Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བལ་ཡུལ་དུ་འཚོགས་པ།

Posted on 2015-02-052015-02-05 By ཕུན་ཚོགས་ཚེ་རིང་ 2 Comments on རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བལ་ཡུལ་དུ་འཚོགས་པ།

མཚམས་སྦྱོར་བ། ཕུན་ཚོགས་ཚེ་རིང་།

 

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གསུམ་པ་ནེ་པ་ལཱིའི་རྒྱལ་སར་འཚོགས་པ།

ནེ་པ་ལཱིའི་རྒྱལ་སྤྱིའི་གསོ་རིག་ཁང་གི་གྲྭ་སྒྲིག་ལྟར་ཕྱི་ལོ་༢༠༡༤ ཟླ་བཅུ་གཉིས་པའི་ཚེས་༢༧ ནས་༢༩ བར་དུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གསུམ་པ་ནེ་པ་ལཱིའི་རྒྱལ་ས་ཀ་ཏི་མན་རྡུ་རུ་གཟབ་རྒྱས་ངང་འཚོགས་པ་དང་། ཆེད་ལས་འདྲ་མིན་གྱི་སྨན་པ་དང་། ནད་གཡོག་པ་དང་། ཞིབ་འཇུག་པ་དང་སློབ་གཉེར་བ་སོགས་ཤར་ཕྱོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་སུམ་བཅུ་སོ་བཞི་ནས་ཕེབས། སྤྱིར་ཚོགས་འདུར་ཞུགས་པར་སྙན་ཞུ་ཕུལ་མཁན་མི་སྣ་ལྔ་བརྒྱ་ཙམ་གྱིས་ཐོ་འགོད་བྱས་ན་ཡང་། ཚོགས་ཁང་དང་མགྲོན་ཁང་དང་ཟ་ཁང་སོགས་ས་གནས་བཀོད་སྒྲིག་ཆ་རྐྱེན་དམིགས་བསལ་འོག་མི་སྣ་ཉིས་བརྒྱ་ལྷག་ཙམ་ལ་དངོས་སུ་ཞུགས་ཐུབ་པའི་གོ་སྐབས་ཐོབ།

10915185_10153518035732907_7099524615725471673_n

དེ་ཡང་བོད་ནས་ཕེབས་པའི་སྨན་པ་མཁས་པ་གཏེར་སྨན་རྒྱུད་འཛིན་པ་པད་མ་རྒྱལ་མཚན་དང་། རྨ་ལྷོ་སོག་བོད་སྨན་ཁང་གི་ཏྲེག་གྲུམ་ཆེད་ལས་མཁས་པ་སྨན་པ་མ་ཅིག་སོགས་དང་། འབྲུག་རྒྱལ་ཁབ་གྱི་གསོ་རིག་ཆེད་ལས་མཁས་པ་ཀརྨ་འཕྲིན་ལས་གཙོས་དྲུང་འཚོ་༼འབྲུག་ལུགས་ཀྱི་སྨན་རམས་པའམ་བླ་སྨན་གྱི་མཚན༽མི་སྣ་དྲུག་ཙམ། རྒྱ་གར་གྱི་ལ་དྭགས་དང་རྡར་རྗེ་གླིང་གི་ལྕགས་པོ་རི་སྨན་ཁང་གི་ཚོགས་གཙོ། དེ་བཞིན་སྨན་རྩིས་ཁང་གི་འགོ་ཁྲིད་གཙོ་བྱས་ཆེད་ལས་བལ་ཡུལ་སྨན་རྩིས་ཁང་གི་སྨན་པ་རྣམས་དང་། བལ་ཡུལ་ན་གནས་པའི་དོལ་བོའི་ཨེམ་ཇི་ལྷན་ཚོགས་ཀྱི་། གློ་མོན་ཐང་གི་སྨན་ཚོགས་དང་ཧི་མ་ལ་ཡའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཨེམ་ཇི་རྣམ་རྒྱལ་རིན་པོ་ཆེ་སོགས་ཕེབས་པའི་སྨན་པ་དང་སོག་པོའི་ཨེམ་ཆི་སྐུ་ཚབ་པ་དང་། འཇར་པན་གྱི་བོད་སྨན་ཞིབ་འཇུག་པ་དང་སེང་ག་ཕོར་གྱི་བོད་སྨན་སློབ་གཉེར་བ་དང་བསྐུ་མཉེ་མཁན་བཅས་ཤར་ཕྱོགས་ཀྱི་རྒྱལ་ཁབ་བདུན་དང་ས་གནས་བཅུ་ལྷག་གི་གསོ་རིག་ཆེད་ལས་པ་མང་པོ་འདུས་ལ། ནུབ་ཕྱོགས་གསོ་རིག་གི་སྨན་པ་ཡང་སུད་སི་བེན་ཐུར་ཐོར་སྨན་ཁང་ནས་ཕེབས་པའི་ཁོང་ནད་དང་འབྲས་ནད་ཆེད་ལས་པ་དང་། ཨོ་སུ་ཏྲི་ཡ་ནས་ཕེབས་པའི་སེམས་ནད་སྨན་པ་དང་། ཀླད་སྙིང་ཞིབ་འཇུག་པ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཉི་ཤུ་རྩ་ལྷག་ནས་ཕེབས་པའི་གསོ་རིག་མཁས་མང་མཉམ་འདུས་བྱུང་།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་ཚོགས་གཙོ་སྨན་པ་ཉི་ཟླས་ཚོགས་ཆེན་སྒོ་འབྱེད་ཀྱི་གཏམ་བཤད་༼གསོ་བ་རིག་པའི་འདས་པའི་ལོ་རྒྱུས་དང་། དེང་སྐབས་ཀྱི་གནས་སྟངས། མ་འོང་པ་ལོ་བརྒྱ་བར་གྱི་འཕེལ་རྒྱས་༽ཞེས་པར་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལོ་རྒྱུས་བསྡུས་པ་དང་། དེང་སྐབས་འཛམ་གླིང་ཡོངས་ཀྱི་གནས་སྟངས་དང་དཀའ་ངལ། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་ལ་འབྲུག་ཡུལ་དུ་འབྲུག་གསོ་རིག་དང་སོག་པོ་རུ་སོག་པོའི་གསོ་རིག་དང་དོལ་བོ་སོགས་སུ་ཨེམ་ཆི་གསོ་རིག་སོགས་ཟེར་བཞིན་པ་ལ། ཚང་མས་གཅིག་གཅིག་ལ་ལྟ་བ་མི་འདྲ་བ་དང་ནང་རྩོད་མེད་པར་གནའ་བོའི་བོད་ཀྱི་རིག་ གནས་ཆེ་ཆུང་བཅུའི་ཆ་ཤས་གཞན་རྗེས་སུ་འཛིན་པའི་གསོ་བ་རིག་པའི་ཁུང་གཙོ་བོ་གསོ་རིག་རྒྱུད་བཞི་ཡིན་པ་དང་།
གསོ་བ་རིག་པའི་སྨན་པ་ཚང་མས་བོད་ཀྱི་གསོ་རིག་འདི་ཁྱིམ་ཚང་གཅིག་གི་འདུ་ཤེས་ ཀྱིས་ཕན་ཚུན་སློབ་སྦྱོང་དང་། བསམ་བློ་བརྗེ་སྤེལ། མཉམ་འབྲེལ་མཉམ་ལས་ཚད་ལྡན་གནང་ན་བོད་ལུགས་གསོ་བ་རིག་པ་འཛམ་གླིང་ཡོང་ལ་དར་རྒྱུའི་གོམས་སྟབས་མྱུར་དུ་སྤོ་ཐུབ་པར་གསུངས་པས་སྨན་པ་མང་པོས་གནད་ཆེ་བར་ངོས་ འཛིན་གྱིས་དགའ་བསུ་བྱས། སྨན་རྩིས་ཁང་གི་ཚོགས་གཙོ་མཆོག་གིས་སྨན་རྩིས་ཁང་གི་སློབ་གྲྭ་དང་སྨན་སྦྱོར་ཁང་དང་། སྨན་ཁང་ཡན་ལག་དྲུག་བཅུ་ལྷག་རྒྱ་བལ་དུ་ཡོད་པ་དང་། སྨན་སྦྱོར་སོགས་ལ་ཞིབ་འཇུག་གནང་བཞིན་པ་སོགས་རྒྱས་པར་གསུངས་པ་དང་།
འབྲུག་གི་འཕྲོད་བསྟེན་ཁང་གི་ཚོགས་གཙོ་དྲུང་འཚོ་ཀརྨ་ལགས་ཀྱིས་འབྲུག་ཡུལ་དུ་གསོ་བ་རིག་པ་འཕེལ་ཚུལ་དང་དེང་དུས་གསོ་རིག་སློབ་ཆེན་དུ། དྲུང་འཚོ་དང་། སྨན་པ་དང་སྨན་སྦྱོར་བ་སོགས་ལ་སློབ་སྦྱོང་གི་ལོ་ཚད་མི་འདྲ་ཡོད་པ་སོགས་འབྲུག་གི་དམིགས་བསལ་གྱི་སློབ་གསོའི་སྐོར་དང་། ཁྱད་པར་འབྲུག་ལ་སྨན་ལྗོངས་ཟེར་བའི་དོན་ནི་འབྲུག་ལྷོ་ཕྱོགས་སུ་ཨར་བར་སྐྱུར་གསུམ་དང་ཙན་དན་སོགས་ཤིང་སྨན་རིགས་མང་པོ་སྐྱེ་བ་དང་། བྱང་ཤར་དུ་བྱ་རྒོད་སུག་པ་སོགས་མཐོ་སྒང་གི་སྨན་སྐྱེ་བས་གནས་ཡུལ་བསིལ་དྲོད་གཉིས་ཀའི་སྨན་སྣ་ཤིན་ཏུ་མང་པོ་སྐྱེ་བའི་སྐོར་ཡང་གསུངས།

བལ་ཡུལ་གྱི་སྨན་པ་བསྟན་འཛིན་དར་རྒྱས་ཀྱིས་བལ་ཡུལ་ན་ཡོད་པའི་སྒོ་བསྟེན་སྨན་ཁང་ཁག་ངོ་སྤྲོད་རྒྱས་ཙམ་གནང་པ་སྟེ། སྨན་པ་གྲགས་ཅན་ཀུན་བཟང་ནས་༡༩༧༣་ལོ་ལ་ཕྱག་བཏབ་པའི་ཀུན་ཕན་བོད་སྨན་ཁང་ནི་བོད་ལུགས་སྒོ་བསྟེན་སྨན་ཁང་སྔ་ཤོས་ཡིན་པ་དང་། དེ་མིན་སྒོ་བསྟེན་སྨན་ཁང་ཉི་ཤུ་ལྷག་དང་ཚོགས་པ་དང་སློབ་གྲྭ་ཡང་ཁ་ཤས་ཡོད་པ་སོགས་གསུངས་པས་བལ་ཡུལ་དུ་དར་བཞིན་༐འི་བོད་ལུགས་གསོ་རིག་ཐད་ལ་རྗེས་ལོན་ལེགས་ཙམ་བྱུང་ངོ་།།

ཉིན་གཉིས་པར་ཕྱི་ལུགས་སྨན་པ་ཏམ་ལགས་ཀྱིས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཇི་ལྟར་གནང་སྟངས་དང་དེའི་ཕན་ཡོན་སོགས་དང་འཇའ་པན་གྱི་དགེ་རྒན་ཆེན་མོ་ན་ཀ་ས་བས་བསྒོམ་གྱིས་ཀླད་པ་དང་དབང་རྩ་ལ་ཕན་ཡོན་ཇི་ལྟར་ཐོབ་པ་གཏམ་བཤད་གནང་བར་དམིགས་བསལ་གྱི་དགའ་བསུ་ཐོབ། བོད་ཕེབས་སྨན་པ་མ་ཅིག་གིས་བོད་ནས་ཐོན་པའི་སྨན་རྩྭ་ངོས་འཛིན་དེ་རྒྱལ་ཁབ་གཞན་དང་མཐུན་མིན་ལ་ཞིབ་བསྡུར་གནང་བར་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་ཙམ་གཅིག་པ་བྱུང་པ་དང་། གློ་མོན་ཡུལ་དང་དོལ་བོ་དང་འབྲུག་དང་རྒྱ་གར་བཅས་ཤར་ཕྱོགས་རྒྱལ་ཁབ་དག་ནས་ཕེབས་པའི་སྨན་པ་མང་པོས་དེ་ལ་དམིགས་བསལ་དོན་སྙིང་ཡོད་པར་བསྔགས་བརྗོད་བྱས།།

ཉིན་གསུམ་པར་གསོ་བ་རིག་པའི་མ་འོང་སློབ་གསོ་དང་འཕེལ་རྒྱས་དང་སྨན་རྩ་བསྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་གྲོས་བསྡུར་རྒྱས་ཙམ་གནང་་པ་དང་། གཞན་ཡང་གཏམ་བཤད་རིགས་དང་ནད་ཐོག་ལག་ལེན་དང་དཔྱད་བཅོས་རིག་པ་སོགས་སྐོར་ལ་གཏམ་བཤད་དང་ལག་ལེན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་གང་མང་སྤེལ་བ་ལ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བལ་ཡུལ་གསོ་རིག་ཁང་གི་ཚད་ལྡན་གྲྭ་སྒྲིག་དང་ལས་དོན་སྤེལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་སོ།།

ཚོགས་ཆེན་རྗེས་སུ་སྨན་པ་པད་མ་རྒྱལ་མཚན་དང་སྨན་པ་མ་ཅིག་གཉིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་སྨན་པ་བརྒྱ་ཙམ་ལ་གསོ་རིག་རྒྱུད་ཆུང་གསུམ་གྱི་ལུང་གནང་པ་དང་ནེ་པ་ལཱའི་ལོ་ཙ་བ་དགེ་རྒན་ཆེན་མོ་པོ་ཉ་ཡིས་རྒྱུད་ཆུང་གསུམ་ནེ་པ་ལཱའི་སྐད་དུ་བསྒྱུར་རྒྱུ་ཡང་གཏན་འཁེལ་བྱུང་ལ། སྨན་པ་ཉི་ཟླས་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོ་དང་རྩ་ཁྲིད་ཀྱང་ཉིན་གཉིས་རིང་ལ་གནང་བའོ།།

མཐར་བོད་ཀྱི་གསོ་རིག་ཚོགས་ཆེན་འདི་ནི་སྔོན་ཆད་དུས་རབས་བརྒྱད་པར་བསམ་ཡས་སུ་འཚོགས་པའི་གསོ་རིག་བགྲོ་གླིང་གི་དྲན་རྟེན་ལྟ་བུ་ཞིག་ཀྱང་ཆགས་པ་སྟེ། འཛམ་གླིང་ཤར་ནུབ་གཉིས་ཀ་ནས་སྨན་པ་མང་པོ་ལྷན་འཛོམས་ཀྱིས་བསམ་བློ་བརྗེ་སྤེལ་གཏིང་ཟབ་པ་བྱུང་པ་དང་། འཚོགས་འདུར་ཞུགས་མཁན་མི་སྐྱ་སྨན་པ་མིན་པའི་གྲྭ་བ་དང་བཙུན་མ་དང་། སྔགས་པ་དང་བོན་པོ་སྨན་པ་སོགས་ཀྱང་འདུས་ཡོད་པས་གྲུབ་མཐའ་རིས་མེད་ཀྱིས་གསོ་རིག་བསྟན་པ་འཛིན་སྐྱོང་སྤེལ་བཞིན་པ་ནི་ངོ་མཚར་བའི་གནས་སོ།།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་ཚོགས་མི་ཚོས་གྲོས་བསྡུར་བྱས་པ་རྒྱུད་ཕྱི་ལོ་༢༠༡༥་ལོའི་ཟླ་དགུ་བའི་ཟླ་མཇུག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཨི་ཏ་ལི་པེ་ས་གྲོང་ཁྱེར་དུ་གསོ་རིག་བགྲོ་གླེང་འཚོགས་རྒྱུ་དང་། ༢༠༡༦་ལོའི་དཔྱིད་ཀར་ཨེ་ས་ཏོ་ཉ་རྒྱལ་ཁབ་གྱི་རྒྱལ་ས་ཐ་ལེན་ཏུ་རྒྱལ་སྤྱིའི་གསོ་རིག་ཚོགས་ཆེན་བཞི་བ་དང་། ༢༠༡༧་ལོའི་དཔྱིད་ཀར་རྒྱལ་སྤྱིའི་གསོ་རིག་ཚོགས་ཆེན་ལྔ་བ་ཡང་བསྐྱར་ནེ་པ་ལ་རུ་འཚོག་རྒྱུ་གཏན་འཁེལ་བྱུང་སོང་ངོ་།།

བོད་ཀྱི་གསོ་རིག་ཁང་གི་དྲྭ་རྒྱ་ལས་དྲངས།

གསར་འགྱུར།

Post navigation

Previous Post: ར་བསད་ནས་ལུག་འདར་བ་བྱེད།
Next Post: ཁ་ཆེའི་བུ་མོའི་བག་ཆགས་དྲང་ཚིག་དུང་ཟླ་དཀར་པོ།

Comments (2) on “རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་བལ་ཡུལ་དུ་འཚོགས་པ།”

  1. BONPO says:
    2015-02-05 at 12:23 pm

    བོད་རང་ལུགས་ཀྱི་བོན་པོའི་སྨན་གཞུང་དང་བོན་པོའི་སྨན་པ་ཚོ་ལ་མཐོང་ཆུང་བརྙས་བཅོས་གཏོང་མཁན་གྱི་གཏེ་རྒན་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གསུམ་པ་ནེ་པ་ལཱིའི་རྒྱལ་སར་འཚོགས་པ་་་་ཟེར་ནས་མཚན་བྱང་བཟོས་ན་ཡག་ས་རེད། གོང་བཀོད་གནས་ཚུལ་ལྟར་ན་དོན་ལའང་དེ་ལྟར་དུ་གནས་པ་ལྟ་བུར་མཐོང་། བོན་པོ་ཚོ་ཉོན་ཨ། རང་ཉིད་ལ་མཐོང་ཆུང་དང་བརྙས་བཅོས་གཏོང་གི་ཡོད་པ་ཤེས་བཞིན་དུ། མ་འོངས་པར་དགོས་པ་དང་རྒྱུ་མཚན་དེ་ཙམ་མེད་སའི་རྒྱལ་སྤྱིའི་མིང་ཅན་གྱི་ཚོགས་འདུ་ཡོད་ཚད་ལ་ཕེབས་མ་ཐུབ་པ་ཡིན་ནའང་སྐྱོན་ཆེན་པོ་ཡོད་པར་མི་སེམས་སོ། དེ་ཐུགས་ལ་ཞོགས། །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-05 at 1:54 pm

    སངས་རྒྱས་སྨན་བླའི་རྒྱལ་པོས་བྱིན་གྱིསག་རློབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme