Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཨོ་ལན་པཱ་ཐུར་ལ་འཚོགས་གཏན་འཁེལ་བ།

Posted on 2012-10-042012-10-04 By dhatsenpa 9 Comments on རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཨོ་ལན་པཱ་ཐུར་ལ་འཚོགས་གཏན་འཁེལ་བ།

གནས་ཚུལ་མཁོ་སྤྲོད་པ་མདའ་ཚན་བླ་མ་སྐྱབས།

སྤྱི་ལོ་༢༠༡༣ལོའི་ཟླ་བདུན་པའི་ཚེས་༢༡སྟེ་གཟའ་ཉི་མ་ནས་ཚེས་༢༧ ཏེ་གཟའ་སྤེན་པ་བར།

སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་༼MAS༽ཀྱིས་སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་དང་ལྷན་དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཨོ་ལན་པཱ་ཐུར་ལ་སྤྱི་ལོ་༢༠༡༣ལོའི་ཟླ་བདུན་པའི་ཚེས་༢༡༼གཟའ་ཉི་མ༽ཉིན་ནས་ཚེས་༢༧༼གཟའ་སྤེན་པ༽ཉིན་བར་འཚོགས་རྒྱུར་སྣེ་ལེན་མཐུན་རྐྱེན་སྒྲུབ་ཐུབ་པར་སྤྲོ་བས་ཁེངས་ཡོད། མཉམ་སྦྲེལ་གྱིས་ཚོགས་འདུ་བསྡུ་སྐོང་མཁན་ནི་སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གིDr S. Chuluunདང་། ཁེམ་བུ་རེ་རྗི་སློབ་གྲྭ་ཆེན་མོའིDr U. Bulag། སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པའི་སྡེ་ཁག་གི Dr Bumochir Dulam། ཨོག་ཁི་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་Dr Ulrike Roeslerབཅས་ཡིན། དེར་བརྟེན་ང་ཚོས་དགའ་སྤྲོ་ཆེན་པོའི་ངང་ཚོགས་ཆུང་འཛུགས་པ་དང་དཔྱད་རྩོམ་སྒྲོག་སྦྱོང་སོགས་ཀྱི་སྐོར་ལ་སྙན་ཞུ་ཕུལ་རོགས་ཞུ་ཞེས་འབོད་སྐུལ་ཞུ་བ་ཡིན།

ཚོགས་འདུ་བསྡུ་སྐོང་མཁན་ཚོས་སོག་པོར་ཡོད་པའི་སྦྱིན་བདག་རྣམས་དང་ལྷན་དུ་ལས་དོན་མཉམ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། སྦྱིན་བདག་རྣམ་པའི་གྲས་སུ་སོག་པོའི་ནང་བསྟན་ལྟེ་གནས་དང་རྒྱལ་ཡོངས་དཔེ་མཛོད་ཁང་། རྒྱལ་ཡོངས་སོག་པོའི་ལོ་རྒྱུས་འགྲེམ་སྟོན་ཁང་། རྒྱལ་ཡོངས་ཡིག་ཚགས་ཁང་སོགས་ཡོད་ལ། ཚོགས་འདུ་འཚོགས་ཡུལ་ནི་སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་ཡིན།

 

འགྲོ་སོང་གི་ཐད་ནས་ང་ཚོས་རྒྱལ་སྤྱིའི་ཚོགས་ཞུགས་པ་རྣམས་ལ་སོག་པོའི་ནང་ཁུལ་གྱི་ལམ་གླ་དང་། ཚོགས་འདུའི་སྐབས་ཀྱི་གུང་ཚིགས་དང་ཕྱི་དྲོ་གཉིས་ཀྱི་མཛད་སྒོའི་གསོལ་ཚིགས་བཅས་ཀྱི་འགྲོ་གྲོན། ཚོགས་འདུའི་རྩ་བའི་ཆ་རྐྱེན་སོགས་མཁོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད་པས་དགའ་སྤྲོས་བརྟས་ཡོད། ཡིན་ནའང་ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་དབང་གིས་ང་ཚོས་རྒྱལ་སྤྱིའི་འགྲུལ་བཞུད་དང་སྡོད་ཁང་གཉིས་ལ་རིན་མེད་མཐུན་རྐྱེན་སྒྲུབ་མི་ཐུབ་པས་དགོངས་འགལ་མེད་པ་ཞུ། ཡིན་ཡང་ང་ཚོས་མུ་མཐུད་དུ་ཕྱོགས་གང་ཐད་ནས་རོགས་དངུལ་རེག་ཅི་ཐུབ་བྱ་རྒྱུ་ཡིན་ལ། ཁྱེད་ཚོས་ཀྱང་རང་ཉིད་ཀྱི་ངོས་ནས་འགྲོ་གྲོན་གཏོང་ཐབས་ལ་འབད་པའི་རེ་བ་བཅངས་ཡོད།

 

སྡོད་ཁང་ཐད། ཨོ་ལན་པཱ་ཐར་དུ་མགྲོན་ཁང་དང་སློབ་མའི་ཉལ་ཁང་སོགས་རིགས་མང་པོ་ཞིག་ཡོད་ལ། ང་ཚོས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམས་ཀྱི་ཆེད་དུ་གང་ཐུབ་ཀྱིས་ཁང་རིན་དམའ་ཞིང་ཁེ་བོ་ཞིག་ཡོང་བ་བྱ་རྒྱུ་ཡིན། སྤྱི་ལོ་༢༠༡༢ ལོའི་ཟླ་དྲུག་པ་ནས་བཟུང་དྲ་ལམ་བརྒྱུད་དེ་སྡོད་ཁང་མངགས་ཉོ་བྱ་ཆོག

 

ཚོགས་འདུར་ཐོ་འགོད་ཀྱི་དངུལ། ཨ་སྒོར ༢༥༠ ཡིན།

མི་འགྱངས་པར་དྲ་ལམ་བརྒྱུད་དེ་ཐོ་འགོད་བྱ་ཆོག དྲ་ཚིགས་གང་ཡིན་སོགས་ཀྱི་གནས་ཚུལ་དུས་ལྟར་ཚང་མར་མཁོ་སྤྲོད་བྱ་ངེས་ཡིན། གནས་སྐབས་སུ་ཐོ་འགོད་བྱ་ཆེད་གཤམ་གྱི་རེའུ་མིག་གཉིས་ཀྱི་གཅིག་བེད་སྤྱོད་གནང་རོགས།

 

རེའུ་མིག་དང་པོ་དེ་ལཱ་ཐེན་ཡི་གེ་གཅིག་པུ་ཁོ་ནས་ཁ་སྐོང་བྱ་དགོས་པ་ཡིན་ལ། Wordལུགས་སུ་སྐུར་གནང་ཡོད་པ་ཞུ།

རེའུ་མིག་གཉིས་པ་PDF ལུགས་སུ་བཟོས་ཡོད་ལ་ཉིད་ཀྱིས་ཡིག་རིགས་གང་རུང་གི་ལམ་ནས་ཕྱག་བྲིས་སྒོས་ཁ་སྐོང་གནང་བ་དང་། དེ་ནས་གློག་པར་བརྒྱབ་སྟེ་གློག་འཕྲིན་གྱི་ཟུར་འདོགས་ནང་བཅུག་ནས་སྐུར་གནང་ཡོད་པ་ཞུ།

Word ལུགས་ཀྱི་རེའུ་མིག PDF ལུགས་ཀྱི་རེའུ་མིག

 

ཁ་སྐོང་གནང་ཚར་བའི་རེའུ་མིག་གཤམ་གྱི་གློག་བྱང་ལ་སྐུར་གནང་ཡོད་པ་ཞུ། iats2013@innerasiaresearch.org

 

 

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་སྐོང་མཁན་རྣམས་དང་། ཚོགས་གཙོ། དྲུང་ཆེ་བཅས་སློབ་སྟོན་ཚོགས་ཆུང་དང་གྲོས་འཆམ་བྱུང་བ་ལྟར། ཚོགས་འདུར་ཞུགས་འདོད་ཡོད་པ་རྣམས་ཀྱིས་གཤམ་གསལ་གྱི་དོན་ཚན་ཁག་ལ་ཐུགས་གཟབ་གནང་རོགས་ཞུ།

 

༡༽ སྤྱིར་ཚོགས་ཞུགས་པ་ཚོས་དཔྱད་རྩོམ་གཅིག་སྒྲོག་སྦྱོང་བྱ་དགོས་ཤིང་། སྒྲོག་སྦྱོང་དུས་ཡུན་སྐར་མ་ཉི་ཤུ་ཡིན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྤྱི་སྐད་བཞི་སྟེ། དབྱིན་སྐད། བོད་སྐད། ཧྥ་སྐད་དང་འཇར་མན་གྱི་སྐད་བཅས་བརྒྱུད་ནས་སྒྲོག་སྦྱོང་བྱ་ཆོག ཐེངས་འདིར་དམིགས་བསལ་དབང་གིས་དཔྱད་གཏམ་འགའ་ཤས་ཤིག་སོག་སྐད་ཐོག་གསུང་ཆོག་པར་ངོས་ལེན་བྱ་རྒྱུ་ཡིན།

 

༢༽ གལ་སྲིེད་ཁྱེད་ལ་བགྲོ་གླེང་དང་ཆེད་དམིགས་ཀྱི་ཚོགས་ཆུང་འདྲ་མིན་འཛུགས་འཆར་ཡོད་ན། ངེས་པར་དུ་དེའི་སྐོར་གྱི་འགྲེལ་བཤད་མདོར་བསྡུས་༼ཤོག་ངོས་གཅིག་ཙམ་ལོངས་པ༽ཤིག་སྤྱི་ལོ་༢༠༡༢ལོའི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་གི་སྔོན་ལ་འབུལ་སྤྲོད་གནང་དགོས།

 

༣༽ ཚོགས་ཞུགས་པ་ཚོས་ཚོགས་འདུ་གཞན་དུ་སྒྲོག་སྦྱོང་བྱས་ཟིན་པའམ་པར་སྐྲུན་བྱས་ཟིན་པའི་དཔྱད་རྩོམ་དག་བསྐྱར་སྒྲོག་བྱ་མི་ཆོག དཔྱད་རྩོམ་ཚང་མ་ཞིབ་འཇུག་གསར་བ་བྱས་པའི་གྲུབ་འབྲས་ཡིན་དགོས་པ་ལས། ཡོངས་ཁྱབ་ཏུ་སོང་བའི་རྩོམ་ཡིག་གཞན་དུ་བརྗོད་ཟིན་པའི་གནས་ཚུལ་དང་རྒྱུ་ཆ་སོགས་བསྐྱར་ཟློས་བྱས་པ་ཞིག་ཡིན་མི་ཆོག དཔྱད་རྩོམ་ཚང་མའི་ཁུངས་གཏུགས་ཡུལ་ཆེས་ཐོག་མའི་ཁུངས་སྣེ་ཡིན་དགོས་ཤིང་། ཡིག་ཐོག་དང་ངག་ཐོག་གང་ཡིན་ཡང་ཁུངས་ལུང་དེ། དང་ཐོག་སྐད་རིགས་གང་ལས་བྱུང་བ་ཡིན་ན་དེ་ལ་གཏུགས་དགོས། གལ་སྲིད་དཔྱད་རྩོམ་ཞིག་ལ་གོང་གསལ་ཆ་རྐྱེན་མི་འཛོམས་ནའང་བོད་རིག་པ་ཡར་རྒྱས་ལ་ཕན་རླབས་ཆེ་བ་ཞིག་ཡིན་ན་འཐུས།

 

༤༽ ཚོགས་ཞུགས་པ་ཚང་མས་རང་ཉིད་ཀྱི་དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཤིག་སྐུར་གནང་དགོས།

 

ཀ༽ རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུར་ཐེངས་དང་པོར་ཞུགས་མཁན་སློབ་མ་ཚོས། རང་ཉིད་ཀྱི་སློབ་གླིང་གི་སྡེ་ཁག་ནས་མཚམས་སྦྱོར་ཡི་གེ་རེ་དང་། ཕྱག་ལས་དང་པར་སྐྲུན་བྱས་པའི་བརྩམས་ཆོས་ཀྱི་མིང་ཐོ་ཡོད་པའི་མི་ཚེའི་ལོ་རྒྱུས་མདོར་བསྡུས་རེ་སྐུར་གནང་དགོས།

 

ཁ༽ ཐེངས་དང་པོར་ཚོགས་ཞུགས་བྱེད་མཁན་རྣམས་དང་། ཚོགས་ཞུགས་ཆེས་ཐོག་མ་དེ་(རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་)སྦེར་ཁྲེས་ཞི་ཁོ་ལམ་སྦི་ཡའི་སློབ་གྲྭ་ཆེན་མོར༼University of British Columbia༽ཚོགས་པའི་ཚོགས་ཐེངས་༡༢པ་ཡིན་པ་ཚོས། དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཤོག་ངོས་གཅིག་དང་ཕྱེད་ཀ་ཡོད་པ་ཞིག་སྤྱི་ལོ་༢༠༡༣ལོའི་ཟླ་དང་པོའི་ཚེས་གཅིག་ཡར་སྔོན་འབྱོར་ཐབས་བྱ་དགོས། དེའི་གྲས་སུ་སློབ་མ་ཚོའང་ཚུད་ཡོད། བགྲོ་གླེང་དང་ཆེད་དམིགས་ཚོགས་ཆུང་རིགས་ལ་ཞུགས་མཁན་ཚོས་ཀྱང་གོང་སྨྲས་བཞིན་གནང་དགོས།

 

ག༽ གཞན་རྣམས་ཀྱིས་དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཤོག་ངོས་གཅིག་ཙམ་ལོངས་པ་ཞིག་གོང་སྨྲས་ལྟར་སྐུར་གནང་དགོས།

 

ང༽ དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཚང་མར་ཞིབ་བཤེར་བྱ་རྒྱུ་ཡིན་ལ། གལ་སྲིད་དཔྱད་རྩོམ་ཞིག་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བརྩམས་ཆོས་ཀྱི་ཆུ་ཚད་ལ་བསླེབ་མི་འདུག་བསམས་ན་དེ་ངོས་ལེན་བྱ་མི་སྲིད།

 

ཅ༽ ཞིབ་འཇུག་པ་སྒེར་བ་༼རང་ཐད་ནས་ཞིབ་འཇུག་བྱེད་མཁན་༽ཡོངས་ལ་དཔྱད་རྩོམ་སྐུར་གནང་རོགས་ཞེས་སྐུལ་སློང་བྱེད་པ་ཡིན།

 

༥༽ སློབ་མ་སོགས་ཟུར་ཞུགས་གཅིག་པུ་བྱ་འདོད་ཡོད་མཁན་ཚོས་རང་ཉིད་ཀྱི་ད་ལྟའི་སློབ་གཉེར་གྱི་གནས་སྟངས་དང་ཞིབ་འཇུག་གི་འདོད་མོས་ཞིབ་འབྲི་བྱས་པ་ཤོག་ངོས་གཅིག་དང་ཕྱེད་ཀ་ཙམ་དང་། རང་རང་གི་ཞིབ་འཇུག་སློབ་གླིང་ནས་མཚམས་སྦྱོར་ཡི་གེ་བཅས་སྤྱི་ལོ་༢༠༡༣ལོའི་ཟླ་དང་པོིའི་ཚེས་གཅིག་ཡར་སྔོན་སྙན་ཞུ་འབུལ་དགོས། ཞིབ་འཇུག་པ་སྒེར་པ་ཚོས་ཀྱང་དེ་བཞིན་བྱ་དགོས་ཤིང་ཁོང་ཚོས་མཚམས་སྦྱོར་ཡི་གེ་དེ་བོད་རིག་པ་བ་ཚད་ལྡན་གང་རུང་ཞིག་ལས་ལེན་ཆོག

 

༦༽ ཚོགས་ཞུགས་པ་ཚོས་བརྗོད་བྱ་བྱེ་བྲག་པ་ཞིག་གི་སྐོར་ལ་བགྲོ་གླེང་ངམ་ཆེད་དམིགས་ཚོགས་ཆུང་འཛུགས་ཆོག ཡིན་ནའང་འབྲེལ་ཡོད་ཀྱི་མི་ལ་འབྲེལ་གཏུག་བྱ་རྒྱུ་དང་། འཆར་གཞི་དེ་འདྲའི་སྐོར་ལ་ཚོགས་འདུ་བསྡུ་སྐོང་མཁན་ཚོར་གནས་ཚུལ་བརྗོད་རྒྱུ་ནི་ཁོང་ཚོའི་འོས་འགན་ཡིན། བགྲོ་གླེང་ཚོགས་ཆུང་དུ་ཞུགས་མཁན་ཚོས་ཚོགས་ཆུང་གཞན་དུ་དཔྱད་རྩོམ་སྒྲོག་སྦྱོང་བྱ་མི་ཆོག་པ་ཤེས་རྟོགས་ཡོད་པ་ཞུ།

 

༧༽ གལ་སྲིད་ཁྱེད་རང་ཚོགས་འདུ་ཐེངས་བཅུ་གསུམ་པར་ཞུགས་འདོད་ཡོད་ན། རང་ཉིད་ཀྱི་སྙན་ཞུ་དང་དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་དེ་སྤྱི་ལོ་༢༠༡༣ལོའི་ཟླ་དང་པོའི་ཚེས་གཅིག་ཡར་སྔོན་དུ་སྐུར་གནང་ཡོད་པ་ཞུ། སྙན་ཞུ་ངོས་ལེན་བྱས་ཡོད་མེད་ཀྱི་ཡིག་ལན་སྤྱི་ལོ་༢༠༡༣ལོའི་ཟླ་གཉིས་པའི་ཟླ་མཇུག་ལ་སྐུར་ཡོང་ངེས་ཡིན།

 

༨༽ གལ་སྲིད་ཁྱེད་རང་ཚོགས་འདུ་ཐེངས་བཅུ་གསུམ་པར་ཞུགས་ཆོག་པའི་ངོས་ལེན་བྱས་པ་ཡིན་ན། ཚོགས་འདུའི་ཐོ་འགོད་ཀྱི་དངུལ་སྤྱི་ལོ་༢༠༡༣ལོའི་ཟླ་གསུམ་པའི་ཚེས༣༡བར་ངེས་པར་དུ་འབྱོར་བ་བྱ་དགོས། གང་ཡིན་ཞེ་ན། ང་ཚོས་ཚོགས་འདུའི་འགྲོ་སོང་ཚོགས་འདུ་མ་འཚོགས་སྔོན་ནས་རྩིས་རྒྱག་དགོས་པས་སོ། །

 

༩༽ ཚོགས་ཞུགས་པ་ཚང་མས་རང་རང་སོ་སོའི་ཐོངས་མཆན་དང་འགྲུལ་བཞུད་ཁག་ཐེག་ལ་རང་ཉིད་ཀྱིས་ཐབས་ཤེས་འཐེན་དགོས། སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ལ་གནད་དོན་དེ་དག་སྐོར་ལ་འགན་ཁུར་མེད། ཐོངས་མཆན་ལེན་རྒྱུར་གདན་ཞུའི་ཡི་གེ་དགོས་མཁོ་ཡོད་ན་རེ་སྐུལ་བྱོས་དང་སྐུར་ཆོག

 

ཚོགས་འདུའི་སྐོར་ལ་གནས་ཚུལ་གསར་བ་ཅི་བྱུང་བ་དེ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པས་ཉར་ཚགས་བྱས་ཡོད་པའི་མཚན་བྱང་ལྟར་ཚང་མར་སྐུར་རྒྱུ་ཡིན། གལ་སྲིད་མཚན་ཐོ་དེའི་ནང་ཁྱེད་རང་མེད་པ་ཡིན་ན་གཤམ་གྱི་དྲ་ལམ་བརྒྱུད་དེ་མཚན་དང་ཁ་བྱང་ཐོ་འགོད་གནང་རོགས་ཞུ། http://www.thlib.org/collections/texts/jiats/newsupdates-jiats.php

 

 

ཚོགས་འདུ་ཐེངས་བཅུ་གསུམ་པའི་སྐོར་ལ་འབྲེལ་གཏུག་བྱ་ན་གཤམ་གྱི་གློག་བྱང་བརྒྱུད་རོགས། iats2013@innerasiaresearch.org

གསལ་བསྒྲགས།

Post navigation

Previous Post: འབྲོག་མིའི་ཁ་བརྡ།།
Next Post: ཁྱད་མཁས་མི་སྣ་གསོ་སྐྱོང་གསལ་བསྒྲགས། ༼༢ ༽

Comments (9) on “རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་ཨོ་ལན་པཱ་ཐུར་ལ་འཚོགས་གཏན་འཁེལ་བ།”

  1. གངས་སེང་ says:
    2012-10-04 at 8:24 pm

    ཐུགས་རྗེ་ཆེ། ཤིན་ཏུ་ལེགས། ཁོ་བོར་ཡང་ཐོངས་མཆན་འབྱོར་ན་དེར་འགྲོ་གཏན་ཁེལ་ཡིན། ངའི་དཔྱད་རྩོམ་གྱི་མིང་ལ་ཟེར་བ་དེ་ཡིན། གངས་སེང་ནས།

  2. གངས་སེང་ says:
    2012-10-04 at 8:30 pm

    དགོངས་དག ངའི་མཆན་ཨང་དང་པོའི་ནང་དཔྱད་རྩོམ་གྱི་མིང་ཆད་འདུག དེ་ནི་འདི་ཡིན། “སངས་རྒྱས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་པ་དེ་ཚད་མའི་གྲུབ་དོན་ཞིག་ཡིན་མིན་ནུབ་ཕྱོགས་པའི་ཚན་རིག་པ་ལ་གཞི་བཅོལ་ཡོད།”

  3. སྤོབས་པ་མཐའ་ཡས། says:
    2012-10-04 at 9:07 pm

    འདི་ལ་ཞུགས་ན་ཕན་ཐོགས་གང་ཡང་མེད་པ་འདྲ། འདིའི་ནང་དུ་ཅིག་ཤེས་མཁན་མི་ཤེས་མཁན་ཚང་མ་སླེབས་འདུག བཤད་རྒྱུ་དེ་ཡང་ཡིན་པ་མིན་པ་ཚང་མ་བཤད་ཡོང་གིན་འདུག དོན་དག་གནད་ཅན་འདི་གླེང་སོང་ཟེར་བ་ཞིག་མི་འདུག་ལ་བགྲོ་གླེང་གཞི་འདི་རེད་ཟེར་བ་ཞིག་ཀྱང་བརྟན་པོ་མི་འདུག གླེང་གཞི་ལ་དོ་སྣང་ནན་པོ་སྤྲད་ནས་སྟངས་འཛིན་དང་ཁ་ཕྱོགས་འཛིན་མཁན་ངོ་མ་ཞིག་ཀྱང་མི་འདུག ཐག་འདི་ཆོད་སོང་ཟེར་བ་ཞིག་ནི་གང་ཡང་མི་འདུག འདི་ལ་ཞུགས་ན་ཕན་ཐོགས་ལྟ་བུ་ཞིག་གང་འདུག་ཟེར་ན་བོད་ཕྱི་ནང་གི་མི་མང་པོ་ཞིག་མཐོང་ཞུབ་གི་འདུག ཞུག་ཀྱང་ཐུབ་གི་འདུག ཕན་ཐོགས་ཟེར་ན་དེ་ཙམ་རེད། མེད་པ་ལས་ནི་འདི་འདྲ་ཞིག་ཡོད་པ་དེ་དྲག་ས་རེད། དེ་མིན་ངས་འདི་ལ་དོ་སྣང་གང་ཡང་སྤྲད་ཀྱིན་མེད། གལ་གནད་ཆེན་པོ་ཞིག་ལ་གང་ཡང་བརྩི་གི་མེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-10-04 at 9:54 pm

    དགའ་བསུ་ཡོད།

  5. གྲི་ནག་ཡུ་དམར། says:
    2012-10-05 at 3:32 am

    རྒྱུ་མཚན་རྐང་གཅིག་མེད། ལས་ཀ་ཐེབས་པ་རང་རེད། ཕྱི་དར་གོས་གྱི་ཡོལ་བ། ནང་རྩ་ལྡུམ་འཇག་མ།

  6. ཇ་མ་ says:
    2012-10-05 at 9:21 am

    ཚོགས་འདུ་འདིར་ཞུགས་ན། དོན་དག་ཡོད་མེད་མ་རེད། སྤྱིར་བཏང་ཚོགས་འདུ་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་ནི་རླབས་ཆེ་བ་ཞིག་རེད།

  7. མགོན་པོ་ཕྱག་གཉིས་པ། says:
    2012-10-05 at 4:32 pm

    གཤམ་གསལ་གྱི་ཆ་རྐྱེན་ལྟར་དངོས་སུ་སོང་བ་ཡིན་ན་མཁས་པ་ངོ་མ་རྐྱང་དང་དཔྱད་རྩོམ་རིན་ཐང་ཅན་རྐྱང་འཛོམས་ཀྱི་རེད། ད་ལྟ་རྒྱལ་སྤྱིའི་ཐོག་ཧ་ལས་པའི་དཔྱད་རྩོམ་དང་དཔེ་ཆ་མཐོང་རྒྱུ་འདུག ཁོ་ཚོ་ལ་ཡིད་སྨོན་ཞུ་རྒྱུ་ཙམ་ལས་རང་གིས་ནི་གང་ཡང་འཇོན་གྱི་མི་འདུག ཅིག་འབྲི་འདོད་ནའང་རྒྱུ་ཆ་དང་པོ་རྣམས་མ་རེག་དུས་ཁ་ཁར་འདུག་རྒྱུ་ལས་མི་འདུག རྒྱུ་ཆ་དང་པོ་ཟེར་བ་དང་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བརྩམས་ཆོས་ཟེར་བ་དེ་ཚོ་ངོ་མ་གལ་ཆེན་དུ་མཐོང་། ད་བོད་ཀྱི་མཁས་པ་ཚོ་ད་འདིའི་ནང་ཚུད་ཁ་དཀའ་ས་རེད་གོ མཁས་པ་རེ་ཟུང་ལས།
    ཀ དཔྱད་རྩོམ་ཚང་མ་ཞིབ་འཇུག་གསར་བ་བྱས་པའི་གྲུབ་འབྲས་ཡིན་དགོས་པ་ལས། ཡོངས་ཁྱབ་ཏུ་སོང་བའི་རྩོམ་ཡིག་གཞན་དུ་བརྗོད་ཟིན་པའི་གནས་ཚུལ་དང་རྒྱུ་ཆ་སོགས་བསྐྱར་ཟློས་བྱས་པ་ཞིག་ཡིན་མི་ཆོག དཔྱད་རྩོམ་ཚང་མའི་ཁུངས་གཏུགས་ཡུལ་ཆེས་ཐོག་མའི་ཁུངས་སྣེ་ཡིན་དགོས་ཤིང་། ཡིག་ཐོག་དང་ངག་ཐོག་གང་ཡིན་ཡང་ཁུངས་ལུང་དེ། དང་ཐོག་སྐད་རིགས་གང་ལས་བྱུང་བ་ཡིན་ན་དེ་ལ་གཏུགས་དགོས།
    ༢ དཔྱད་རྩོམ་གྱི་ནང་དོན་སྙིང་བསྡུས་ཚང་མར་ཞིབ་བཤེར་བྱ་རྒྱུ་ཡིན་ལ། གལ་སྲིད་དཔྱད་རྩོམ་ཞིག་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བརྩམས་ཆོས་ཀྱི་ཆུ་ཚད་ལ་བསླེབ་མི་འདུག་བསམས་ན་དེ་ངོས་ལེན་བྱ་མི་སྲིད།

  8. ཏི་སི། says:
    2012-10-07 at 2:24 am

    དེ་ཡིན་ན་ངེས་པར་དུ་ཚོགས་འདུས་ཁ་ཟས་ལོངས་སྤྱོད་ནས་དུས་འདའ་བ་མ་ཡིན་པར་དོན་གནད་དུ་ཚོགས་སྨྲ་བརྗོད་ངེས་པོ་ཞིག་གནང་རོག

  9. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 2:53 am

    ༧༽ མགོན་པོ་ཕྱག་གཉིས་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༥ གི་ཆུ་ཚོད་ ༡༦ སྐར་མ་ ༣༢
    གཤམ་གསལ་གྱི་ཆ་རྐྱེན་ལྟར་དངོས་སུ་སོང་བ་ཡིན་ན་མཁས་པ་ངོ་མ་རྐྱང་དང་དཔྱད་རྩོམ་རིན་ཐང་ཅན་རྐྱང་འཛོམས་ཀྱི་རེད། ་་་་་ཟེར་བདེན་ཏེ། རྗེ་རིན་པོ་ཆེས་པོ་ཏི་བཅོ་བརྒྱད་བཞིན་ནོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme