Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐབས་ཀྱི་མཐོང་སྣང་རགས་བསྡུས།

Posted on 2016-06-292016-06-29 By ཁ་བརྡ 6 Comments on རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐབས་ཀྱི་མཐོང་སྣང་རགས་བསྡུས།

འབྲིང་བ་དཀོན་མཆོག་འཇིགས་མེད།
 

གཅིག

༄། ལོ་ངོ་ཉི་ཤུ་ལྷག་གི་གོང་ཕ་ཡུལ་དུ་ཡོད་སྐབས་ལྷ་ས་བོད་རིག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་ཤིག་མཐོང་ཞིང་། དེ་དུས་ཕྱི་རྒྱལ་དུའང་བོད་རིག་པའི་ཚོགས་འདུ་འཚོགས་བཞིན་ཡོད་རབས་ཐོས། རྒྱ་གར་དུ་སླེབས་རྗེས་དེའི་སྐོར་གྱི་རྩོམ་ཡིག་མ་མཐོང་ལ་གནས་ཚུལ་ཡང་ཆེར་མ་ཐོས། ལོ་གསུམ་གོང་སོག་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ལ་གྲོགས་པོ་ཁ་ཤས་ཞུགས་པ་བརྒྱུད་དེའི་སྐོར་གནས་ཚུལ་རོབ་ཙམ་གོ་ཐོས་བྱུང་བས་དེ་ལ་བསྐྱར་དུ་དོ་སྣང་བྱུང་།

 

གཉིས།

ད་རེས་ནོར་ཝེའི་གྲོང་ཁྱེར་བྷིར་ཀན་དུ་ཚོགས་པའི་བོད་རིག་པའི་ཚོགས་འདུ་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐེངས་བཅུ་བཞི་པ་དེ་ཡིན་འདུག་ལ། འདི་ནི་བྷིར་ཀན་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ Hanna Havnevik ཞུ་བས་གཙོ་གཉེར་འོག་སློབ་གྲྭ་ཆེན་མོ་དེས་གོ་སྒྲིག་གནང་བ་ཞིག་རེད་འདུག

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི། “དཔྱད་གླེང་གྲོས་ཚོགས་འདིའི་དམིགས་ཡུལ་ནི་རིག་གཞུང་བགྲོ་གླེང་དང་ཤེས་ཡོན་བརྗེ་རེས་ལ་གར་སྟེགས་བསྐྲུན་ནས་བོད་རིག་པའི་ཞིབ་འཇུག་བྱ་བར་སྐུལ་འདེད་གཏོང་རྒྱུ་དེའོ།།”ཞེས་ཐེངས་འདིའི་ཚོགས་འདུའི་དྲ་ཚིགས་ཐོག་བཀོད་འདུག

 

གསུམ།

ད་ལན་གྱི་བོད་རིག་པའི་ཚོགས་འདུ་ནི་བྷིར་ཀན་གཙུག་ལག་སློབ་ཆེན་དུ་ཕྱི་ཟླ་ ༦ ཚེས་ ༡༩ ཕྱི་དྲོ་འགོ་འཛུགས་མཛད་སྒོ་དང་། ཚེས་ ༢༠ སྔ་དྲོ་ནས་བགྲོ་གླེང་ཚོགས་འདུ་དངོས་སུ་འགོ་བཟུང་སྟེ། ཚེས་ ༢༤ ཕྱི་དྲོ་མཇུག་བསྡུས། ཚོགས་འདུའི་ལས་རིམ་རེའུ་མིག་ཏུ་གསལ་བ་ལྟར་ན་བོད་རིག་པའི་སྐོར་དཔྱད་གླེང་གནང་མཁན་ ༤༣༠ ལྷག་ཡོད་པ་དང་། དེའི་ནང་བོད་ཕྱི་ནང་གཉིས་ཀ་ནས་ཕེབས་པའི་བོད་རིགས་ ༧༠ ཡས་མས་འདུག(དེའང་རྒན་གཞོན་གཉིས་ཀ ཕོ་མོ་གཉིས་ཀ སེར་སྐྱ་གཉིས་ཀ བན་བོན་གཉིས་ཀ དགེ་སློབ་གཉིས་ཀ་འདུག) གཞན་ཀུན་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཕེབས་པ་དང་། དེ་མིན་ཉི་ཧོང་དང་རྒྱ་དཀར་ནག ཐའེ་ཝན་སོགས་ནས་ཕེབས་པའང་འདུག
དཔྱད་གླེང་བ་རྣམས་ཀྱི་བརྗོད་གཞི་ནི་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད། སྙན་ངག ལོ་རྒྱུས། ཆོས་ལུགས། ཚད་མ། བྱིས་པའི་སློབ་གསོ། འབྲོག་པའི་འཚོ་བ། རྒྱན་གོས་ཆ་ལུགས་སོགས་མདོར་ན་བོད་དང་བོད་མིར་འབྲེལ་བའི་བརྗོད་གཞི་ཆེ་ཆུང་སྣ་ཚོགས་མཆིས། མི་རེའི་བགྲོ་གླེང་གི་དུས་ཡུན་ནི་ཆུ་ཚོད་ཕྱེད་ཀ་རེ་ཡིན་ཞིང་། དེའི་ནང་དུ་དྲི་བ་དྲིས་ལན་གྱི་དུས་ཡུན་སྐར་མ་བཅུའང་འདུས།

 

བཞི།

མི་རང་རང་གི་བརྗོད་གཞིའི་བགྲོ་གླེང་ནི་ཆུ་ཚོད་ཕྱེད་ཀ་རེའི་ནང་རྫོགས་འགྲོ་བས། དུས་ཚོད་ལྷག་མ་ཐམས་ཅད་མི་གཞན་གྱི་བགྲོ་གླེང་ལ་མཉམ་ཞུགས་བྱེད་རྒྱུ་དེ་རེད། གཞན་གྱི་བགྲོ་གླེང་ལ་མཉམ་ཞུགས་དང་ཚོགས་འདུའི་བར་གསེང་གི་སྐབས་སོགས་ནས་མཁས་པ་དང་ཤེས་ཡོན་ཅན་མང་པོ་ངོ་ཤེས་ཐུབ་པར་མ་ཟད། དེ་དག་གི་ས་ནས་གཏམ་གསར་པ་དང་ཤེས་བྱ་གསར་པ་ཐོབ་ཅིང་། ཚོགས་འདུའི་འགྲོ་ལུགས་སོགས་ཀྱི་ཉམས་མྱོང་གསར་པའང་རག་གི་འདུག

འོན་ཀྱང་། དཔྱད་གླེང་གནང་མཁན་ ༤༣༠ ལྷག་གིས་ཉིན་ ༤ དང་ཕྱེད་ཀའི་(ཉིན་གསུམ་པའི་སྔ་དྲོ་མ་གཏོགས་ཕྱི་དྲོ་རྒྱུན་ལས་གསར་འདེམས་ཀྱི་ཚོགས་འདུའི་དབང་གིས་བགྲོ་གླེང་ཚོགས་འདུ་མི་འདུག) ནང་རང་རང་གི་དཔྱད་རྩོམ་སྒྲོག་སྦྱང་གནང་ཐུབ་དགོས་པར་བརྟེན། དུས་གཅིག་ལ་མི་བཅུ་ཙམ་རེས་ཚོགས་ཁང་རེ་རེའི་ནང་བགྲོ་གླེང་བྱས་པས། བགྲོ་གླེང་ལ་ཞུགས་མཁན་མི་གཅིག་ལ་མཚོན་ན་ཉིན་ལྔའི་རིང་བགྲོ་གླེང་ ༤༣༠ ལྷག་གི་ནང་ནས་མང་མཐའ་ ༤༠ ཙམ་ལ་མ་གཏོགས་མཉམ་ཞུགས་ཐུབ་ཐབས་བྲལ། མི་གཅིག་གིས་བོད་རིག་པའི་དཔྱད་གླེང་ཚོགས་འདུ་འདིའི་ཆ་ཤས་བརྒྱ་ཆ་ ༡༠ ཙམ་མ་གཏོགས་ལེན་ཐུབ་ཐབས་མེད་པ་འདི་ནི་ཕངས་པའི་གནས་ཤིག་ཏུ་སྣང་།

དེ་བཞིན་ཚོགས་ཁང་ལ་ལའི་ནང་བགྲོ་གླེང་གཙོ་སྐྱོང་བ་མེད་པས་དུས་ཚོད་འཁྲུགས་པ་དང་། ལ་ལའི་ནང་བགྲོ་གླེང་ལ་ཉན་མཁན་མི་རེ་ཟུང་ལས་མེད་པས་བགྲོ་གླེང་མིང་ཙམ་དུ་གྱུར་པ། བགྲོ་གླེང་ཁ་ཤས་ནི་བསམ་ཚུལ་ཙམ་བརྗོད་པ་དང་ཡང་ན་ལས་དོན་ཞིག་གི་བརྒྱུད་རིམ་ངོ་སྤྲོད་ཙམ་ལས་རིག་གཞུང་གི་དཔྱད་བརྗོད་གང་ཡང་མེད་པའང་འདུག སྐད་སྒྱུར་ནི་གང་དུའང་མི་འདུག་པས་རང་སྐད་མ་གཏོགས་གཞན་སྐད་མི་ཤེས་མཁན་རྣམས་སྐད་རིགས་གཞན་གྱི་བགྲོ་གླེང་ལ་ཞུགས་མི་ཐུབ་པ་སོགས་བགྲོ་གླེང་བཀོད་སྒྲིག་བྱེད་སྟངས་ཀྱི་སྐྱོན་ཆའང་དུ་མ་མཐོང་།

 

ལྔ།

ཚོགས་འདུ་འདི་ལོ་གསུམ་རེའི་མཚམས་ནས་ཐེངས་རེ་འཚོགས་བཞིན་འདུག་ལ། ཚོགས་འདུ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམས་གསར་འདེམས་ཀྱང་བྱེད་ཀྱི་ཡོད་པ་ལྟར། ད་རེས་ཚོགས་གཙོ་མཁས་དབང་ཚེ་རིང་ཤཱཀྱ་ལགས་རང་འཇགས་དང་། རྒྱུན་ལས་རྣམས་གསར་འདེམས་བྱས་སོང་། འདིའི་འོས་འདེམས་ཀྱི་ཐོབ་ཐང་ནི་ཉུང་མཐར་ཚོགས་ཞུགས་ཐེངས་གཉིས་བསྟུད་མར་བྱས་མྱོང་བའི་ཚོགས་མི་རྙིང་པ་རྣམས་ལ་མ་གཏོགས་གསར་པ་ཚོ་ལ་མི་འདུག

ད་རེས་ཀྱི་ཚོགས་འདུ་འཚོགས་ཡུལ་ནོར་ཝེའི་བྷིར་ཀན་གྲོང་ཁྱེར་ནི་གནམ་གཤིས་གྲང་མོ་དང་། ཁོར་ཡུག་སྐྱིད་པོ། ཟས་ཆུ་འཕྲོད་པོ། ཡུལ་ཐང་མཐོ་པོ་འདུག་ལ། ནོར་ཝེར་གནས་བཞུགས་བོད་མི་ཚོས་ཚོགས་འདུའི་རིང་དང་བླངས་ཞབས་ཞུ་ཧ་ཅང་ལེགས་པོ་གནང་སོང་བ་བཅས་མཐོང་སྣང་རགས་བསྡུས་སུ།

འབྲིང་བ་དཀོན་མཆོག་འཇིགས་མེད་ཀྱིས། ནོར་ཝེའི་གྲོང་ཁྱེར་སི་ཏཱ་ཝང་གར་ནས། ༢༠༡༦/༦/༢༨

དྲན་ཐོ།

Post navigation

Previous Post: ང་ཚོ་ཐུན་མོང་གི་ནག་ཉེས་དང་ཉེན་ཁ།
Next Post: འཁྲིག་ཐབས་སློབ་ཁྲིད།

Comments (6) on “རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྐབས་ཀྱི་མཐོང་སྣང་རགས་བསྡུས།”

  1. གཅན བཟོད་རྒྱམ། says:
    2016-06-29 at 3:28 pm

    བཀུར་འོས་རྒན་འབྲིང་བ་དཀོན་མཆོག་ལགས་ཀྱི་མྱོང་བྱང་རགས་བསྡུས་གནད་འཁེལ་འདི་ཞིབ་ཏུ་བཀླགས་ཟིན།
    རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་ཚོགས་འདུ་སོགས་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་ཙམ་མཉམ་ཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ལ། བོད་མི་ཚོ་ཚོགས་འདུར་བཅར་ཞུགས་ཙམ་མ་ཡིན་པར་ཚོགས་འདུའི་ཐོག་ཏུ་དཔྱད་གླེང་གལ་ཆེན་དང་གནད་སྨིན་རེ་གནང་རྒྱུ་དེ་བས་གལ་ཆེན་པོར་མཐོང་།

  2. ཐུབ་བསྟན་ལེགས་བཤད། says:
    2016-06-29 at 11:56 pm

    རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་བསྟུན་ནས་བཙན་བྱོལ་ཁྲོད་ཀྱི་ཟ་ལེ་རྒྱལ་མང་པོ་ཞིག་བྲོས་འགྲོ་བ་ལམ་ལུགས་ལྟ་བུ་ཆགས་ཡོད་པ་བཞིན་ད་ལན་ཚོགས་འདུ་དེ་ནས་ཚུར་མི་ལོག་མཁན་ག་ཚོད་བྱུང་ཡོད་མེད་འབྲིང་བ་ཁྱེད་ཀྱིས་ཤེས་རྟོགས་བྱུང་ཡོད་དམ།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-06-30 at 5:57 am

    བླ་མ་ཡིད་བཞིན་ནོར་བུའི་ལམ་སྟོན་སྙིང་བཅང་གིས་ཞི་འཇམ་ངང་གནས་དགོས།
    http://tibettimes.net/%E0%BD%96%E0%BE%B3%E0%BC%8B%E0%BD%98%E0%BC%8B%E0%BD%A1%E0%BD%B2%E0%BD%91%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BD%93%E0%BC%8B%E0%BD%93%E0%BD%BC%E0%BD%A2%E0%BC%8B%E0%BD%96%E0%BD%B4%E0%BD%A0%E0%BD%B2/
    ་
    འདི་ལ་བོད་ཕྱི་ལོགས་ནས་ཞི་རྒོལ་བྱེད་འོས་པའི་གནས་ཚུལ་ཞིག་མ་ཡིན་ནམ། ལགས།

  4. ཡ་མ་ཚེ་རིང says:
    2016-06-30 at 8:58 am

    སྐུ་ཞབས་ཆུང་ཚེ་རིང་གིས་བཙན་བྱོལ་ནས་དབྱིན་སྐད་མི་ཤེས་མཁན་ཇེ་མང་རེད་ཟེར་བ་ཁོང་དང་ཁོང་ལྟ་བུ་ལ་ཟེར་བ་འདྲ། ཚོགས་འདུ་འདི་རྒྱལ་སྤྱིའི་ཚོགས་འདུ་སོང་ཙང་རྒྱལ་སྤྱིའི་སྐད་ཡིག་ཤེས་དགོས་པ་གལ་ཆེན་རེད་མ་གཏོགས་སྐད་བསྒྱུར་རེ་རེ་འཁྲིད་དགོས་ཟེར་ན་ཁག་པོ་རེད། གཙོ་བོ་སོ་སོའི་ངོས་ནས་སྐད་ཡིག་ཤེས་རྒྱུ་གལ་ཆེན་རེད། གལ་སྲིད་སོ་སོར་སྐད་ཡིག་གི་བཀག་རྒྱ་ཡོད་ན་ཨུ་ཚུགས་རྒྱབ་ནས་ས་མིག་མ་བཀག་ན་ཡག་གི་རེད།

  5. ཀརྡོ་གཉེར་ཕྱག་པ་་ says:
    2016-07-04 at 5:16 am

    རྟགས་འཇུག་སྐོར་ལ།
    https://www.youtube.com/watch?v=oI1FH4N4_fA&list=PLg4lZx-90iw–z1OY5z_84vNcSpbA4RN-&index=1

  6. ཤར་མདའ། says:
    2016-07-15 at 9:41 am

    གཙོ་བོ་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་གསུང་བ་བདེན་པ་རེད་ཡིན་ན་ཡང་ད་བར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཟེར་བའམ་བོད་རིག་པའི་ཚོགས་འདུ་ཞིག་ཡིན་ན་གཙོ་བོ་བོད་རང་གིས་སྐད་ཡིག་གཙོ་བོ་མཛད་སྒོས་པ་དང་ལྷག་པར་བོད་རིག་པ་ཚོགས་འདུའི་ཐོག་ཕེབས་མཁན་སུ་ཞིག་ཡིན་ན་ཡང་བོད་རང་གི་སྐད་ཡིག་མཁྱེན་དགོས་པ་གལ་ཆེན་རེད་དྲན་སོང་། མ་ཟད་མིང་གཅིག་བུ་དང་བགྲོ་གླེང་བྱེད་རྒྱུ་བོའི་བརྗོད་གཞི་གཅིག་བུ་ལ་ཐུགས་བསམ་བཞེས་ན་བོད་རིག་པའི་ཚོགས་འདུའི་གླེང་མོར་བོད་རང་གིས་རིག་གཞུང་ཞིག་ཡིན་ཙང་བོད་ཀྱི་སྐད་ཡིག་མཁྱེན་ན་འགྲིག་འདུག་ཡོད་པ་ཞིག་རེད་མ་ཟད་དེའི་ཐོག་ཕེབས་མཁན་སུ་ཞིག་ཡིན་རུང་བོད་སྐད་མཁྱེན་དགོས་པ་བརྗོད་མ་དགོས་པ་ཞིག་རེད་བསམ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme