Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བཞི་བའི་གསལ་བསྒྲགས།

Posted on 2015-12-132015-12-14 By ཁ་བརྡ No Comments on རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བཞི་བའི་གསལ་བསྒྲགས།

གསོ་རིག་ཁང་གི་གསར་འགོད་པ་སྨན་གྱི་རྡོ་རྗེ་ནས།

 

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་བཞི་བ་ཡོ་རོབ་ཤར་ཕྱོགས་རྒྱལ་གྲོང་ཏ་ལེན་དུ་འཚོག་རྒྱུའི་གསལ་བསྒྲགས།

ལས་དོན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་བཞི་བ།

ས་གནས། ཡོ་རོབ་གྱི་ཨི་སི་ཏོ་ཡི་ཡ་རྒྱལ་ཁབ་གྱི་རྒྱལ་ས་ཏ་ལེན་གྲོང་ཁྱེར།

དུས་ཚོད། སྤྱི་ལོ་༢༠༡༦་ཟླ་བཞི་བའི་ཚེས་༡ ནས་༣ བར།

རྩ་འཛུགས་པ། ཨི་སི་ཏོ་ཉི་ཡ་བོད་ཀྱི་གསོ་རིག་ཁང་།

དྲྭ་གནས། http://www.attmestonia.ee/ttm-4-kongress-ttm-4th-kongress/

དེང་དུས་འཛམ་གླིང་སྟེང་ལག་ལེན་བྱ་བཞིན་པའི་སྲོལ་རྒྱུན་གསོ་རིག་ཆེན་པོ་གསུམ་ནི། རྒྱ་གར་ཚེའི་རིག་བྱེད། རྒྱ་ནག་གསོ་རིག་དང་བོད་གསོ་རིག་བཅས་གསུམ་ཡིན་ལ། བོད་གསོ་རིག་གི་ས་བོན་ནི་དེང་དུས་འཛམ་གླིང་ཡོང་ལ་འབུས་བཞིན་པས། ཕྱི་ནང་གི་སྨན་པ་ལྷག་འཛོམས་ཀྱིས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གསོ་རིག་བགྲོ་གླེང་འཚོགས་རྒྱུ་ནི་ཧ་ཅང་གལ་ཆེ། དེའི་ཕྱིར། བོད་་གསོ་རིག་པའི་སྨན་པ་དང་། དགེ་རྒན་དང་། ནད་གཡོག ཞིབ་འཇུག་པ་དང་། སློབ་གཉེར་བ་རྣམ་པ་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་བཞི་བར་ཕེབས་པར་གདན་ཞུ་དང་དགའ་བསུ་བྱ།
དེ་ཡང་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་ཡན་ལག་ཨི་སི་ཏོ་ཉི་ཡ་གསོ་རིག་ཁང་གི་གཙོ་གཉེར་གྲྭ་སྒྲིག་བཞིན། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་གཅིག་ནས་གསུམ་་བར་དུ་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་བཞི་བ། ཡོ་རོབ་རྒྱལ་ཁབ་ཨི་སི་ཏོ་ཉི་ཡའི་རྒྱལ་ས་ཏ་ལེན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན།
ཐེངས་འདིར་ཆེད་དམིགས་ཀྱིས་། བོད་ཀྱི་མདོ་དབུས་ཁམས་གསུམ་དང་། བལ་ཡུལ། སོག་པོ་དང་། འབྲུག་རྒྱལ་ཁབ་དང་རྒྱ་གར་དང་། འཇར་པན། ཀོ་རེ་ཡ་དང་ཤིན་ཅ་པོ་སོགས་ཤར་ཕྱོགས་རྒྱལ་ཁབ་ཁག་དང་། ཨུ་རུ་སུ་དང་འཇར་མན། ཕ་རན་སི། ཨི་ཏ་ལི། སི་པེན་དང་ཨོ་སི་ཏྲི་ཡ། སུད་སི་དང་དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་ཁག་དང་། ལྷོ་དང་བྱང་དང་དབུས་ཨ་མེ་རི་ཀ་སོགས་ནས། བོད་ཀྱི་གསོ་རིག་གི་དགེ་རྒན་ཆེན་མོ་དང་། དགེ་རྒན། སྨན་པ། ཞིབ་འཇུག་པ་དང་སློབ་གཉེར་བ་སོགས་གདན་ཞུ་བྱས་སྟེ། ཕན་ཚུན་གྱི་ཐུན་མིན་ཕྱག་ལེན་དང་། གཞུང་ལུགས་ཤེས་བྱ་དང་བསམ་བློ་གསར་རྙིང་བརྗེ་རེས་ཅི་ཐུབ་བྱ་རྒྱུད་དང་། རྒྱལ་ཁབ་སོ་སོར་བོད་ཀྱི་གསོ་བ་རིག་པ་ཁྲིམས་མཐུན་ངོས་ལེན་དང་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་དང་། དེང་དུས་དང་མ་འོངས་པའི་གསོ་རིག་འཕེལ་རྒྱས་ལ་བཀག་འགོག་དང་དཀའ་ངལ་ཅི་ཡོད་དང་། དེ་དག་གི་སེལ་ཐབས་དང་སྔོན་འགོག་ཅི་ལྟར་བྱ་རྒྱུ་སོགས་ཀྱི་བགྲོ་གླེང་དང་། མ་འོངས་པར་འཛམ་གླིང་གི་བོད་གསོ་རིག་གི་སྨན་ཁང་དང་། སློབ་གྲྭ་ཆེན་མོ། སྨན་རྩིས་སློབ་གླིང་། ཞིབ་འཇུག་ལྟེ་གནས་དང་གསོ་རིག་ཁང་ཡན་ལག་ཚང་མ་མཉམ་འབྲེལ་སྒོས་གཞན་ཕན་གསོ་རིག་གི་བསྟན་པ་འདི་འཛམ་གླིང་ཡོང་ལ་རྒྱལ་སྤྱིའི་རང་བཞིན་གྱི་ནུས་ཤུགས་ཐོན་རྒྱུ་ དང་། ཁྱད་པར་ད་ལྟ་དང་མ་འོང་བའི་སློབ་མ་ཚོར་སློབ་གསོ་ཚད་ལྡན་སྤྲོད་རྒྱུ་ལ་དམིགས་བསལ་གྱི་བགྲོ་གླེང་བྱ་རྒྱུ་ཡིན་ལ། ཚོགས་འདུའི་རྗེས་སོར་བོད་ཀྱི་ཚེ་རིང་ནད་མེད་ཀྱི་ལུགས་བཅུད་ལེན་དང་རྒས་ གསོའི་སློབ་ཁཁྲིད་ཀྱང་གོ་སྒྲིག་བྱ་བཞིན་པ་སོགས་གནས་ཚུལ་རྒྱས་པ་དྲྭ་རྒྱ་སྟེང་དུ་གཟིགས་རོགས་ཞུ།
http://www.attmestonia.ee/ttm-4-kongress-ttm-4th-kongress/

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གྱི་ངོ་སྤྲོད་བསྡུས་པ།རྒྱལ་སྤྱིའི་ བོད་ཀྱི་གསོ་རིག་ཚོགས་ཆེན་ནི། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གིས་གཙོ་སྒྲིག་བྱ་བཞིན་པའི་སྨན་གཞུང་གི་ཚོགས་འདུ་ཞིག་ཡིན་ལ། དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གསོ་རིག་ཁྲིམས་མཐུན་དང་ཚད་ལྡན་སྒོས་འཛམ་གླིང་ཡོང་ལ་ཇི་ལྟར་དར་སྤེལ་བྱ་རྒྱུ་དང་། དེ་བཞིན་གསར་དུ་འཕྲད་བཞིན་པའི་སྨན་རྫས་ཀྱི་དཀའ་ངལ་དང་གཅིག་གྱུར་གྱི་སློབ་གསོའི་སྐོར། ཚན་རིག་ཞིབ་འཇུག་དང་། སྨན་པ་དང་ཞིབ་འཇུག་པ་དང་སྨན་ལས་པ་སོགས་ཀྱི་ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱ་རྒྱུ་སོགས་ཡིན།
སྤྱིར་གསོ་རིག་ཚོགས་ཆེན་འདི་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོགས་རྒྱུ་ ཡིན་ན་ཡང་། ཐེངས་གསུམ་པ་ནི་བལ་ཡུལ་བོད་ཀྱི་གསོ་རིག་ཁང་གི་རེ་སྐུལ་ལྟར་ཤར་ཕྱོགས་ཀྱི་གསོ་རིག་དགེ་རྒན་དང་སྨན་པ་དང་ཞིབ་འཇུག་པ་ཚོ་ལ་སྟབས་བདེའི་དབང་གི་བལ་ཡུལ་རྒྱལ་ཁབ་ཏུ་འཚོགས་རྒྱུ་བྱས་པ་ཡིན། སྔོན་ཆད་རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་ཞེས་པ་ཨི་ཊ་ལི། བྱང་ཨ་རི། ལྷ་ས་དང་རྡ་ས་བཅས་འཚོགས་ཡོད་ན་ཡང་། རྩ་འཛུགས་པ་མི་གཅིག་པ་དང་གནས་དང་དུས་དང་སེམས་ཁམས་དབང་གིས་དེ་དག་ལ་ཐེངས་དང་པོ་དང་ཐེངས་གཉིས་པ་སོགས་འདོག་རྒྱུར་མོས་མཐུན་མེད་པར་ཁ་འཐོར་ལྟ་བུར་གྱུར་ ཡོད། དེས་ན་རྒྱལ་སྤྱིའི་གསོ་རིག་ཁང་གིས་གྲྭ་སྒྲིག་བྱ་བཞིན་པ་འདི་ལ་རྒྱལ་སྤྱིའི་ གསོ་རིག་ཚོགས་ཆེན་ཞེས་མིང་ཅུང་མ་འདྲ་བཏགས་ནས་རྗེས་སུ་ལོ་རེར་མུ་མཐུད་རྒྱུན་ འཁྱོང་བྱ་རྒྱའི་དམ་བཅའ་ཡོད་དོ།།

ཚོགས་ཆེན་དང་པོ། ས་ཁུལ་ཡོ་རོབ། ཨོ་སི་ཏྲི་ཡའི་གྲོང་ཨེན་སུ་རྦུ་རིགདུས། ༢༠༡༢་ལོའི་ཟླ་༩། རྩ་འཛུགས་པ། ཨོ་སུ་ཏྲི་ཡ་གསོ་རིག་ཁང་།

ཨོ་སུ་ཏྲི་ཡ་རྒྱལ་ཁབ་གྱི་ཨེན་སུ་ཕོ་རོ་ཀི་གྲོང་ཁྱེར་དུ། ཡོ་རོབ་གྱི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་དང་ཡན་ལག་ཨོ་སུ་ཏྲི་ཡ་གསོ་རིག་ཁང་གི་གྲྭ་སྒྲིག་ལྟར། ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་དགུ་བའི་ནང་ཉིན་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་དང་པོ་འཚོགས། དེ་རུ་ཆེས་ལས་སྨན་པ་མཁས་པ་དང་། གསོ་རིག་ཞིབ་འཇུག་པ་དང་། སློབ་གཉེར་བ་དང་དོ་སྣང་བྱ་མཁན་སོགས་མི་གྲངས་ཉིས་བརྒྱ་སུམ་བཅུ་ལྷག་ཙམ་རྒྱལ་ཁབ་ཉེར་གཉིས་ནས་འབྱོར།
ཚོགས་འདུའི་ནང་དོན་གཙོ་བོ་ནི། བོད་ཀྱི་གསོ་རིག་གི་འཛམ་གླིང་ལོ་རྒྱུས། དེང་སྐབས་ཀྱི་གནས་སྟངས་དང་ཚན་རིག་ཞིབ་འཇུག ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྲིམས་མཐུན་ལྟར་གསོ་རིག་དར་སྤེལ་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་དང་། གསོ་རིག་དང་ཆོས་ལུགས་ཀྱི་ཞིབ་འཇུག དྲི་ཆུ་བརྟག་ཐབས་དང་། དབྱུག་བཅོས་དང་བསྐུ་མཉེ་སོགས་དཔྱད་བཅོས་ལག་ལེན་ཐོག་བགྲོ་གླེང་དང་ལག་ལེན་གྱི་སྐོར་ཉམས་སྟོན་བྱས་ཡོད་ལ། ཚོགས་ཆེན་འདིས་བོད་ཀྱི་གསོ་རིག་གི་བསྟན་པ་ནུབ་ཕྱོགས་སུ་དར་བའི་རྟེན་འབྲེལ་ལེགས་པོ་བྱུང་ཞིང་ཚོགས་འདུ་ལ་ཞུགས་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་བོ།།

ཚོགས་ཆེན་གཉིས་པ། ས་ཁུལ་ཡོ་རོབ། ཨོ་སི་ཏྲི་ཡའི་གྲོང་ཨེན་སུ་རྦུ་རིགདུས། ༢༠༡༣་ལོའི་ཟླ་༡༠་ཚེས་༩་ཉིན་འགོ་ཚུགས། རྩ་འཛུགས་པ། ཨོ་སུ་ཏྲི་ཡ་གསོ་རིག་ཁང་།

སྤྱི་ལོ་༢༠༡༣་ཟླ་་བཅུ་བའི་ཟླ་མགོར་རྒྱལ་སྤྱིའི་ཚོགས་འདུ་གཉིས་པ་འཚོགས། དེ་ནི་གཙོ་བོ་བོད་གསོ་རིག་དང་སེམས་ནད་ཀྱི་སྐོར་ལ་དམིགས་བསལ་གྱི་བགྲོ་གླེང་བྱས། དེ་རུ་ནུབ་ཕྱོགས་ཡོ་རོབ་གླིང་གི་ཨི་ཊ་ལི། ཕ་རན་སི། ཞི་པན་ཡ། ཕོར་ཏོ་རྒལ། འཇར་མན། སུད་སི་དང་ཨོ་སུ་ཏི་ཡ་བཅས་དང་། ཡོ་རོབ་ཤར་ཕྱོགས་རྒྱལ་ཁབ་གྱི་ཨུ་རུ་སུ། ཕོ་ལན། རོ་མ་ཉི་ཡ་དང་ཅེ་ཀི་དང་ཧུང་ཀ་རི་ཡ་དང་། བྱང་ཨ་མི་རི་ཀ། ཤར་ཕྱོགས་ཀྱི་རྒྱ་གར་དང་བལ་བོ་དང་ཤིན་ཅ་པོ་སོགས་རྒྱལ་ཁབ་སུམ་བཅུ་ལྷག་གི་སྨན་པ་དང་ཆེད་ལས་མཁས་པ་དང་། ཞིབ་འཇུག་པ་སོགས་མི་སྣ་སུམ་བརྒྱ་ལྔ་བཅུ་ཙམ་འདུས་ལ། ཐེངས་དང་པོ་ལས་མི་མང་པ་དང་ནང་དོན་ཕུན་སུམ་ཚོགས་པ་བྱུང་། སྐབས་དེ་དང་བསྟུན་ནས་གསོ་རིག་ཁང་གི་བོད་སྨན་མཐར་ཕྱིན་སློབ་མ་ལྔ་བཅུ་དང་། བོད་ལུགས་བསྐུ་མཉེ་ཆེད་ལས་པ་བརྒྱད་བཅུ་ལྷག་ལ་མཐར་ཕྱིན་འཛིན་ཡིག་གི་མཛད་སྒོ་ཡང་བྱས་པ་ཡིན་ནོ།།

ཚོགས་ཆེན་གསུམ་པ། ས་ཁུལ་ཡོ་རོབ། བལ་ཡུལ་ཀ་ཏི་མན་ཏི་གྲོང་ཁྱེར། དུས། ༢༠༡༤་ལོའི་ཟླ་༡༢་ཚེས་༢༥་ནས་༢༨་བར་ཚུགས། རྩ་འཛུགས་པ། བལ་ཡུལ་གསོ་རིག་ཁང།
བོད་དང་། རྒྱ་གར་དང་། བལ་ཡུལ།་འབྲུག་དང་དོལ་པོ་དང་ལ་དྭགས་སོགས་བོད་ཡིག་སྟེང་ནས་བོད་གསོ་རིག་སློབ་གཉེར་དང་ཉམས་ལེན་མཁན་གྱི་མཁས་པ་དང་། ཞིབ་འཇུག་པ་དང་སློབ་མའི་ཚོགས་དང་། ནུབ་ཕྱོགས་རྒྱལ་ཁབ་དང་ཤར་ཕྱོགས་ཀྱི་འཇར་པན་སོགས་རྒྱལ་ཁབ་སུམ་བཅུ་ལྷག་ཙམ་གྱི་དོན་གཉེར་བ་སུམ་བརྒྱ་ལྷག་འདུས་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་ཉམས་མྱོང་འཆད་ཁྲིད་བྱས་པའོ།།

གསར་འགྱུར།

Post navigation

Previous Post: ང་ལ་བཙན་གཡེམ་བྱས་པའི་དངོས་བྱུང་གཏམ་རྒྱུད།
Next Post: བོད་ཀྱི་ཤིང་བརྐོས་སྒྱུ་རྩལ་གྱི་སྐོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (74)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme