Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ།

Posted on 2013-04-012013-04-01 By ཁ་བརྡ་ No Comments on རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ།

ཐེ་བོ་སངས་རྒྱས།

SOS རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ།
འདིའི་འབྱུང་ཁུངས་ནི་ཕྱི་ལོ་༡༩༤༩ ལོར་ཧེར་མན་རྒྱེ་མི་ནེར་Hermann Gmeiner གྱིས་ཨའོ་སི་ཁྲི་རི་ཡའི་ཨིམ་སི་ཊིའི་རྫོང་Imst Austria དུ་གསར་འཛུགས་བྱས་པ་དང་། SOS (save our soul,ང་ཚོའི་སྲོག་སྐྱོབས)རྒྱལ་སྤྱིའི་ཕྲུ་གུའི་ཁྱིམ་སྡེ་ནི་ཕྱི་ལོ་༡༩༦༠ ལོར་དབུ་བརྙེས་ཏེ། ཧྥ་རན་སི་དང་། ལྗར་མི་ནེ། ཨི་ཏྲ་ལི་བཅས་ནང་ལས་ཁུངས་ཀྱི་གཞི་བཙུགས་པ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་བསྐྱེད་བཏང་ཡོད། དུས་རབས་སྔོན་མ་ནང་ནས་འདི་ནི་རྒྱལ་མཚམས་མེད་ཅིང་རང་རྐྱ་འཕེར་བའི་རྒྱལ་སྤྱིའི་ཡར་རྒྱས་རྩ་འཛུགས་ཚོགས་པ་ཞིག་ཏུ་གྱུར། ཚོགས་པ་འདིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྒྲགས་པའི་ཕྲུ་གུའི་ཐོབ་ཐང་ཁག་ལ་གཞི་བཅོལ་ཏེ། ཕྲུ་གུའི་ཐོབ་ཐང་སྲུང་སྐྱོབ་ཐད་ཁ་ཚ་དགོས་གཏུགས་ཀྱི་འབྲེལ་མཐུད་ལ་སོགས་པའི་ལས་དོན་དྭང་འདོད་ཀྱིས་སྒྲུབ་པ་དང་། རང་སྐྱོང་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཚོགས་པ་རྣམས་ལ་མཉམ་འབྲེལ་གྱི་སྒོ་ནས་འདིའི་ཁོངས་གཏོགས་ཕྲུ་གུ་ཚོའི་སློབ་གསོར་འབྲེལ་བའི་ལྟ་སྐྱོང་ཐད་འགྲོ་གྲོན་དང་སྟངས་འཛིན་གྱི་འགན་ལེན་བྱེད་པར་མ་ཚད། ཕྲུ་གུ་ཚོར་སློབ་སྦྱོང་གི་སྤུས་ཚད་གོང་འཕེལ་ཆེད་གདམ་ཀ་སྤྲད་དེ་མི་གཞིའི་ནུས་པ་ཚུགས་ཐུབ་ཡོང་ཕྱིར་ཉམས་ཞིབ་དང་། དེ་བཞིན་ཕྲུ་གུ་རེ་རེའི་ཤེས་འཇོན་ལ་རྒྱུས་ལོན་གྱིས་མི་ཚེའི་མདུན་ལམ་ཐད་འཆར་གཞི་དངོས་སུ་འདིང་བའི་ཁར། འདིར་རྒྱབ་རྟེན་བཅོལ་མཁན་གྱི་ཕྲུ་གུ་ཚོའི་བདེ་འཇགས་ཀྱི་ར་བ་དང་འཕྲོད་བསྟེན་བཅས་ལ་ཞབས་འདེགས་ཞུ་བཞིན་ཡོད།
ཚོགས་པ་འདིས་འཛམ་གླིང་གང་སར་རོགས་རམ་གནང་ས་ཕྲུ་གུ་དང་དར་མ་བསྡོམས་པས་ས་ཡ་གཅིག་ལྷག་ཡོད་ཅིང་། ཚོགས་པ་འདིས་ལས་གཞིའི་རྣམ་གྲངས་༢,༣༠༠ ལྷག་གཉེར་གྱི་ཡོད། འདིར་ཚུད་པའི་ཆ་རྐྱེན་ནི་ཁྱིམ་བདག་ཆེས་དབུལ་ཕོངས་ཉམ་ཐག་རིགས་དང་། དམིགས་བསལ་ཕ་མ་བུ་ཕྲུག་ཁ་གྱེས་པ་ལྟ་བུའི་དཀའ་ཉེན་གྱིས་སོ་སོའི་ཕྲུ་གུ་ལྟ་སྐྱོང་མི་ཐུབ་མཁན་དག་ཡིན། ཕྱི་ལོ་༢༠༠༤ ལོ་གཅིག་པུའི་ཡོང་སོང་གི་རྩིས་ཁྲ་ནི་དཔལ་འབྱོར་གྱི་དུས་བབས། <>ནང་ཁོད་པར་ལྟར་ན་ཨ་སྒོར་ས་ཡ་༨༠༧ ཡིན་ཞིང་། དེ་ནི་གོ་ལ་ཧྲིལ་བོའི་རྒྱལ་མཚམས་མེད་པའི་ཚོགས་པ་ཁག་ NGOs ལས་དངུལ་འཛིན་གྱི་ནུས་པའི་གནས་རིམ་༣༣ པ་དེ་ཆགས་པར་བཤད། དེང་སང་འཛམ་གླིང་གི་རྒྱལ་ཁབ་མ་འདྲ་བ་༡༣༣ ནང་རོགས་སྐྱོབ་ཀྱི་བྱ་འགུལ་སྤེལ་གྱི་ཡོད་པ་བཅས་སོ། །

སྣ་ཚོགས།

Post navigation

Previous Post: གློག་ཀླད་སློབ་གླིང་དྲ་ཚིགས་ཤར་གཏོང་བྱས་པ།
Next Post: མདང་ནུབ་བྲིས་པའི་གཞས་ཚིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme