Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཕྱི་བསྐྱོད་མཐོང་མཆན།(Visa)

Posted on 2010-05-272010-05-28 By ཁ་བརྡ་ 14 Comments on རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཕྱི་བསྐྱོད་མཐོང་མཆན།(Visa)

རིག་འབྱུང་དོན་གྲུབ་བཀྲ་ཤིས་།

ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་༡༥ནས་༢༠བར་དུ། བོད་རིག་པའི་ཚོགས་ཆེན་དེ་ཁ་ཎ་སྒྲར་(Canada)རྟེན་གཞི་བྱས་བའི་( University of British Columbia ) གཙུག་ལག་སློབ་ཁང་དུ་འཚོགས་གཏན་འཁེལ་ཡོད་ཅིང་ཐེངས་འདིའི་གཙོ་སྐྱོང་བ་བོད་རིགས་ལོ་རྒྱུས་ཆེད་མཁས་ཚེ་རིང་ཤཱཀྱ་ལགས་ཡིན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་འདི་ལོ་གསུམ་གྱི་བར་ནས་ཐེངས་རེ་འཚོགས་བཞིན་ཡོད། ཐོག་མའི་ཆར་སྙན་ཞུ་འབུལ་མཁན་ཆིག་སྟོང་ལྷག་བྱུང་བའི་ཁོངས་ནས་ལྔ་བརྒྱ་ལྷག་གི་དཔྱད་རྩོམ་འདེམས་ཡོད། ཕྱི་རྒྱལ་བ་བོད་རིག་པའི་ཆེད་མཁས་དང་ཉམས་ཞིབ་པ་རྣམས་ཕར་ཕུད་། ཐེངས་འདིའི་ཚོགས་ཆེན་ལ་བཅར་མཁན་ཕལ་ཆེ་བ་བོད་རིགས་ཡིན། འོན་ཀྱང་། བོད་རིགས་ཚོགས་བཅར་བ་ཚོའི་གྲངས་འབོར་དེས་ཚོགས་བཅར་བ་སྤྱིའི་གྲངས་འབོར་གྱི་གསུམ་ཆ་གཅིག་ཟིན་ཙམ་རེད། ད་ཐེངས་བོད་རིགས་ཚོགས་བཅར་བ་ཚོར་ཐེངས་སྔོན་མ་དག་དང་མ་འདྲ་བའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དེ་ནི་ཕྱི་བསྐྱོད་ལག་འཁྱེར་(Passport)དང་ཕྱི་བསྐྱོད་མཐོང་མཆན་(Visa)གཉིས་ཀྱི་སྐོར་ནས་ཡིན། གནད་དོན་འདིའི་ཐད། གཙོ་སྐྱོང་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་གསུངས་ན། བོད་ནས་འཚོགས་འདུར་བཅར་མཁན་ཚོར་ཕྱི་བསྐྱོད་ལག་འཁྱེར་མ་རག་པའི་དཀའ་ངལ་དང་རྒྱ་བལ་གཉིས་ནས་ཡོང་མཁན་ཚོར་ཕྱི་བསྐྱོད་མཐོང་མཆན་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག་ཟེར།
རྒྱ་གར་ནས་ཡོང་མཁན་ཚོའི་ཁྲོད་ནས་འགའ་ཤས་ཀྱིས་མཐོང་མཆན་ཞུས་འདུག་རུང་མཐོང་མཆན་རག་ཡོད་མཁན་ད་སྔ་གཅིག་ཀྱང་བྱུང་མི་འདུག རྒྱ་བལ་གཉིས་ནས་ཡོང་མཁན་ཚོར་ཕྱི་བསྐྱོད་མཐོང་མཆན་མ་རག་པའི་དཀའ་ངལ་གཙོ་བོའི་ཐད། ཚེ་རིང་ཤཱཀྱ་ལགས་ཀྱིས་གསུངས་དོན། དེ་ནི་འདས་བའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་སྐྱབས་བཅོལ་བོད་རིགས་ཁྲི་ལ་ཉེ་བ་ཁ་ཎ་སྒྲར་འབྱོར་ནས་ཕྱིར་ལོག་མ་བྱས་བར་རྟེན་གཞི་བྱས་བ་དང་འབྲེལ་བ་ཡོད་རེད་ཟེར། གཙོ་བོ་འདས་བའི་ལོ་རྒྱུས་ཡག་པོ་མེད་པས་རྐྱེན་གྱིས་རེད། འདས་བའི་ལོ་རྒྱུས་ཡག་པོ་མེད་པའི་རྒྱུ་མཚན་ལ་བརྟེན། ཕྱིས་སུ་ཡོང་མཁན་ཚོར་དཀའ་ངལ་མང་དུ་འཕྲད་ཀྱི་ཡོད་པ་རེད་ཟེར། ཐ་ན། ཐེངས་འདིའི་ཚོགསབཅར་བོད་རིགས་མཁས་པ་ཚོར་ཡང་ཕྱི་བསྐྱོད་མཐོང་མཆན་མ་རག་པའི་དཀའ་ངལ་འདི་འཕྲད་ཀྱིན་ཡོད་པ་རེད་ཟེར། ཚེ་རིང་ཤཱཀྱ་ལགས་ནས་རྒྱ་བལ་གཉིས་ནས་ཚོགས་འདུར་བཅར་མཁན་གྱི་བོད་རིགས་ཆེད་མཁས་ཚོའི་ཆེད་དུ། རྒྱ་གར་རྒྱལ་ས་རྡི་ལིར་རྟེན་གཞི་བྱས་བའི་ཁ་ཎ་སྒྲའི་གཞུང་ཚབ་ཁང་ལ་རེ་སྐུལ་ཡི་གེ་ཞིག་ཀྱང་བཏང་འདུག ཡི་གེ་དེའི་ཁོངས་སུ་ཁོང་ནས་གཙོ་བོ་ཐེངས་འདིའི་ཞིབ་འཇུག་ཚོགས་ཆེན་དེ་ཚགས་ཚུད་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་སླད་དུ། རྒྱ་བལ་སོགས་ནས་ཡོང་མཁན་ཚོར་ཕྱི་བསྐྱོད་མཐོང་མཆན་སྤྲོད་རོགས་གནང་ཞེས་ནན་སྐུལ་ཞུས་འདུག ད་དུང་།
ཚེ་རིང་ཤཱཀྱ་ལགས་ནས། རྒྱ་བལ་གཉིས་ནས་ཕེབས་མཁན་གྱི་བོད་རིགས་ཆེད་མཁས་ཚོར་མཐོང་མཆན་ཞུ་དུས། ཐུགས་སྣང་དང་ཉན་འཇོག་བྱེད་དགོས་བའི་གནད་དོན་འགའ་འཕྲིན་ཡིག་གི་ལམ་ནས་བསྐུར་ཡོད། གནད་དོན་དེ་དག་གི་སྙིང་དོན་ནི། རང་སོ་སོར་ལས་ཁུངས་དང་གཏན་འཇགས་ཡོད་པས་ཕྱིར་ལོག་བྱ་རྒྱུའི་འགན་ལེན་ཡི་གེ་ཡོད་པ། སོ་སོའི་ཁྱིམ་ཚང་དང་ནང་མིའི་ཁ་གྲངས། གནས་ཚུལ་བཅས་གསལ་བོར་བཀོད་ནས་ཕྱིར་ལོག་བྱ་རྒྱུའི་རྒྱུ་མཚན་འགོད་པ། ཚོགས་འདུའི་དུས་ཚོད་མ་གཏོགས་དུས་ཚོད་ལྷག་མ་འཐོབ་ཐབས་ཀྱི་རེ་སྐུལ་མི་ཞུ་བ། ཚོགས་འདུ་མཇུག་སྒྲིལ་རྗེས་ཕྱིར་ལོག་རྒྱུའི་རྣམ་འགྱུར་གསལ་བོར་འགོད་པ། ཁ་ཎ་སྒྲའི་གཞུང་ཚབ་ནས་མཐོང་མཆན་མ་སྤྲད་ན། མི་སྒེར་དང་ཚོགས་པ་གཞན་བརྒྱུད་ནས་མཐོང་མཆན་རག་ཐབས་མི་བྱེད་པ་བཅས་བཀོད་ཡོད། ཚེ་རིང་ཤཱཀྱ་ལགས་ནས་ད་རུང་གསུངས་དོན། ཚོགས་བཅར་བ་རྣམས་ལ་མ་འོངས་པར་དཀའ་ངལ་མ་འཕྲད་པའི་སླད་དུ། ཕྱི་བསྐྱོད་ཀྱི་ལོ་རྒྱུས་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེ་རེད་ཟེར། གང་ལྟར། ད་ལྟ་ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་འདིར་རྒྱ་བལ་གཉིས་དང་བོད་ནས་ཚོགས་བཅར་བ་ཇི་ཙམ་སླེབས་ཐུབ་མིན་བཤད་དཀའ་བའི་གནས་སུ་ལྷུང་ནས་ཡོད།

ཚོགས་འདུ་འདིའི་སྐོར་གཤམ་གྱི་འབྲེལ་ཐག་ནས་གཟིགས་ཐུབ་པ་འདུག

http://www.iar.ubc.ca/programs/ctsp/iats.aspx

སྣ་ཚོགས།

Post navigation

Previous Post: བཙན་བྱོལ་བོད་མིར་ཡུལ་ཤུལ་ས་འགུལ་ཁྲོད་ན་སྒ་ཚིགས་དང་ལག་པ་མི་འདུག
Next Post: བོད་ཡིག་ཡིག་གཟུགས་གསར་པ་ལེན་རོགས།

Comments (14) on “རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཕྱི་བསྐྱོད་མཐོང་མཆན།(Visa)”

  1. ལྷགབསམ་རྒྱ་མཚོ། says:
    2010-05-27 at 7:46 pm

    ཚོགས་པ་དེ་རྒྱ་ནག་ནས་གཞུང་གི་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་ཁ་ཅིག་ལས་གཟན་གོ་གནས་མེད་མཁན་རྣམས་ལ་བརྡ་སྦྱོར་འབྱོར་གི་མེད། ཚོགས་པ་དེར་འབྲེལ་བ་བྱེད་ཚུལ་དང་། ཞལ་བྱང་། ཞལ་པར། སྔོན་འགྲོའི་ཆ་རྐྱེན། འགྲོ་སོང་གཏོང་ཚུལ། བོད་ནས་ཡོང་ན་ལམ་གྲོན་སོགས་ཅི་དགོས། ཞིབ་འཇུག་རྩོམ་གྱི་འབྲུ་གྲངས། ལས་ཀའི་བརྒྱུད་རིམ་སོགས་གསལ་རྒྱས་ཤིག་བྱུང་ན་བོད་བཞུགས་མཁས་དབང་ཚོགས་འདུར་ཞུགས་མོས་ལྡན་པ་རྣམས་ལ་ཕན་པ་འབྱུང་སྙམ།

  2. རུ་དམ་ལུང་གི་བུ། says:
    2010-05-28 at 12:22 am

    ཚོགས་འདུར་ཞུགས་མཁན་བོད་རིགས་སུ་ཡིན་ན་འགྲིགས་ཀྱི་རེད་དང་།
    དམིགས་གསལ་ཆ་རྐྱེན་ཡོད་པ་རེད་ལགས།

  3. རིག་འཛིན། says:
    2010-05-28 at 12:23 am

    བཀྲ་ཤིས་བདེ་ལེགས།

  4. རྨེའུ་་་་དཀོན་རྒྱམ་ says:
    2010-05-28 at 1:19 am

    དྲ་གྲོགས་རིག་འབྱུང་བཀྲ་ཤིས་དོན་གྲུབ་ལགས།
    ཁམས་བཟང་།
    ཉིད་ཀྱིས་སྤྱི་ཡོངས་ལ་རྒྱུན་ཤེས་འཕེལ་བའི་ཆེད་དུ། འདི་ལྟ་བུའི་རྩོམ་ཡིག་དུས་ཐོག་ཏུ་སྤེལ་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཉིད་ལ་དྲི་བ་ཞིག་འདོན་འདོད་པ་ནི། བོད་རིགས་པ་དང་བོད་རིག་པ་གཉིས་ཀྱི་ཁྱད་པར་ག་རེ་ཡོད་པ་རེད་དམ།

  5. མི་ནག་མདུང་ཐུང་། says:
    2010-05-28 at 1:26 pm

    རིག་པ་ལབ་ན་ག་རེ་ལབ་ཀྱི་ཡོད་མེད་ལ་བསམ་བློ་ཐོངས་དང་། དེ་ནས་དོན་དག་གི་གཏིང་ཞིག་གོ་རྒྱུ་ཡོད། སྙན་ངག་རིག་པ། བརྡ་སྤྲོད་རིག་པ། བཟོ་རིག་པ་ལབ་ན་ག་རེ་རེད། དེ་ཤེས་ན་འདི་ཤེས་སླ། དེ་མིན་ཤེས་རྒྱུ་དཀའ། ད་དུང་ཁ་ཤས་ནས་འདི་ལ་གོ་རྒྱུ་མི་འདུག་ཀྱང་ཟེར་བ་ཡིན། དེ་ནི་དང་པོ་ནས་གོ་རྩིས་མ་བྱས་པས་ཡིན། འདི་སྐོར་ཞིབ་ཚགས་ཤིག་ཤེས་འདོད་ན། དགེ་འདུན་རབ་གསལ་ལགས་ལ་དྲིས་དང་། ཁོང་གིས་ལོ་ཤས་གོང་ལ་འདིའི་སྐོར་གླེང་སློང་ཞིབ་པ་ཞིག་གནང་ཡོད་པ་ཞིག་དྲན།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-28 at 3:42 pm

    དྲ་གྲོགས་ཚོར་དགོངས་དག་ཞུ། ང་ནོར་འདུག ངས་གཟབ་ནན་བྱས་མི་འདུག བོད་རིག་པ་རེད། དེ་ལྟར་བཅོས་ཡོད་།
    སླར་ཡང་བཀའ་དྲིན་ཆེ་ཞུ།

  7. རྨེའུ་་་་དཀོན་རྒྱམ་ says:
    2010-05-28 at 8:35 pm

    བཀུར་འོས་མི་ནག་མདུང་ཐུང་ལགས་ཀྱིས་ཕྱོགས་སྟོན་དང་གསལ་འདེབས་གནང་བར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག ཕྲན་གྱིས་ཀྱང་ལོ་ཤས་གོང་ནས་བོད་རིག་པ་ཞེས་པའི་གོ་དོན་དང་ཁྱབ་ཚད་ག་འདྲ་ཡིན་མིན་གྱི་བོད་ཕྱི་ནང་གི་མཁྱེན་དཔྱོད་ཡངས་པ་དུ་མ་ཞིག་གི་ཕྱག་རྩོམ་ཀློག་མྱོང་བ་མ་ཟད་བསམ་གཞིག་ཀྱང་གང་ནུས་བྱས་པ་ཡིན་མོད། དྲ་གྲོགས་རིག་འབྱུང་ལགས་ཀྱི་བོད་རིགས་པ་ཟེར་དགོས་དོན་ཞིག་ཡོད་རྒྱུ་རེད་སྙམ་ནས་དྲི་བ་ཞིག་དྲིས་པ་ཡིན་ཏེ། ཁོང་གི་བོད་རིགས་པ་ཞེས་པ་དེ་འགོད་ནོར་ཐེབས་པ་ཡིན་ཚུལ་གསུངས་བྱུང་བས་ན། སྔར་གྱི་ངོས་འཛིན་རང་འཇགས་སུ་གནས་པའོ།།

  8. ཟླ་བ་གཞོན་ནུ། says:
    2010-05-29 at 10:31 am

    རིག་འབྱུང་ལགས། མཐོང་མཆན་ཟེར་བ་དེ་ཏ་ཁྱེད་རྦད་དེ་ནོར་བ་རེད།
    ཐོངས་མཆན་མ་རེད་དམ།
    ཡག་པོར་བཀླགས་ཟིན།
    འདིར་བཀོད་པ་ཡག་བྱུང་།

  9. བཟོད་པ་ལྷ་རྩེ་ says:
    2010-05-30 at 7:16 am

    བསམ་ཚུལ་ཞིག་ཡོད་ལན་སུའི་གནང་ཀྱང་དགའ་བསུ་ཞུ། བོད་རིག་པའི་ཚོགས་སྡུར་རྒྱ་བལ་གཉིས་ནས་ཕེབས་རྒྱུའི་སྐུ་ངལ་ཡོད་ན་ཚོགས་བསྡུ་དེ་རྒྱ་བལ་གང་རུང་ཞིག་ཏུ་གོ་སྒྲིག་གནང་ན་མི་ཆོག་པ་གང་ཡིན་ནམ།

  10. མགོ་རུལ། says:
    2010-05-30 at 12:26 pm

    རྒྱ་གར་དང་བལ་ཡུལ་དུ་བཀོད་སྒྲིག་བྱས་ན་བོད་ནང་གི་བོད་མི་ཚོ་ཡོང་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱེད་ཀྱི་རེད། ལྷག་པར་དུ་རྒྱ་གར་དུ་བཀོད་སྒྲིག་བྱེད་རྒྱུ་དཀའ།

  11. ཀླུ་སྨྱོན། says:
    2010-05-30 at 12:36 pm

    ངའི་རེ་བ་ཡིན་ན་ལོ་རྗེས་ནས་བཟུང་སྟེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་འདི་དུས་ཚོད་གཅིག་གི་ནང་དུ་ས་གནས་མི་འདྲ་བར་འཚོག་ན་འགྲིག་པ་ཞིག་བཟོ་དགོས་ཀྱི་འདུག དཔེར་ན་རྒྱ་ནག་དང་བོད་དུ་ཡོད་པ་ཚོ་རྒྱ་ནག་དང་བོད་ཀྱི་ས་གནས་ཤིག་ཏུ་འཚོག་ན་འགྲིག་ལ། དུས་ཚོད་དེ་རང་ལ་རྒྱ་གར་དང་བལ་ཡུལ་དུ་ཡོད་པ་ཚོ་རྒྱ་གར་དང་བལ་ཡུལ་དུ་འཚོག་དགོས་ཤིང་། ཨ་རི་དང་ཁེ་ན་སྒྲ་རུ་ཡོད་པ་ཚོ་ཡང་རྒྱལ་ཁབ་དེ་གཉིས་གང་རུང་དུ་ཞིག་ཏུ་འཚོག་ཆོག་ལ། ཡོ་རོབ་ཏུ་གནས་སྡོད་པ་ཚོ་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་ཏུ་འཚོག་ཆོག དེ་ལྟར་དུས་ཚོད་གཅིག་གི་ནང་དུ་ས་གནས་མི་འདྲ་བར་འཚོགས་ཚར་རྗེས་ལོ་འཁོར་ལས་བསྡོམས་ཀྱི་སྙན་ཞུ་དེ་དབུས་འགན་འཛིན་ལྷན་ཚོགས་ལ་འབུལ་དགོས་ཤིང་། ལྷན་ཚོགས་ནས་ལས་བསྡོམས་ཀྱི་འདྲ་བཤུས་དང་ཚོགས་ཐོག་ནས་སྒྲོག་སྦྱངས་གནས་བའི་དཔྱད་རྩོམ་ལེགས་གྲས་འདེམ་སྒྲུག་གིས་པར་སྐྲུན་བྱས་ཏེ་ཚོགས་མི་ཚོར་ཁྱབ་སྤེལ་བྱེད་དགོས། འདི་ལྟར་བྱས་ཚེ་ད་ལྟའི་ཆར་ཡོད་པའི་ཚོགས་ཞུགས་མི་སྣ་ཚོ་གླིང་ཆེན་ཕར་ཚུར་གྱི་བར་དུ་བགྲོད་དགོས་པའི་བཞུད་རིང་ལམ་གྱི་ངལ་བ་དང་འགྲོ་སོང་བཀག་འགོག་སོགས་ཀྱི་འགག་སྒོ་སྣ་ཚོགས་ལས་དུས་གཅིག་ལ་གྲོལ་སོང་བ་མ་ཡིན་ནམ། རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུ་གཞན་ལ་མེད་པའི་ཚོགས་འདུ་འཚོག་སྟངས་འདི་ཡིས་རྒྱལ་སྤྱིའི་སྟེང་གི་རྩོམ་པ་པོ་ཚོས་གངས་ཅན་བོད་པའི་སྨྱུག་ཐོགས་པ་ཚོའི་ལས་དབང་འདི་ཤེས་རྟོགས་ཡོང་རྒྱུར་ཕན་པ་རྒྱ་ཆེན་པོ་ཞིག་དང་། དེ་འབྲེལ་གཞུང་སྒེར་གང་རུང་རེ་ནས་ང་ཚོར་རོགས་རམ་གྱི་འདུ་ཤེས་བཟང་པོ་རེ་རྙེད་ཐུབ་རྒྱུ་ཡང་གདོན་མི་ཟ། ཕྱི་རྒྱལ་བོད་རིག་པ་ཚོ་ནི་རང་རང་ས་གནས་གང་གི་ཚོགས་འདུ་ལ་འགྲོ་འདོད་ཡོད་ན་དེ་རུ་འགྲོ་ཐུབ་ལ་འགྲོ་ཡང་ཆོག་གི་རེད། ཡིན་ན་ཡང་ང་ཚོའི་གནས་སྟངས་ལ་གཞིགས་ན་འདི་འདྲ་ཞིག་མི་བྱེད་ཀ་མེད་རེད་དོ།།

  12. ཀླུ་སྨྱོན། says:
    2010-05-30 at 12:40 pm

    རྒྱ་གར་དང་བལ་ཡུལ་དུ་བཀོད་སྒྲིག་བྱས་ན་བོད་ནང་གི་བོད་མི་ཚོ་ཡོང་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱེད་པ་དེ་བདེན་པ་ཡིན་ན་ཡང་། རྒྱ་གར་དང་བལ་ཡུལ་དུ་བཀོད་སྒྲིག་བྱས་ན་རྒྱ་གར་དང་བལ་ཡུལ་གྱིས་བཀག་འགོག་བྱེད་ཀྱི་མ་རེད་སྙམ།

  13. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-30 at 3:04 pm

    བོད་ནས་ཡོང་མཁན་གྱི་བོད་རིགས་ཤེས་ཡོན་པ་ཚོ་དང་བོད་ཕྱི་ན་ཡོད་པའི་ཤེས་ཡོན་པ་ཚོའི་དབར་ལ་འབྲེལ་བའི་ཟམ་པ་བཙུགས་ས་ཞིག་ཚོགས་ཆེན་འདི་ཡིན་པ་འདྲ།

  14. མགོ་རུལ། says:
    2010-05-30 at 9:13 pm

    ཟམ་པ་འདིའི་ཕར་ཚུར་གཉིས་ཀ་ན་གོ་མཚོན་ཐོགས་པའི་དམག་མི་གྲངས་ལས་འདས་པ་ཞིག་ཡོད་པས་མི་ཚད། ཟམ་པ་འདིའི་སྟེང་དུ་སྤྱི་རྒྱ་སྟོང་ཕྲག་ལོངས་པའི་འགད་རྫས་ཀྱང་ཡོད་ཀི་ཡ། དེ་བས་རེ་ཞིག་ཟམ་པ་འདི་བློས་བཏང་ན་ལེགས། དཔེར་ན་བལ་ཡུལ་ནས་བོད་དུ་འགྲོ་སའི་འགྲམ་འགག་སྒོའི་ཟམ་པ་དེའི་མིང་ལ་མཛའ་བརྩེའི་ཟམ་པ་ཞེས་བཏགས་ཡོད་ན་ཡང་། ཟམ་པ་དེའི་སྟེང་ནས་བོད་དུ་འགྲོ་མཁན་ཅི་ཙམ་མང་པོ་ཞིག་ལ་རྐྱེན་ངན་གོད་ཆག་བློས་མི་བཟོད་པ་ཞིག་བྱུང་ཡོད་པ་རེད། བོད་རིག་ཚོགས་འདུ། མཛའ་བརྩེའི་ཟམ་པ། མགོ་འཐོམས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme