་འདུག་བ། དེ་ཏོག་ཙམ་བདེ་པོ་མེད་པ་ཞིག་མཐོང་གི་འདུག། ཨ་ཡིག་དེ་ང་ཚོ་བོད་པའི་ཆོས་ལུགས་ཀྱི་གསལ་བྱེད་གལ་ཆེན་ཞིག་རེད། མདོ་སྔགས་སེམས་གསུམ་ཚང་མའི་ནང་དུ་ལྷ་ཡི་ས་བོན་སོགས་ལ་ཨ་ཡིག་འདི་དམིགས་རྟེན་དུ་བཟུང་གི་ཡོད། དེར་མ་ཚད་བོད་སྐད་དུའང་ཨི་བི་རྨོ་རྨོ་དང་་ཨི་བཟང་མོ་་་ཨི་སྤེན་པ་་་ཨིན་ཆུང་་་སོགས་ཡོད་པ་རེད། ལ་དྭགས་སྐད་དུ་ཡིན་ནའང་་ཨི་ཙུག་བྱས་ན་རྒྱ་ལ་ཨི་བྱེ་་་་ཟེར་བ་དེ་འདྲ་ཡོད་པ་འདྲ་།དེ་འདྲ་ཡིན་དུས་ཨ་དང་ཨི་འདིས་བོད་སྐད་ནང་ཐུན་མིན་གྱི་གོ་སྐབས་ཤིག་བཟུང་ཡོད་དུས། དེ་ཕྱི་རྒྱལ་མགོ་སེར་གྱི་མིང་ལ་བཞག་ན་ག་འདྲ་ཡོང་ངམ། །

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-14 at 10:40 pm

    རྗེས་འཇུག་དཔེ་སོགས་རིམ་པས་བསྟན།། ཞེས་བཅོས་སོ།

  33. ཟུར་གནས། says:
    2012-12-14 at 10:45 pm

    རྒན་ལ་དྭགས་འཇམ་དཔལ་མཆོག་ལ།

    སྐུ་ཉིད་ཐེ་ལན་ཊི་ནས་ཕྱིར་ཐོན་གྲུབ་པ་ཡིན་ནམ། རྒན་ལགས་ད་ལྟ་གང་ལ་ཞུགས་ལགས་སམ། གློག་ཡིག་གི་ཁ་བྱང་ཞིག་སྩོལ་བར་ཞུའོ། དྲི་རྒྱུ་ཞིག་ཡོད།

  34. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-15 at 3:50 am

    ཟུར་གནས་ལེགས།
    བདག་དང་གྲོགས་རྣམས་ཕྱིར་འཐོན་ནས་སླར་ལོག་ནས་འཁོར་ཡོད།
    lj53@columbia.edu

  35. ཤར་ཕྱོགས་ཁུག་རྟ། says:
    2012-12-16 at 4:31 am

    བོན་པོ་ཚང་གི་གནས་ཚུལ་འདི་ཀྲུང་གོའི་བོད་ལྗོངས་དྲ་བའི་བཀོད་རྐྱང་བྱེད་ཀྱི་འདུག དེ་སྔའང་དོ་སྣང་ཅིག་བྱུང། ད་བྱས་དུས་རྒྱ་གར་བོན་པོ་ཚང་དང་རྒྱ་ནག་གཞུང་གཉིས་ཀའི་བར་ལ་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་ཡོད་པ་འདྲ། འདི་དག་ཡ་མཚན་རེད།།

    http://tb.tibet.cn/2010zj/xw/201212/t20121214_1804099.htm

  36. ཀརྡོ་གཉེར་ཕྱག་པ་ says:
    2012-12-16 at 4:49 am

    International Symposium on Bon Triten Norbutse Monastery, Kathmandu. 10–11 December 2012
    ཕྱི་ལོ༢༠༡༢ཟླ༡༢ཚེས༡༠དང༡༡ཏེ་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་བོན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་བལ་ཡུལ་བོན་དགོན༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འཚོགས་ཡོད་པའི་གནས་བསྡུས། དེ་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་ནས་རྒྱལ་ཕྱི་ནང་ཀུན་ནས་ཆེད་དུ་ཕེབས་པའི་མཁས་དབང་དང་ཞིབ་འཇུག་པ་གྲགས་ཅན་མང་པོ་གདན་ཞུ་ཞུས་ཡོད་པ་ལྟར། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧྥ་རན་སི་རྒྱལ་ཁབ་ཚན་རིག་ཁང་གི་ཞིབ་འཇུག་པ་བོད་རིག་པའི་མཁས་དབང་ཆེན་མོ་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚནSamten Karmayལགས་དང་། རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་ཐོགས་པ་དབྱིན་ཇིའི་ཨག་སི་ཧྥོར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བོད་རིག་པའི་མཁས་དབང་སྐུ་ཞབས་ཆལ་སི་རམ་བྷོCharles Ramble(གཡུང་དྲུང་ཚེ་དབང་།)ལགས་དང་། ཉི་ཧོང་གི་བོད་རིག་པའི་མཁས་དབང་ན་ག་ནོYasuhiko Naganoལགས་དང་། གཞན་ཡང་བོད་རིག་པའི་མཁས་དབང་རི་གར་དྲོRicardo Canzioལགས་དང་། བོད་རིག་པའི་མཁས་པFrançoise Pommaretལགས་དང་། བོད་རིག་པའི་མཁས་པ་མར་རི་ཏMarietta Kindལགས་དང་། བོད་རིག་པའི་མཁས་པJohn Myrdhin Reynoldsལགས་དང་། ཁྲི་བརྟན་ནོར་རྩེའི་དགེ་བཤེས་མཁས་དབང་དྲང་སྲོང་རྣམ་རྒྱལ་བཅས་ཀྱིས་ཉིན་གཉིས་ཀྱི་རིང་ལ་བོན་གྱི་སྐོར་ལ་བགྲོ་གླེང་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བགྲོ་གླེང་ཚོགས་ཐོག་ལ་རྒྱལ་ཕྱི་ནང་ཁག་གི་འཐུས་ཚབ་སྟེ། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྱིའི་འཐུས་ཚབ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། སྨན་རིའི་གྲྭ་ཚང་གི་གཉེར་པ། སྨན་རིའི་དཔེ་མཛོད་ལས་བྱེད། བཙུན་དགོན་རད་ཎ་སྨན་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་སྐུ་ཚབ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འཐུས་ཚབ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས། བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང་། འཕགས་ཡུལ་སྨན་རི་དང་བལ་པོའི་ཁྲི་བརྟན་ནོར་རྩེའི་དགེ་བཤེས་དང་སློབ་གཉེར་བ་ཁག་གཅིག དེ་བཞིན་ཧྥ་རན་སི་བོན་ཚོགས་ཀྱི་ཚོགས་གཙོ་དང་། ལིག་མིན་རྐྱ་བོན་ཚོགས་ཀྱི་སྐུ་ཚབ། འོམ་མོ་གླིང་བོན་ཚོགས་ཀྱི་བླ་མ། དེར་མཚུངས་ཨ་རི་དང་། ཡོ་རོབ། ཉི་ཧོང་། རྒྱ་དཀར་ནག་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་སློབ་གཉེར་བ་སྟོང་ཕྲག་ལྷག་འདུ་འཛོམས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ། །

  37. རག་དུང་། says:
    2012-12-16 at 10:20 am

    བོན་པོའི་བོད་དོན་ལ་དོ་སྣང་སྐར་མ་གང་བྱེད་ཀྱི་མེད། ཉེ་རབས་ལོ་འདིའི་ནང་བོན་པོའི་བོད་ལ་བྱས་རྗེས་གང་ཡོད། བོད་ཚང་མ་འ་ཆད་འུ་ཐུག་སྐབས་སུ་རྒྱ་དང་འབྲེལ་ནས་ཚོགས་འདུ་ཡོད་པ་དེ་ལ་མོས་མཐུན་མེད། ངོ་རྒོལ་ཡོད།

  38. ཆོས་འགྲུབ། says:
    2012-12-17 at 9:47 am

    རྒྱ་དང་འབྲེལ་བ་སུས་བྱས་དང་བྱེད་རྒྱ་བྱ་ཁུག་རྟས་ཧ་གོ་རྒྱུ་རེད། དེས་ན་རྒྱ་བྱ་ཁུག་རྟ་ང་ཚོ་བོད་པའི་ནང་ལ། རྒྱ་དང་འབྲེལ་བ་ཆོག་མཁན་ཞིག་དང་། མི་ཆོག་མཁན་ཞིག་སྟེ་རིགས་གཉིས་ཡོད་པ་འདྲ་བས། ཆོག་མཁན་སུ་ཡིན་པ་དང་། མི་ཆོག་མཁན་སུ་ཡིན་པ་གསལ་གནང་དང་རྒྱ་བྱ་ལགས། ཏང་ཡོན་ཁུག་རྟ། རྒྱ་བྱ་ཁུག་རྟ། རྒྱ་ཁྱི་ཁུག་རྟ།

  39. BONPO says:
    2012-12-17 at 12:02 pm

    ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱི་ཕྱག་བྲིས་ཕྱག་བསྟར་མ་མཆན་ཨང་༣༥་པར་
    ༼བོན་པོ་ཚང་གི་གནས་ཚུལ་འདི་ཀྲུང་གོའི་བོད་ལྗོངས་དྲ་བའི་བཀོད་རྐྱང་བྱེད་ཀྱི་འདུག དེ་སྔའང་དོ་སྣང་ཅིག་བྱུང། ད་བྱས་དུས་རྒྱ་གར་བོན་པོ་ཚང་དང་རྒྱ་ནག་གཞུང་གཉིས་ཀའི་བར་ལ་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་ཡོད་པ་འདྲ། འདི་དག་ཡ་མཚན་རེད།།༽
    གསུངས་པ་འདི་ལ་ང་ཡི་བསམ་ཚུལ་ཚིག་ཁ་ཤས་ཤིག་གླེང་བར་སྤྲོ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་ཞེས་པའི་གནས་ཚུལ་ལྡེབ་མ་ཁེར་རུ་མ་འདི་ཀྲུང་གོའི་བོད་ལྗོངས་དྲ་བར་མ་བཀོད་པའི་སྔོན་ལ་མཚོ་སྔོན་པོ་དྲྭ་བས་བཀོད་ཚར་འདུག། དེ་ནི་ཚེས་གྲངས་ལ་ཞིབ་དང་མཁྱེན་ངེས། བོན་པོ་ཆུང་ཆུང་ཚོའི་གནས་ཚུལ་ཅུང་ཅུང་འདི་ཚོ་སུས་ཁྱབ་བསྒྲགས་བྱས་པ་ཡིན་ནའང་དེ་ལ་དགའ་བསུ་དང་ཡིད་རངས་ཞུ་རྒྱུ་ཡིན། གཞན་བོན་པོའི་གནས་ཚུལ་འདི་ཚོ་ཧ་ཅང་ཆུང་དྲག་ནས་ཕྱི་ལོག་གི་བོད་པའི་གསར་གནས་ཁག་གི་ནང་དུ་མཐོང་རྒྱུ་ཤིན་དུ་དཀོན་པོ་རེད། འོན་ཀྱང་དྲྭ་བ་དང་དུས་དེབ་གསར་འགྱུར་ཁག་གི་ནང་དུ་གནས་ཚུལ་སྦུད་ཙམ་རེ་ཐོན་པ་ཙམ་གྱིས་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། །

    དཔེར་ན་་ccn་དྲྭ་བར་གསར་གནས་ཤིག་བཀོད་ཡོད་ན་དེ་ཨ་རིའི་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། དེ་བཞིན་bbcདྲྭ་བར་གསར་གནས་ཤིག་བཀོད་ཡོད་ན་དེ་དབྱིན་ཇིའི་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། དེ་བཞིན་aljazeera དྲྭ་བར་གསར་གནས་ཤིག་བཀོད་ཡོད་ན་དེ་ཁ་ཆེའི་གཞུང་ཁག་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། དེ་བཞིན་indian express དྲྭ་བར་གསར་གནས་ཤིག་བཀོད་ཡོད་ན་དེ་རྒྱ་གར་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། དེ་བཞིན་ Shimbun དྲྭ་བར་གསར་གནས་ཤིག་བཀོད་ཡོད་ན་དེ་ཉི་ཧོང་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་བྱུང་བའི་ཁུངས་བསྐྱེལ་བྱེད་རྒྱུ་ཁག་པོ་ཡིན་འགྲོ། ད་ཁྱེད་ཡ་མཚན་རྒྱུ་མང་སོང་བ་ནི་མིན་ནམ། །

    གནས་ཚུལ་མཁྱེན་དགོས་པ་གལ་ཆེན་ཞིག་ནི་བོད་ནང་གི་བོན་པོ་ཚོ་ལ་བཀའ་དྲིན་ཆེ་ཤོས་དེ་་་དབྱར་རྩ་དགུན་འབུ་་་་རེད།རྒྱ་གར་ཕྱི་ལོག་གི་བོན་པོ་ཚོ་ལ་བཀའ་དྲིན་ཆེ་ཤོས་དེ་་སུ་ཀྲའི་གྱོན་གོས་དང་དབྱིན་ཇི་མགོ་ཟིང་ཟིང་དེ་ཚོ་རེད། གཞན་ང་ཚོ་བོན་པོ་ཚོ་ལ་དགོན་སྡེ་དང་རྟེན་གསུམ་སོགས་ཡར་རྒྱས་གཏོང་ཆེད་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་མང་པོའི་རོགས་རམས་བྱས་པ་རུས་སྦལ་གྱི་སྤུ་བཞིན་མཐོང་རྒྱུ་མེད། གཞན་གྱི་དགོན་སྡེ་ཁག་ལ་ཨ་སྒོར་ས་ཡ་million༤༩་དང་ས་ཡ་བརྒྱ་ཕྲག་མང་པོའི་རོགས་རམས་སྤྲོད་བཞིན་ཡོད་པ་ཀྲུང་གོའི་བོད་ལྗོངས་དྲ་བ་དང་མཚོ་སྔོན་པོ་དྲྭ་བ་སོགས་སུ་དུས་ནས་དུས་སུ་མཐོང་རྒྱུ་འདུག། འདི་ཚོ་དངོས་གནས་བོད་རིགས་སྤྱི་ཡོངས་ཀྱིས་ཡ་མཚན་དགོས་པ་རེད། རྒྱ་ནག་གཞུང་གི་གཅེས་ཕྲུག་ཏུ་གྱུར་བའི་དགོན་སྡེ་དེ་ཚོའི་མཚན་ནས་སྨོས་དགོས་ན་རིམ་པས་སྤྱན་འབུལ་ཞུ་ཆོག། བྲེལ་བ་མི་དགོས། གཞི་ནས་རྒྱ་ནག་གཞུང་ལ་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཁ་ཡོད་ལག་ཡོད་དེ་སུ་དང་སུ་ལ་འདུག་རིམ་པས་གསལ་ཁ་ཐོན་ཡོང་། །
    རྩ་བའི་ཆ་ནས་བོད་ཡུལ་སྟོད་སྨད་བར་སུམ་ལ་བོན་པོ་གང་ལ་གང་མཚམས་ཡོད་པ་རེད། ཁོང་ཚོ་ལའང་བོན་པོའི་གནས་ཚུལ་སྦུད་ཙམ་རེ་དྲྭ་བ་དང་དུས་དེབ་སོགས་ཀྱི་སྟེང་དུ་བགོད་རྒྱུའི་ཐོབ་ཐང་ཡོད་ཀྱི་རེད། དེ་ཡིན་གཅིག་མིན་གཉིས་རྒྱ་ནག་གཞུང་དང་རིག་གནས་བརྗེ་རེས་ཀྱི་འབྲེལ་བ་ཅིག་དགོས་ཀྱི་ཨ་ཡོད་ན། དང་པོ་ཁྱེད་རང་རྒྱ་གར་བོན་པོ་ཚང་ཡོད་ས་དེར་མ་ཐར་ཐེངས་མ་གཅིག་སྲིད་སྐྱོང་བློ་བཟང་སེང་གེ་ལྟར་ཞབས་ཀྱིས་བཅག་ནས་གནས་ཚུལ་རྒྱུས་ལོན་ཡག་པོ་བྱས་དེ་རྗེས་དྲྭ་ཐོག་ལ་ཐོ་འཚམ་པར་ཕེབས་ན་ག་འདྲ་ཡོང་ས་རེད།

  40. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 12:23 pm

    བོན་པོ་ལ་མཐོང་ཆུང་དང་བརྙས་དམོད་བྱས་པ་ནི། རང་གི་ཕ་མེས་ཡང་མེས་ལ་མཐོང་ཆུང་དང་བརྙས་དམོད་བྱས་པ་དང་གཅིག་མཚུངས་པ་ཡང་ཤེས་དགོས་འདུག

  41. BONPO says:
    2012-12-17 at 6:58 pm

    མཁས་དབང་བསམ་གཏན་རྒྱལ་མཚན་མཆོག་གི་ཕྱག་སྦལ་ནས་འཁྲུངས་ཤིང་གླུ་མ་རིག་འཇིན་དབང་མོ་ལགས་ཀྱིས་མགྲིན་དབྱངས་སུ་བཀུག་པ།།
    http://www.youtube.com/watch?v=E5QhFN6PTig

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme