Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་གཏན་འཁེལ་བའི་གསལ་བསྒྲགས།  

Posted on 2017-05-012017-05-01 By ཁ་བརྡ 19 Comments on རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་གཏན་འཁེལ་བའི་གསལ་བསྒྲགས།  

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་གོ་སྒྲིག་ཚོགས་ཆུང་།

 

བོད་རང་བཙན་སླར་གསོའི་ཆོད་སེམས་ལ་འགྱུར་བ་མེད་པའི་བོད་མི་སྤུན་ཟླ་རྣམ་པ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་སྙན་ལམ་དུ།

མཁྱེན་གསལ་ལྟར་ཕྱི་ལོ་ ༢༠༡༦ ལོར་འཚོགས་པའི་ནིའུ་ཡོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱིས་ཕྱི་ལོ་ ༢༠༡༧ ལོར་ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འཚོགས་རྒྱུར་གྲོས་མཐུན་བྱུང་བ་ལྟར།  ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༠༨ པར་ནུབ་ཕྱོགས་ཡུ་རོབ་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཕ་རན་སི་དང་། སུད་སི། སྦེལ་ལྗམ་བཅས་སུ་གནས་སྡོད་བོད་མི་བོད་རང་བཙན་དོན་གཉེར་བའི་འཐུས་ཚབ་ལྷན་འཛོམས་ཐོག མི་མང་རང་བཞིན་གྱིས་གོ་སྒྲིག་ཞུ་བཞིན་པའི་རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་གྱི་ཚོགས་ཆེན་ཐེངས་བཞི་པའི་གོ་སྒྲིག་ཚོགས་ཆུང་དངོས་སུ་བསྐོ་འཛུགས་ཞུས་པ་དང་།  གོ་སྒྲིག་ཚོགས་ཆུང་གི་ཚོགས་ཐོག་གྲོས་ཆོད་བཞིན།   ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༨ ཚེས་ ༢༡-༢༣ བར་༼རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ། ༢༠༡༧༽ ཞེས་པ་ཕ་རན་སིའི་རྒྱལ་ས་པེ་རི་སིར་དངོས་སུ་འཚོགས་གཏན་འཁེལ་བའི་གཏམ་བཟང་འདི་བཞིན་དགའ་སྤྲོ་ཆེན་པོའི་ཐོག་ནས་གསལ་བསྒྲགས་ཞུ་ཡི་ཡོད།

ད་ལན་འཚོགས་རྒྱུའི་རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་དང་། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་མིའི་ཚོགས་སྡེ་ཁག ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཁག  རྒྱ་གར་དང་བལ་ཡུལ་བཅས་ནས་ཆེད་དུ་གདན་ཞུས་མི་སྣ་ཁག གཞན་ཡང་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ། ཡོ་རོབ་རྒྱལ་ཁབ་ཁག  ཨོ་སི་ཁྲོ་ལི་ཡ། ཐེ་ཝན་སོགས་ནས་ཚོགས་ཞུགས་བོད་མི་དང་།  བོད་དོན་རྒྱབ་སྐྱོར་བ་སོགས་ལས་གྲུབ་པའི་ཚོགས་ཆེན་འཚོགས་ཐུབ་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད་ལ། ཚོགས་འདུའི་ལས་རིམ་ཞིབ་ཕྲ་རིམ་པས་གསལ་བསྒྲགས་ཡོང་རྒྱུ་ལ་ཐུགས་སྣང་གནང་རོགས།

འདི་ནས་ཚོགས་ཞུགས་པའི་བཞུགས་གནས་སོགས་ཁྱོན་ཡོངས་ཀྱི་གོ་སྒྲིག་ལ་ཁྱད་པར་འདུག་པས། འདི་ལོའི་རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཨ་རི་དང་། ཁེ་ན་ཌ།  སུད་སི། དབྱིན་ཡུལ། ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་ཁག  ཨོ་སི་ཁྲོ་ལི་ཡ། ཐེ་ཝན་སོགས་ནས་ཚོགས་ཞུགས་གནང་འདོད་ཡོད་རིགས་ཀྱིས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༦ ཚེས་ ༣༠ སྔོན་ལ་གཤམ་གསལ་མྱུར་འཕྲིན་ཁ་བྱང་བརྒྱུད་ནས་གོ་སྒྲིག་ཚོགས་ཆུང་ལ་འབྲེལ་བ་གནང་རོགས་ཞུ་བ་ཡིན།

ཚོགས་ཆེན་ལ་དངོས་སུ་ཞུགས་མཁན་མིན་ན་ཡང་ཚོགས་འདུའི་ཆ་ཤས་སུ་བོད་དོན་ཆབ་སྲིད་ཀྱི་ཟབ་སྦྱོང་ཁག་འགའ་གོ་སྒྲིག་ཡོད་པས་དེ་སྐབས་ཟུར་ཉན་དུ་ཕེབས་འདོད་ཡོད་རིགས་ཚོས་སྔོན་ཚུད་ནས་རང་ཉིད་ལ་དེ་སྐབས་གུང་སེང་ཡོད་པ་བཟོ་རྒྱུ་མ་བརྗེད་པ་གནང་རོགས། འདི་ནི་ཁྱོད་ཉིད་བོད་དོན་སྐོར་ལ་ཤེས་རྟོགས་ཚད་ལྡན་ཞིག་ཡོང་བ་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན།
མི་མང་རང་བཞིན་གྱིས་གོ་སྒྲིག་ཞུ་བཞིན་པའི་རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་ཚོགས་ཆེན་གྱི་འགྲོ་གྲོན་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་གནང་འདོད་ཡོད་རིགས་ཀྱིས་གོ་སྒྲིག་ཚོགས་ཆུང་གིས་བཀྲམས་པའི་ཞལ་འདེབས་དེབ་ཆུང་བརྒྱུད་ནས་སམ།  ཡང་ན་གོ་སྒྲིག་ཚོགས་ཆུང་ལ་ཐད་ཀར་མྱུར་འཕྲིན་ཁ་བྱང་ཐོག་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ་བཞིན་ཡོད།

རྒྱལ་སྤྱི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པའི་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ། ༢༠༡༧ ཕྱི་ཟླ་ ༠༤ ཚེས་ ༣༠ ལ།

དྲ་རྒྱ་ཁ་བྱང་། https://ircp2017.wordpress.com
མྱུར་འཕྲིན་ཁ་བྱང་། Ircp2017@gmail.com
ངོ་དེབ། Bod Rangtsen

གསལ་བསྒྲགས།

Post navigation

Previous Post: མཛའ་ན་མོ
Next Post: བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱུང་འདུག

Comments (19) on “རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་གཏན་འཁེལ་བའི་གསལ་བསྒྲགས།  ”

  1. གནམ says:
    2017-05-02 at 6:26 am

    ༼ཚོགས་ཆེན་གྱི་འགྲོ་གྲོན་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་བྱེད་ན་དགའ་བསུ་ཞུ།༽འགྲོ་གྲོན་དེ་འདྲ་ཙམ་ཞིག་མེད་ན། བོད་རང་བཙན་འཐབ་རྩོད་བྱེད་སྤྱད་ཀྱི་འགྲོ་གྲོན་ཞིག་གང་ན་ཡོད་དམ། ཤུགས་ཆེན་པོ་ཞིག་བརྒྱབས་ན་མ་གཏོགས། ལག་སྟོང་མཆན། ཁ་གཏམ་གནམ་ལ་ཕྱེར་ན། ང་ཚོས་ཐང་གི་རྡོ་ལེན་རོགས་ལ་རུམ་གྱི་བྲོ་བོར་བའི་དཔེ་བཞིན་མི་འགྲོ་བའི་ངེས་བ་མི་འདུག། ལས་དོན་གལ་ཆེན་འདི་འདྲ་གླེང་སྐབས་། ཡི་གེ་ན་གཅིག་ཡིན་ན་ཡང་། བཤད་ཤེས་བ་བྱེད་དགོས་བ་མཁྱེན་པར་ཤོག།

  2. ཇོ་སྲས་ངག་དབང་། says:
    2017-05-02 at 7:01 am

    གསལ་བསྒྲགས་དེ་མཐོང་སོང་། ཨ་གང་དྲགས་བསམ་པ་བྱུང་།

  3. སྣྲོན ངག་ཁྲི། says:
    2017-05-02 at 7:06 am

    འོས་སྡུའི་སྔ་རྗེས་ཀྱི་སྐབས་མཚམས་དང་དེ་མིན་ཉེ་བའི་ཟླ་ཤས་ནང་གི་ཚོགས་མི་གྲགས་ཅན་བྱེ་བྲག་པ་འགའི་ཚུལ་མིན་གྱི་ཐལ་ཆ་ཆེ་བའི་བྱ་སྤྱོད་ལ་བརྟེན་ནས་ད་རེས་རྩ་དོན་རང་བཞིན་ཅན་གྱི་ལས་འགུལ་ལམ།
    ཚོགས་ཆེན་དེ་ལ་ཡང་དོ་ཕོག་ཤུགས་ཆེ་ཐེབ་ངེས་ཡིན་སྟབས། ཕལ་ཆེར་ཚོགས་བཅར་བའི་མི་གྲངས་སོགས་ཕྱོགས་གང་སྤྱིའི་ངོས་ནས་གཞི་རྒྱ་ཇེ་ཆུང་དུ་འགྲོ་ཉེན་ཤིན་ཏུ་ཆེ་བར་སོང་། གནད་དོན་དེའི་ཐད་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་ཁྱེད་རྣམ་པའི་ངོས་ནས་འཚོགས་ལ་ཉེ་བའི་ཚོགས་ཆེན་དེ་ཉིད་ཚོགས་ཆུང་ཞིག་ཏུ་མི་འགྱུར་བའི་ཆེད། དགོས་ངེས་ཀྱི་དཔལ་འབྱོར་དང་ཚོགས་བཅར་བའི་འདུ་འགོད་གྱི་ཐད་ནུས་ཇི་ཙམ་འདོན་འཆར་ཡོད་མེདཀྱི་སྐོར་ལ་གདོང་ལེན་གནང་འཆར་གང་གང་ཡོད་མིན་ངེས་གསུངས་གནང་བར་ཅི་ནས་མཁྱེན། མཁྱེན།

  4. བཀྲ་ཡེ་ཚང་། says:
    2017-05-02 at 10:58 am

    རང་བཙན་ཞེས་པའི་ཐ་སྙད་དེ་གོ་ཡོང་དུས་་་་་རྒྱ་དགའ་བ་མང་པོ་ཞིག་གི་སེམས་མ་བདེ་བ་ཆགས་ཡོད་ས་རེད།

  5. ནུབ་ཕྱོགས་གངས་ཕྲུག says:
    2017-05-02 at 12:57 pm

    རང་བཙན་འཐབ་རྩོད་ཡག་པོ་རེད། ཡིན་འནང་ཁ་ཐབས་ཞན་པོ་ཡོད་ས་རེད། ཚོགས་འདུར་བཅར་མཁན་ཤེས་ཡོན་ཅན་འཇམ་ནོར་མ་གཏོགས་དེ་མིན་མང་ཆེ་བ་རྒྱ་མིའི་ཟ་ཁང་གི་སྣོད་འཁྲུས་མཁན་གསར་འབྱོར་བ་མ་གཏོགས་ཡོད་ཀྱི་མ་རེད།

  6. ནོར་བུ says:
    2017-05-02 at 8:51 pm

    [[ བོད་རང་བཙན་རྒྱལ་ཡོངས་ཚོགས་ཆེན་སྐབས་༢༡༤༤ པ ]]

    གོང་དུ་མིང་བྱང་འདིར་བཞིན་བྲིས ་ ་ ་གོ་སྒྲིགས་ཚོགས་པ

  7. ཁ་ཞེ་གཉིས་མེད་ says:
    2017-05-02 at 10:44 pm

    གཞིས་བཞུགས་སྤུན་ཟླ་ཕལ་མོ་ཆེའི་མངོན་འདོད་དང་། བདག་སོགས་གཞིས་བྱེས་བོད་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མ་འགལ་བ་ཞིག་ཅི་ནས་ཀྱང་གནང་དགོས་པ་བོད་མི་རྩམ་གཟན་ཡོངས་ལ་འཁྲི་བའི་ལས་འགན་ཡིན་པ་བརྗེད་མི་ཉན། ང་ཚོས་བྱ་བ་གང་འདྲ་ཞིག་བརྩམ་ཡང་གཞིས་བཞུགས་སྤུན་ཟླ་རྣམས་ལ་སྐུ་ངལ་མ་ཕྲད་པ་དང་། ༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གོ་བསྡུར་རབ་དང་རིམ་པ་དང་། བརྟག་དཔྱད་ཀྱང་རབ་དང་རིམ་པ་གནང་རྗེས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་དོ་ཕོག་མི་ཡོང་བ་གནང་དགོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་བར་དུ་སྐུ་ངལ་ཇི་བསྐྱོན་ཚང་མ་རིས་མེད་པའི་འགྲོ་བ་རྣམས་དང་། ཡང་སྒོས་བོད་ཀྱི་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་ཡིན་ན། ཁོང་གི་བཀའ་དྲིན་ཤེས་པའི་སྒོ་ནས་སྐུ་འཚོ་བཞུགས་རིང་ཐུགས་དགྱེས་པོ་ཡོང་བའི་མཆོད་སྤྲིན་བསྟར་མ་ཐུབ་ཀྱང་ཐུགས་ཕམ་ཡོང་གཞིའི་རིགས་མི་གནང་བར་ཞུ་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་ལགས།

  8. བོད་གཤེས་ཡག says:
    2017-05-02 at 11:31 pm

    གཞིས་བཞུགས་སྤུན་ཟླ་ཕལ་མོ་ཆེའི་མངོན་འདོད་དང་། བདག་སོགས་གཞིས་བྱེས་བོད་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མ་འགལ་བ་ཞིག་ཅི་ནས་ཀྱང་གནང་དགོས་པ་བོད་མི་རྩམ་གཟན་ཡོངས་ལ་འཁྲི་བའི་ལས་འགན་ཡིན་པ་བརྗེད་མི་ཉན།

  9. ཁུ་བྱུག says:
    2017-05-03 at 1:28 am

    བོད་ཐོག་མཁྲེགས་འཛིན་ཅན་གྱི་རྒྱ་ནག་གཞུང་གི་དཔོན་ངན་ཁག་ཅིག་གིས། ཏཱ་ལའི་བླ་མ་དང་དེའི་སྒྲིག་འཛུགས་ཀྱིས་ནམ་ཡང་རྒྱལ་ཁབ་ཁ་བྲལ་གྱི་བྱ་ངན་མཚམས་བཞག་མེད་པ་དང་། རང་བཙན་གྱི་སྤྱོད་ངན་མཚམས་བཞག་མེད་པས། ནམ་ཡང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་མེད་པ་དང་། བོད་མི་ཚོ་ནི་བཟང་པོའི་དྲིན་མི་ཤེས་མཁན། ཕར་ཡིད་ཆེས་བྱས་ན་ཚུར་ཡིད་ཆེས་མི་བྱེད་མཁན་ཞེ་ཅིག་རེད་འདུག་པས། ངེས་པར་དུ་དགྲ་ཁ་གཏད་ཀྱི་རྣམ་འགྱུར་མཐའ་འཁྱོངས་དགོས་ཚུལ་གྱི་ཧམ་རྫུན་བཤད་དེ། བོད་དོན་བཤད་ཁུལ། བོད་དོན་ཤེས་ཁུལ་གྱིས། ཀྲུང་དབྱང་ལ་མགོ་བསྐོར་བཏང་། ཀྲུང་དབྱང་གི་དཔོན་རིགས་ནང་ཁུལ་གྱིས་ནང་ཁུལ་ལ་མགོ་བསྐོར་བཏང་། ས་གནས་མི་རིགས་ཚོར་མགོ་བསྐོར་བཏང་སྟེ། མདོར་ན་བོད་དོན་ཟེར་བ་དཔོན་ངན་ཁ་ཤས་ཀྱི་ཚོང་རྫས་ཉག་ཅིག་ཏུ་ལོག་སྤྱོད་བྱེད་བཞིན་པའི་ནང་། རྒྱལ་ཕྱིའི་བོད་ཀྱི་རང་བཙན་འབོད་སྒྲ་ནི་ཆུང་ངུ་ཆེན་པོ་དང་། ཉུང་བ་མང་པོ་བཟོས་ཏེ་དཔོན་ངན་ཁོ་ཚོའི་རྫུན་གཏམ་འགེབས་བྱེད་ཀྱི་ལག་ཆ་བེད་སྤྱོད་ཆེ་ཤོས་ཤིག་ཆགས་ཡོད། རང་བཙན་གྱི་འབོད་སྒྲ་མཚམས་མ་ཆད་ན་དཔོན་ངན་ཁོ་ཚོའི་དངུལ་ཁང་གི་མ་རྩ་ཇེ་མཐུག་ཏུ་འགྲོ་གི་ཡོད་ལ། དེའི་ནང་ཕྱོགས་གཞན་དང་བརྒྱུད་ལམ་གཞན་ནས་ད་དུང་རང་བཙན་འཐབ་རྩོད་པ་ཡིན་མདོག་བྱེད་མཁན་ཇེ་མང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། དེའི་ཡོང་སྟངས་ནི། དཔོན་ངན་དེ་ཚོས་མགོ་སེར་ཁག་ཅིག་གཙོས་མི་རིགས་གཞན་གྱི་ཚོང་པ་དང་ཆབ་སྲིད་པ་ཁག་ཅིག་བེད་སྤྱོད་གཏོང་གི་ཡོད། ཁོ་པ་དག་བརྒྱུད་བོད་མིའི་ནང་རྒྱབ་སྐྱོར་ཡོད་མདོག་གིས་རང་བཙན་འཐབ་རྩོད་པ་ཁ་ཤས་ལ་གདུང་སེམས་མཉམ་བསྐྱེད་ཚོར་ཤུགས་དྲག་པོའི་རྣམ་པ་སྟོན་ཞོར་ཇ་འཐུང་བྱེད། བུའི་རྔན་པ། ཆུང་མའི་རྔན་པ་ཟེར་བ་ལྟ་བུའི་མིང་སྙན་པོ་སྣ་ཚོགས་བཏགས་ཏེ་ལགས་རྟགས་ཤོག་དངུལ་གྱ་ནོམ་པ་སྤྲོད་ཀྱི་ཡོད། དེའི་མཐུ་ལ་བརྟེན་ནས་རང་བཙན་འཐབ་རྩོད་པ་ཁ་ཤས་གློ་བུར་གློ་བུར་སེམས་ཤུགས་ཀྱིས་མེ་འབར་འབར་བྱེད་ཀྱི་ཡོད། མགོ་ཉོག་པ་ཞིག་ནི། རྒྱ་ནག་གི་སྟོབས་ཤུགས་ཉམས་ཞན་དུ་གཏོང་བའི་ཨ་རིའི་ཀྲུང་རྒོལ་གསང་བའི་ལས་དོན་སོགས་ཀྱིས་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན། ༸གོང་ས་ཆེན་པོར་མཚན་སྨོད་ཞུ་མཁན་རེ་ཟུང་ལ་ལྐོག་འབྲེལ་གྱིས་ནམ་ཡང་བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལབ་རྒྱུ་གླེང་རྒྱུ་ལུང་པ་གང་བསྐྲུན་གང་ཐུབ་བྱེད་ཀྱི་ཡོད་པ་དེང་སང་རིམ་པས་གསལ་བོ་ཆགས་ཡོད། མི་རྣམས་མགོ་འཐོམས་ཤིང་། རང་ག་བའི་བློ་ཡིད་དུའང་འཁོར་མ་མྱོང་བའི་རྒྱ་གཞུང་གི་དཔོན་ངན་ཁ་ཤས་ཀྱི་བྱེད་བབ་ནི་རྒྱ་བོད་མི་རིགས་གཉིས་ལ་མདུན་ལམ་ཁྲག་གི་མཚོ་མོ་འཁྱིལ་བ་ཞིག་བསྐྲུན་རྒྱུ་ལྟ་བུའི་ལས་ཀ་བྱེད་བཞིན་པ་དག་ལ་བོད་མི་ཚོས་རྫི་གསེང་དོད་པོས་ཁ་གཏད་གཅོག་དགོས་པ་ཞུ་ག་ལ་དགོས།

    ད་ཆ། གོང་དུ་དྲ་གྲོགས་གནམ་གྱིས་གསུངས་པ་ལྟར། རང་བཙན་ཚོགས་འདུ་ཞིག་གི་འགྲོ་གྲོན་ཙམ་གྱི་མ་དངུལ་ཡང་མེད་པའི། སྤྱི་ཚོགས་ནང་གླེང་གཞི་ཅན་དང་། དོགས་པ་ཅན་སྐོར་ཞིག་གིས་བོད་རང་བཙན་ཚོགས་འདུ་འཚོགས་ཀྱི་ཡིན་ཞེས་གསལ་བསྒྲགས་སྤེལ་བ་ཡིན་ན། ནམ་རྒྱུན་བོད་རང་བཙན་ནི་ཟ་ཡ་ཞིག་དང་གོན་ཡ་གང་ཡིན་གསལ་བོ་མི་ཤེས་མཁན། དྲང་མོར་ཞུས་ན་བརྒྱ་ཆའི་དགུ་བཅུར་སྲོང་བཙན་སྒམ་པོ་དགུང་ལོ་ག་ཚོད་བཞུགས་མིན་གྱི་རྒྱུན་ཤེས་ཙམ་ཡང་མེད་བཞིན་དུ། དཔེར་ན། འཇམ་དབྱངས་ནོར་བུ་ལྟ་བུ། དོགས་གཞི་ཅན་གྱི་མི། ཨ་རིའི་གསང་ལས་དང་རྒྱ་ནག་པེ་ཅིང་གི་འབྲེལ་ཡོད། དོལ་རྒྱལ་ཚོགས་མི་སོགས་དང་འབྲེལ་བ་ངེས་ཅན་ཡོད་མཁན། ༸གོང་ས་མཆོག་ལ་བརྩི་བཀུར་ཙམ་ཡང་མི་བྱེད་མཁན། ཆོལ་ཁ་གསུམ་ཟེར་བར་སྙིང་ན་མཁན། ཨ་མདོ་དང་ཁམས་པ་འཁུར་པོ་ཐེ་བ་རེད་ཅེས་ག་ས་གང་དུ་བཤད་མཁན། དེ་བཞིན། ཀླུ་མཁར་བྱམས་དང་། བསྟན་པ་ཡར་འཕེལ། ཤེས་ཚད་གང་ཡང་མེད་པའི་མི་ངན་སྐོར་ཞིག་གིས་ཚོགས་འཆར་ཡིན་པ།

    ཚེ་བརྟན་ལྷ་རྒྱལ་ཟེར་བ་ལི་ཐང་ཨ་ཐར་གྱི་ངོ་ལོག་ལས་གཞི་སྤེལ་མཁན་གྱི་གོ་སྒྲིག་པ། བློ་དགའ་ཟེར་བ་ཡིག་རྨོངས་པ་ཁག་ཅིག་རང་བཙན་ཚོགས་འདུ་གོ་སྒྲིག་ཅེས་དམིགས་ཡུལ་དང་འཆར་གཞི་གསར་པ་ཏིལ་འབྲུ་ཙམ་མེད་པར། ནུས་པ་གསར་པ་ཏིལ་འབྲུ་ཙམ་མེད་པར་ཚོགས་འདུ་ཚོགས་འཆར་ཟེར་བ་ནི་ངེས་པར་དུ་གཟབ་གཟབ་དང་། ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཐེ་ཚོམ་མེད་པས། བོད་མི་ཚོས་གཟབ་གཟབ་གནང་རོགས།

  10. ཀརྡོ་རབ་འབྱམས་པ་ says:
    2017-05-03 at 4:30 am

    ་་་་་་་་་ རྒྱལ་ཕྱིའི་བོད་ཀྱི་རང་བཙན་འབོད་སྒྲ་ནི་ཆུང་ངུ་ཆེན་པོ་དང་། ཉུང་བ་མང་པོ་བཟོས་ཏེ་དཔོན་ངན་ཁོ་ཚོའི་རྫུན་གཏམ་འགེབས་བྱེད་ཀྱི་ལག་ཆ་བེད་སྤྱོད་ཆེ་ཤོས་ཤིག་ཆགས་ཡོད། རང་བཙན་གྱི་འབོད་སྒྲ་མཚམས་མ་ཆད་ན་དཔོན་ངན་ཁོ་ཚོའི་དངུལ་ཁང་གི་མ་རྩ་ཇེ་མཐུག་ཏུ་འགྲོ་གི་ཡོད་ལ། དེའི་ནང་ཕྱོགས་གཞན་དང་བརྒྱུད་ལམ་གཞན་ནས་ད་དུང་རང་བཙན་འཐབ་རྩོད་པ་ཡིན་མདོག་བྱེད་མཁན་ཇེ་མང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ་་་་་་་་

  11. བོད་གཤེས་ཡག says:
    2017-05-03 at 10:32 pm

    ནུས་པ་གསར་པ་ཏིལ་འབྲུ་ཙམ་མེད་པར་ཚོགས་འདུ་ཚོགས་འཆར་ཟེར་བ་ནི་ངེས་པར་དུ་གཟབ་གཟབ་དང་། ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཐེ་ཚོམ་མེད་པས། བོད་མི་ཚོས་གཟབ་གཟབ་གནང་རོགས།

  12. སྤོབས་པ་མཐའ་ཡས། says:
    2017-05-04 at 2:03 am

    བོད་རང་བཙན་གྱི་ལས་འགུལ་སྤེལ་ན་ཡག་པོ་རེད། གྲོན་དངུལ་དེ་བོད་མིའི་སྒྲིག་འཛུགས་དང་། སྐུ་སྒེར་ཡིག་ཚང་སོགས་བླ་བླང་ཕྱུག་པོ་ཚོས་གཏོང་དགོས་རེད་བསམ་གི།

  13. ནོར་བུ says:
    2017-05-04 at 3:43 am

    1979 ལོའི་ཟླ་བ་2 པའི་དུས་སུ ་ རྒྱ་དཔོན་ཏེང་ཞའོ་ཕིང་དང

    རྒྱ་ལོ་དོན་གྲུབ་གཉིས་མཇལ་ཕྲད་སྐབས་ཀྱིས་གཏམ་བཤད

    ” བོད་ལྗོངས་ཀྲུང་གོའི་ཆ་ཤས་ཤིག་ཡིན ”

    ” 西藏是中国的一部分 ”

    ཡོངས་གྲགས་སུ་ཁས་བླངས་ཕྱིན ” རྒྱལ་གཅེས་ལ་སྔ་ཕྱི་མེད ”

    གནད་དོན་འདིར་མ་མཐོང་མདོག་མདོག་་་་་་་

  14. བན་དེ་བ། says:
    2017-05-04 at 10:04 am

    བོད་རང་བཙན་ཞེས་པའི་ཚིག་འདི་ཐོན་ལ་ཉེ་བའི་རྒྱ་ནག་གིས་བཟོས་པའི་འཛམ་གླིང་ཤེས་བྱ་ཀུན་བཏུས་ཞེས་པའི་ཚིག་མཛོད་ཀྱི་ནང་དུ་འཆར་རྒྱུ་མེད་པར་བཟོ་གི་རེད། དེ་ལ་བཙན་བྱོལ་སྒྲིག་འཛུགས་ནས་ཀྱང་རྒྱབ་སྐྱོར་གཙང་མ་དང་ཐུགས་རྗེ་ཆེ་ཞུ་གི་རེད་བསམ། དེང་སང་བཙན་བྱོལ་གྱི་ནང་དུ་བོད་རང་བཙན་ཞེས་ལབ་མཁན་གྱི་མི་རྣམས་ལ་འཇིགས་བསྐུལ་རིང་ལུགས་པ་ལས་ཀྱང་སྡུག་པར་བལྟ་བཞིན་ཡོད་ཚོད་འདུག

  15. རང་བཙན་བུ། says:
    2017-05-11 at 5:46 am

    ཨ་ལ་ལ་་་་་གནམ་རྒན་མ། ད་ཡང་རང་བཙན་ཅན་པོའོ་མགོ་ཐོག་ལ་བྲོ་འཁྲབ་གི་ཡ། ད་ཅི་མ་ཉེས་ནི་རེད་ཡ་ཨ་རོགས།

  16. སྣྲོན ངག་ཁྲི། says:
    2017-05-11 at 7:59 am

    ནོར་བུ་ལགས།

    རྒྱ་ཡིག་ཚིག་གཅིག་གཉིས་ཤེས་པ་དེ། ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་དེ་དག་མ་ཤེས་གོང་དུ།

    དེང་རབས་ཀྱི་ལོ་རྒྱུས་དྲངས་ནས་བེད་ལོག་མ་སྤྱོད་རོགས་གནང་།

    གལ་སྲིད་ཁྱེད་རང་བོད་པ་ཡིན་ན། རྒྱ་ནག་དམར་པོས་བོད་འདི་བཙན་བཟུང་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་དངོས་ཤེས་པར་བྱེད་དགོས་ཏེ། དེའི་ཚེ་དེའི་དུས་ན་བོད་འདིར་རྒྱལ་ཁབ་གཅིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་མ་ཚང་ཡོད་པ་དེ་ཁྱེད་ཀྱིས་མཁྱེན་པ་གནང་རོགས་གནང་། རྒྱ་ནག་གི་དཔོན་ཆེན་དག་གི་ཟེར་སྒྲོས་ཙམ་དང་བོད་ཀྱི་སྐབས་འཚོལ་རིང་ལུགས་པ་འགའ་ཞིག་གི་ཟེར་སྒྲོས་ཙམ་ལ་ཆ་མ་བཞག་པར་དེ་ལས་ཞིབ་ཚགས་ཙམ་གྱི་རྒྱལ་རབས་ལོ་རྒྱུས་དེ་དག་ག་ཡག་པོ་བྱས་ནས་གཟིགས་གནང་ནས།
    དེའི་རྗེས་སུ་ཁྱེད་ཀྱིས་ཤེས་པའི་རྒྱ་ཡིག་ཚིག་རེ་གཉིས་པོ་དེ། བེད་སྤྱོད་བཏང་ན་འགྲིག་གམ་སྙམ།

  17. ཨ་འབར་འཇིགས་དབང། says:
    2017-06-16 at 10:05 pm

    ༄༅། ཁུ་བྱུག་གིས་བྲིས་པ་དེ་དངོས་གནས་རེད་།དེ་ལ་རྒྱབ་སྐྱོར་ཡོད།
    འཇོན་རྒྱུ་གང་ཡང་མེད་པར་ཁ་ནས་་་་་རང་བཙན་རང་བཙན་ཞེས་ཁང་པའི་ནང་ནས་སྐད་སྟོང་
    རྒྱག་པར་ཕན་ཐོགས་ཅི་ཡང་མེད།

  18. ཨ་འབར་འཇིགས་དབང། says:
    2017-06-16 at 10:12 pm

    ༄༅། ཁུ་བྱུག་གིས་བྲིས་པ་དེ་ལ་རྒྱབ་སྐྱོར་ཡོད།
    ཁ་སྐམ་པོ་དང་། ཁང་པའི་ནང་ལ་སྟོང་བཤད་བྱས་མ་བྱས་ཅི་ཡང་མེད་པ་རེད།

  19. ཨ་འབར་འཇིགས་དབང། says:
    2017-06-18 at 7:07 pm

    ༄༅། རྒྱལ་སྤྱིའི་བོད་རང་བཙན་ཚོགས་པའི་ཚོགས་འདུ་ཞིག་་་ཕ་རེན་སིར་་་འཚོགས་རྒྱུའི་
    གསལ་བསྒྲགས་གནང་འདུག་པ་དགའ་བསུ་ཡོད། ཡིན་ཡང་དགོས་རྒྱུ་པག་ལ་པག་ཁུ་ད་ར་དགོས་
    ཀྱང་་་་་དེ་རག་རྒྱུའི་སྐོར་ལ་་་ལོ་མང་པོ་་་ཞིབ་བསྡུར་མང་དག་ཅིག་གནང་ཡོད།་་་་རང་བཙན་
    རག་རྒྱུ་དངོས་རྒྱུད་གང་ནས་བལྟས་ཀྱང་་་ཡོང་ཐབས་མེད་པར་བརྟེན་་་དབུ་མའི་ལམ་གྱི་ཐོག་ནས་
    འབད་རྩོད་གནང་ནས་མིལ་ག་ཚོད་འགོར་སོང་་་དཔྱད་དགོས།
    རང་བཙན་རྩོད་ཡུལ་དེ་སུ་རེད། རང་བཙན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་སུ་དང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme