Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བུད་མེད་ཉིན་མོ་ཇི་ལྟར་བྱུང་བའི་སྐོར།

Posted on 2016-03-072016-03-07 By ཁ་བརྡ 2 Comments on རྒྱལ་སྤྱིའི་བུད་མེད་ཉིན་མོ་ཇི་ལྟར་བྱུང་བའི་སྐོར།

རྔ་བཟའ་བདེ་པོ་འཚོས་བསྒྱུར།

 

ལོ་ལྟར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འཛམ་གླིང་གང་སར་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། དེས་འཛམ་གླིང་གི་བུད་མེད་ཡོངས་དང་ལྷག་པར་དུ་དཔའ་མཛངས་ལྡན་པའི་བུད་མེད་དམ་པ་དག་གི་རྣམ་ཤེས་ལ་བརྩི་བཀུར་མཚོན་གྱིན་ཡོད།

ཕྱི་ལོ་༡༩༠༠ ནང་ལ་སྤྱི་ཚོགས་ཀྱི་གཉའ་གནོན་དང་དབྱེ་འབྱེད་ཁྲོད་ནས་བུད་མེད་ཚོ་སྡོད་བཟོད་བྲལ་ནས་ཡར་ལང་དང་སྐད་འབོད་བྱེད་འགོ་བརྩམས་ཏེ་འགྱུར་བ་གསར་བ་ཞིག་ལ་རེ་ལྟོས་བྱས།
ཨ་རིའི་སྤྱི་ཚོགས་རིང་ལུགས་ཚོགས་པས་འགན་བཞེས་ཏེ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཉིན་དང་པོ་དེ་ཟླ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ལ་སྲུང་བརྩི་བྱས་ཤིང་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལའང་ངོས་འཛིན་བྱས།  དེ་ནས་བཟུང་ཕྱི་ལོ་༡༩༡༣ ཟླ་གཉིས་པའི་རེས་གཟའ་ཉི་མ་མཐའ་མ་བར་རྒྱལ་ཁབ་ཀྱི་བུད་མེད་དུས་ཆེན་ཞེས་སྲུང་བརྩི་བྱས་ཡོད།

ཕྱི་ལོ་༡༩༡༡ ལ་ཀཱོ་པན་གྷན་( Copenhagen) དུ་རྒྱལ་སྤྱིའི་བུད་མེད་ལས་བྱེད་གྲོས་ཚོགས་ཤིག་ཇར་མན (Germany)གྱི་དམངས་གཙོ་སྤྱི་ཚོགས་ཚོགས་པའི་བུད་མེད་ལས་བྱེད་པའི་ཚོགས་གཙོས་བསྐོང་ཞིང་། བུད་མེད་ཐོབ་ཐང་རྩོད་ལེན་མཁན་ལྕམ་ཀཱ་ལ་རཱ་ཛྭ་ཀྭིན( Clara Zetkin)གྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་པའི་བསམ་བློ་དེ་ཁྱབ་སྤེལ་བྱས་པས།  མི་མང་པོས་ཁོང་མོའི་བསམ་ཚུལ་ལ་བསྔགས་བརྗོད་བླ་ལྷག་བྱས་ཏེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་དབུ་བརྙེས་ཡོད།

རྒྱལ་སྤྱིའི་བུད་མེད་ཉིན་མོ་ཐེངས་དང་པོ་དེ་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ཡོ་གླིང་(Austria) དང་ཌན་མཱར་ཀི( Denmark) ཇར་མན་དང་སྭི་བེ་ལན་ཌི( Swtzerland) ཡི་རྒྱལ་ཁབ་ཁག་ཏུ་སྲུང་བརྩི་བྱས་ཤིང་།  སྐྱེས་ཕོ་མོ་ས་ཡ་གཅིག་ལས་ལྷག་ཅིག་མཉམ་འཛོམས་ཐོག་བུད་མེད་ཀྱི་ལས་གནས་ཐོབ་ཐང་དང་འོས་བསྡུའི་རང་དབང་དགོས་པ་དང་ཕོ་མཆོག་མོ་དམན་གྱི་དབྱེ་འབྱེད་མཚམས་འཇོག་དགོས་པར་འབོད་སྐུལ་ནན་མོ་བྱས་ཡོད།

ཕྱི་ལོ་༡༠༡༣ གྱི་རྗེས་ནས་རིམ་བཞིན་བགྲོ་གླེང་གི་འབྲས་སུ།  རྒྱལ་སྤྱིའི་བུད་མེད་ཉིན་མོ་ཟླ་གསུམ་པའི་ཚེས་བཅུ་དགུ་དེ་ཟླ་གསུམ་པའི་ཚེས་བརྒྱད་ལ་བསྒྱུར་བཅོས་བཏང་སྟེ་དུས་ད་ལྟའི་བར་འཛམ་གླིང་གི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་གྱུར་བ་མ་ཟད་ལོ་དེ་ག་རང་ལ་ཡུ་རོབ་རྒྱལ་ཁག་ཏུ་ཡང་ཁྱབ་བརྡལ་ཆེན་པོ་ཕྱིན་ཏེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཞེས་སྲུང་བརྩི་བྱེད་དང་བྱེད་མུས་ཡིན།

སྐབས་དེར་དམག་འཁྲུག་ཁྲོད་དུ་ཨུ་རུ་སུའི་དམག་མི་ས་ཡ་གཉིས་ལྷག་འདས་གྲོངས་སུ་ཕྱིན་པས། ཨུ་རུ་སུའི་བུད་མེད་ཚོས་” འཚོ་རྟེན་དང་ཞི་བདེའི“ སླད་དུ་ངོ་རྒོལ་བྱེད་འགོ་བརྩམས། ཆབ་སྲིད་ཀྱི་མགོ་གཙོ་རྣམས་ཁོང་ཚོའི་ཁ་གཏད་དུ་ལངས་ཀྱང་བུད་མེད་ཚོས་ངོ་རྒོལ་ཆུ་བོའི་རྒྱུན་དུ་བྱས་ཏེ་མཐར་ཁོང་ཚོ་རྐུབ་སྟེགས་མཐོ་ས་ནས་དམའ་སར་བཙན་གྱིས་བཤོལ་དགོས་བྱུང་ཞིང་།  སྲིད་གཞུང་གིས་བུད་མེད་ཚོར་འོས་བསྡུའི་ཐོབ་ཐང་སྤྲད།  ཉི་མ་དེ་ནི་ད་དུང་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་ནས་ཡི་ཤུའི་ལོ་ཐོ་རུ་གསུམ་པའི་བརྒྱད་ཅེས་གསལ།

རྒྱལ་སྤྱིའི་བུད་མེད་ཉིན་མོ་འདི་ནི་ལོ་རེ་བཞིན་གཟི་བརྗེད་ཆེ་རུ་དང་ནུས་ཤུགས་གོང་དུ་འཕེལ་བཞིན་ཡོད་པས།  ཕྱི་ལོ་༡༩༧༥ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཉིན་མོ་འདི་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་ཞེས་ངོས་འཛིན་བྱས་ཏེ་གོ་མིང་བྱིན་ཡོད།   དེར་བརྟེན།   ད་སྐབས་འཛམ་གླིང་གི་བུད་མེད་ཚོགས་པ་དང་སྲིད་གཞུང་ཚང་མས་སུམ་པའི་ཚེས་བརྒྱད་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་གལ་ཆེན་ཞིག་བརྩིས་ནས་སྲུང་བརྩི་བྱེད་པ་མ་ཟད་ཉིན་དེར་ལས་འགུལ་སྣ་ཚོགས་སྤེལ་ཏེ་བུད་མེད་ལ་ཆེ་མཐོང་སྤྲོད།   དེ་འདྲ་ཡིན་དུས་རྒྱལ་སྤྱིའི་བུད་མེད་ཉིན་མོར་གཞུང་འབྲེལ་གྱི་གུང་གསེང་ཡིན།   མདོར་ན་དུས་ཆེན་འདི་ནི་ཨ་རི་ནས་དར་ཏེ་འཛམ་གླིང་ཕྱོགས་ཡོངས་ལ་ཁྱབ་པས་རྒྱལ་ཁབ་འདི་ཚོ་ཚང་མར་གུང་གསེང་གཏོང་གི་ཡོད།
(Afghanistan, Armenia, Azerbaijan, Belarus, Burkina Faso, Cambodia, China (for women only), Cuba, Georgia, Guinea-Bissau, Eritrea, Kazakhstan, Kyrgyzstan, Laos, Madagascar (for women only), Moldova, Mongolia, Montenegro, Nepal (for women only), Russia, Tajikistan, Turkmenistan, Uganda, Ukraine, Uzbekistan, Vietnam and Zambia.)

རྒྱལ་སྤྱིའི་བུད་མེད་ཉིན་མོར་སྦྱར།
༢༠༡༦/༣/༨

ངོ་སྤྲོད།

Post navigation

Previous Post: བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་བཙལ་བཞིན་པའི་སྲིད་སྐྱོང་སུ་རེད།
Next Post: འདྲེ་དཀར་པོ་ཆགས་ཕྱིར་ལྷ་ནག་པོ་བཟོས་པ།

Comments (2) on “རྒྱལ་སྤྱིའི་བུད་མེད་ཉིན་མོ་ཇི་ལྟར་བྱུང་བའི་སྐོར།”

  1. རྣོ་མིག་ཐོགས། says:
    2016-03-08 at 5:53 am

    དུས་ཆེན་འདི་ལ་རྒྱབ་སྐྱོར་ཡོད། མ་ཟད་རྩོམ་འདི་བསྒྱུར་བ་ཧ་ཅང་བཟང་གི

  2. ཇུང་ཏོག་ says:
    2016-03-08 at 7:45 am

    ཕྱི་རྒྱལ་ཚོའི་བུད་མེད་དང་ཁྱོ་ག་གཉིས་ཐོབ་ཐང་འདྲ་མཉམ་དགོས་ཟེར་ན་ཡང་ཐོབ་ཐང་འདྲ་མཉམ་བཟོ་ཆོག་ཀྱང་ཕོ་ལ་ཡོད་པའི་དབང་པོ་དེ་མོ་ལ་འཇིག་རྟེན་མི་གི་ནམ་ཡང་སྤྲོད་མི་ཐུབ་པ་དང་དེ་ནི་འཇིག་རྟེན་ལས་ཀྱི་བསྐུན་པ་དང་དེ་མིན་ཕོ་དང་མོ་གཉིས་སྟེང་འོག་བརྗེ་མཆོག་གི་རེད་ལ་ལས་ཀ་ཡང་བརྗེ་ཆོག་གི་རེད་ལ་ཕོ་གི་སྲིད་འཛིན་དང་སྲིད་བློན་བྱེད་ཐུབ་པ་ནང་བཞིན་མོ་གི་ཡང་བྱེད་ཐུབ་ལ་ང་ཚོའི་རྗེས་ལོ་2021ལ་སྲིད་སྐྱོང་ལ་བུད་མེད་བསྐོ་ཐུབ་པའི་འགན་བསམ་ཡོད་བོད་མི་ཚང་མས་ད་ལྟ་ནས་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་ནས་སྒྲ་སྒྲིགས་གནང་དགོས་པ་ནི་བུད་མེད་ཀྱི་ཐོབ་ཐང་གླེང་ཐུབ་ཙམ་གྱི་ནམ་ཡང་འགྲིགས་ཐབ་མེད་པ་ཞིག་མ་རེད་དམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme