Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ།

Posted on 2014-03-142014-03-14 By ཁ་བརྡ་ 2 Comments on རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ།

གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།

unnamedདེ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་བཞི་བ་ལྡི་ལིར་མགོ་འཛུཊ་གནང་ཡོད་པ་དང་། ཚོགས་ཐོག་ཏུ་ཨེ་ཤ་ཡའི་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུང་གཏོང་ཐབས་དང་མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐོག་གཏམ་བཤད་བགྲོ་གླེང་བཅས་གནང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་༡༤ ཉིན་སྔ་དྲོའི་ཆུ་ཚོད་༡༠།༠༠ ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོཊ་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ་དབུ་འཛུགས་གནང་སོང་ལ། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཨེ་ལེ་སོན་རེ་ནོར་ཌི་(Alison Reynolds)ལགས། ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྤྱིན་པ་ལགས། དེ་བཞིན། ཨ་རི་དང་ཡུ་རོབ། ཉི་ཧོང་། ཀོ་རི་ཡ། རྒྱ་གར། བལ་ཡུལ། ལ་དྭགས་བཅས་ནས་ཕེབས་པའི་སྐུ་ཚབ་༥༠ ལྷག་བཅས་འདུ་འཛོམས་གནང་འདུག

ཐེངས་འདིའི་ཚོགས་འདུ་ཚེས་༡༤ ནས་༡༦ བར་གྱི་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ཨེ་ཤ་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུཊ་ཆེ་རུ་གཏོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཀྱི་དགེ་སྐྱོན་ལ་ངོས་འཛིན་ཡོད་པའི་ཐོག་མ་འོངས་པར་ལས་འགུལ་གང་འདྲ་སྤེལ་མིན། ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ལས་འགུལ་ཇི་ལྟར་སྤེལ་མིན་བཅས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་གནང་ཆེད་ཡིན་འདུག་ལ། ཚོགས་ཐོག་ཏུ་སྐུ་ཚབ་དོན་གཅོད་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས། བོད་དོན་འབྲེལ་མཐུད་ལས་ཁུངས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད། ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པ་ལགས་ཀྱི་ ༢༠༠༨ ལོའི་ཞི་རྒོལ་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་སྟངས་དང་རྒྱལ་ལྗོངས་གནས་ཚུལ་ངོ་སྤྲོད་བཅས་ཀྱི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག

unnamed-1དེ་རིང་གི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཨེ་ལེ་སོན་རེ་ནོར་ཌི་ལགས་ཀྱིས། ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་མགོ་འཛུཊ་ཞུས་ཏེ། ད་ཆར་རྒྱལ་སྤྱིའི་ནང་ཚོགས་མི་ཚོགས་པ་ཁག་ ༡༩༠ ལྷག་ཡོད་པ་དང་། ཨ་རི་དང་ཡུ་རོབ། ཨེ་ཤ་ཡ། ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་མི་འདྲ་བ་ ༣༠ ལྷག་ནང་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་བསྒྲུབ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་བ་མ་ཟད། ད་ལྟའི་བར་འབྲེལ་མཐུད་ལས་ཁུངས་ཁག་གིས་བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐབས་དང་། ཞི་བའི་ལས་འགུལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་ཐབས། ༸པཎ་ཆེན་ཆུང་སྲིད་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ཐབས། བོད་ནང་གི་རྩོམ་པ་པོ་དང་གཞས་པ། སྒྱུ་རྩལ་བ་སོགས་ཀྱི་གནས་བབ་རྒྱལ་སྤྱིའི་ཐོག་ཏུ་གསལ་སྟོན་བཅས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པ་ལགས་ཀྱིས། ༢༠༠༨ ལོར་བོད་ནང་ཡོད་སྐབས་ཁོང་གིས་ལོ་དེའི་གསུམ་བཅུའི་དུས་དྲན་རྗེས་ནས་བཟུང་རྒྱ་གཞུང་གིས་བོད་མིའི་ཐོག་ལ་ཚད་ལས་འདས་པའི་དྲག་གནོན་བྱས་པ་མ་ཟད། བོད་མི་ཚོར་མི་ཞིག་གི་རིན་ཐང་མི་འཇོག་པར་གང་འདོད་འདོད་ཀྱིས་གདུག་རྩུབ་དང་དྲག་གནོན་བྱེད་རྐྱང་བྱས་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཐོག་གསལ་འདོན་དང་། ༸གོང་ས་མཆོག་བོད་ནང་དུ་ཕེབས་ཐུབ་པའི་འདོད་འདུན་སྒྲུབ་ཆེད་སེམས་ཐག་གཙང་བཅད་ཀྱིས་ཞི་རྒོལ་བྱེད་པའི་གྲ་སྒྲིབ་བྱས་པ་དང་། རྗེས་སུ་བོད་ཀྱི་རྒྱལ་དར་འཚེམ་དྲུབ་ཐུབ་པ་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་ཞིག་ཡོང་རྒྱུའི་གནས་ཚུལ་གོ་ཐོས་བྱུང་སྟེ། ཁོང་དང་གྲོགས་པོ་ཁག་ཅིག་གིས་གོ་སྐབས་དམ་འཛིན་གྱིས་ལོ་དེའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ཞི་རྒོལ་བྱས་པའི་བརྒྱུད་རིམ་ངོ་སྤྲོད་བཅས་གནང་ཡོད།unnamed-2

མཇུག་ཏུ་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་ལགས་ཀྱིས། དབུ་མ་ལམ་གྱི་བྱུང་རིམ་དང་ནུས་པ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལམ་ཞིག་བཏོན་པ་དེའང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་བྱུས་ཧ་ཅང་བཟང་པོ་ཞིག་ཡིན་སྟབས། ལམ་འདིའི་དམིགས་ཚད་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཐུགས་ཞིབ་གནང་དགོས་པ་དང་། ད་ཆར་བོད་ཀྱི་འཐབ་རྩོད་ཐད་གཞོན་སྐྱེས་ཚོས་འགན་ལེན་གནང་སྟེ་རྒྱུན་འཁྱོངས་དང་ཆིག་སྒྲིལ་བྱེད་དགོས་པའི་དུས་ལ་བབ་ཡོད་པ་དང་། བོད་ཀྱི་འཐབ་རྩོད་དེ་བོད་མིའི་གནད་དོན་ཙམ་མ་ཡིན་པར་ཨེ་ཤ་ཡའི་ཆུ་དང་ཐོན་ཁུངས་ཀྱི་གནད་དོན་འབྲེལ་ཡོད་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

གསར་འགྱུར།

Post navigation

Previous Post: ༧གོང་ས་མཆོག་རྗར་མེ་ནིར་ཞབས་སོར་འཁོད་རྒྱུ།
Next Post: རྗེ་བཙུན་མི་ལའི་འདས་མཆོད་ལ་ཕུལ་བའི་རྣམ་ཐར།

Comments (2) on “རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ།”

  1. རྒྱ་ཞིང་མྱི་དཀར། says:
    2014-03-14 at 2:48 pm

    ཡག་པོ་འདུག་འོན་ཀྱང་དོན་དངོས་སུ་ཕན་ཅི་འདྲ་ཞིག་ཐོག་མིན་ད་དུང་སོན་ཉི་ལས་མ་འདས་སོ་རེ་ཟུང་གིས་འདི་དང་འདིའི་རིགས་བེད་སྤྱོད་ནས་འཚོ་བའི་ཁ་ཕྱོགས་ཇེ་ལེགས་སུ་བཏང་བཞིན་ཡོད་པ་ཡང་མཐོང་རྒྱུ་གང་ལྟར་གྲུབ་འབྲས་ལག་གསོན་རེ་ཡོད་ན་འགྲིག

  2. ཁྱུང་ཆེན། says:
    2014-03-14 at 2:51 pm

    སྐད་འཕྲིན་ནང་གི་གླིང་ཚ་གླེང་བའི་ཚོགས་པ་ནས་འདིར་དྲངས།

    ༼ གླིང་ཚ་ཚེ་བརྟན་རྡོ་རྗེ་ནང་མིར་རྔ་བའི་མི་ཁ་ཤས་ཀྱིས་རོགས་དངུལ་ཅུང་ཙམ་ཞིག་བསྐུར་ཡོད་པའི་གནས་ཚུལ་ཞིག་འདུག་པས་འདིའི་སྐོར་ཁ་གསལ་ཤེས་མཁན་ཡོད་ན་གསུང་རོགས་ཞུ། གོ་ཐོས་བྱས་ན་ལམ་ནོར་ཐེབས་འདུག་སྐད། ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme