Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།

Posted on 2013-02-012013-02-01 By ཁ་བརྡ་ 17 Comments on རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལྷོ་རྒྱ་བོད་གསུམ་གྱི་བགྲོ་གླེང་ཚོགས་འདུ་དེ་སྤྱི་ཟླ་གསུམ་པའི་ཚེས་སུམ་ཅུ་དང་སོ་གཅིག་སྟེ་ཉིན་གཉིས་ཀྱི་རིང་ཐའེ་ཝན་དུ་འཚོགས་རྒྱུ།

སྤྱིར་ད་ལྟའི་དུས་འདིར་ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་འདི་དར་རྒྱས་ལེགས་པོ་ཡོད་པའི་དུས་རབས་ཤིག་ཏུ་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་དང་། ཁྱད་པར་བསམ་བཞིན་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་གི་ནང་བའི་ཆོས་བརྒྱུད་ཁག་གི་གྲལ་ནས་འཕུད་ཐབས་བྱེད་ཅིང་ཐ་ན་ནང་པའང་མ་རེད་ཅེས་ཚབ་ཆེའི་སྐུར་འདེབས་དང་ཉེས་འཛུགས་མང་པོ་འཕེལ་བཞིན་ཡོད་པར་མ་ཟད།
ཡང་བོད་བརྒྱུད་ནང་བསྟན་གྱི་གདོང་འབག་གྱོན་པའི་ཁྲམ་པ་དག་གིས་ཡིན་མིན་གོ་ལྡོག་གིས་སྤྱི་ཚོགས་ནང་ནང་བསྟན་ལ་རྨ་འབྱིན་པའི་ལས་ཀའང་མང་པོ་ཞིག་བྱེད་བཞིན་པའི་དུས་འདིར་། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་དག་གིས་ཀྱང་ལྡོག་རྩ་གཅིག་སྒྲིལ་གྱིས། འཛམ་གླིང་གི་ནང་པའི་ཆོས་གྲོགས་གཞན་དག་དང་མཐུན་ལམ་དང་མཉམ་འབྲེལ་བཅས་བྱས་ནས་ཐུན་མོང་གི་གླེང་སྟེགས་མང་པོ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་བུ་གླིང་གི་མི་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་ཟབ་ཁྱད་ཤེས་སུ་འཇུག་རྒྱུའི་དགོས་གལ་དུས་སུ་བབས་པར་མཐོང་ནས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཐེངས་དང་པོའི་ལྷོ་རྒྱ་བོད་གསུམ་གྱི་བགྲོ་གླེང་ཚོགས་འདུ་འཚོགས་ཟིན་པ་ལྟར། འདི་ལོ་ཡང་།

དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པའི་མགོ་བརྗོད་ཀྱི་འོག་ནས་

རྒྱལ་སྤྱིའི་ལྷོ་བརྒྱུད་རྒྱ་བོད་བརྒྱུད་གསུམ་ནང་བསྟན་བགྲོ་གླེང་ཚོགས་འདུ་དེ་་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དབུ་བཞུགས་རྒྱུན་ལས་མཁན་པོ་ཚུལ་རྣམ་རིན་པོ་ཆེས་དམིགས་བསལ་ཐུགས་འགན་བཞེས་པའི་ཐོག་ནས་། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང། ཐའེ་ཝན་གནའ་རབས་ནང་བསྟན་བསམ་གཏན་སློབ་ཚོགས།

ཞན་ཊང་སློབ་གྲྭ་ཆེན་མོའི་ཆོས་ལུགས་སྡེ་ཚན་བཅས་ཀྱི་གཙོ་སྒྲུབ་ཀྱིས་་སྤྱི་ལོ་ཉིས་སྟོང་གསུམ་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་དང་སོ་གཅིག་གཉིས་ལ་རྒྱལ་ས་ཐེའེ་པེ་རུ་འཚོགས་གཏན་ཁེལ་ཞིང་། ༸དགའ་ལྡན་ཁྲི་པ་ལས་ཐོག་པ་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་དང་འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་སོགས་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཆོས་ལུགས་མི་སྣ་གྲགས་ཅན་ཁག་དང་། དེ་བཞིན་རྒྱ་རིགས་ནང་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་རྒྱའི་སློབ་དཔོན་ཧྭའེ་ཐའོ་ཧྥ་ཧྲི། དེ་བཞིན་ཤྲི་རི་ལང་གའི་སྐད་གྲགས་ཅན་གྱི་ཆོས་ཀྱི་སློབ་དཔོན་དང་མཁས་དབང་ Dr. G.P. Sumanapala−སོགས་དང་། ་ཐའེ་པེ་གྲོང་ཁྱེར་ནང་པའི་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་གྱི་ནང་ཆོས་ཀྱི་སློབ་སྟོན་པ། ཆོས་རྔ་རི་བོ་དགོན་གྱི་ཆོས་རྔ་རི་བོའི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སོགས་ཕེབས་གཏན་ཁེལ་ཡོད་པ་དང་། འཚོགས་ཡུལ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའི་ཐའེ་ཝན་གཙུག་ལག་སློབ་ཆེན་གྱི་ཚོགས་ཁང་དུ་ཡིན་པས་དམིགས་བསལ་སྐབས་དེར་ཐའེ་ཝན་དུ་བཞུགས་མཁན་གྱི་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་དང་ཤེས་ཡོན་པ་སོགས་དོ་སྣང་ཅན་སུ་ཞིག་ཡིན་ཀྱང་མཉམ་ཞུགས་ཐུབ་ཀྱི་ཡོད་པས་དེ་ལུགས་འབྲེལ་ཡོད་ལས་ཁུངས་སོགས་ལ་འབྲེལ་གནང་རྒྱུའི་མཚོན་དོ་སྣང་གང་ལེགས་གནང་རྒྱུའི་རེ་བ་ཡོད།

དེ་དང་ཆབ་གཅིག་གསལ་བསྒྲགས་སྔོན་སོང་ལྟར་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དབུ་བཞུགས་རྒྱུན་ལས་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུའི་གཙོ་འགན་གོ་སྒྲིག་གནང་བཞིན་པའི་བོད་བརྒྱུད་ནང་ཁུལ་གྲུབ་མཐའ་གཞིའི་བགྲོ་གླེང་ཚོགས་འདུ་དེ་ཡང་དེའི་གོང་གི་བདུན་ཕྲག་གཉིས་སྔོན་རང་ལ་འཚོག་གཏན་ཁེལ་བ་ཡང་ཐུགས་ནས་མ་བསྙེལ་བ་གནང་རོགས། གནས་ཚུལ་ཞིབ་ཕྲ།http://sangdhor.com/list_c.asp?id=10220

ནང་དོན་ཞིབ་ཕྲ་གཤམ་གསལ།

 

དང་པོ།  དགོས་དམིགས། ༡༽སངས་རྒྱས་ཐུགས་རྗེ་ཅན་མངོན་པར་སངས་རྒྱས་ནས་ལོ་༢༦༠༢ དང་། སྐུ་མྱ་ངན་ལས་འདས་ནས་༢༥༥༧ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་བ།

༢༽ ནང་བསྟན་ཆོས་བརྒྱུད་ཆེན་པོ་གསུམ་གྱི་འདྲ་མཉམ་བགྲོ་གླེང་བརྒྱུད་འཛམ་གླིང་ཞི་བདེའི་ཕྱོགས་སུ་གོམ་པ་སྤོ་བ།

༣༽ བསྟན་པ་ཡུན་དུ་གནས་པ་དང་འགྲོ་བ་བདེ་སྐྱིད་ཀྱི་སྣང་བ་དང་མི་འབྲལ་བ།

 

གཉིས་པ།     བརྗོད་གཞི།

 

དུས་རབས་ཉེར་གཅིག་པའི་ནང་ཆོས།

༡༽ ལྷོ་རྒྱ་བོད་ཀྱི་བརྒྱུད་པ་གསུམ་གྱི་མཐུན་ཆ།

༢༽ ནང་བསྟན་མཉམ་ལེན་བརྗེ་རེས།

༣༽ ནང་བསྟན་གྱི་ཚེ་སྲོག་སློབ་གསོ།

༤༽ ནང་བསྟན་གྱི་སྒོམ་སྒྲུབ།

 

གསུམ་པ། དུས་ཚོད། ༢༠༡༣  ལོའི་ ཟླ་ ༣ ཚེས་ ༣༠ནས་༣༡  བར། (གཟའ་སྤེན་པ་དང་ཉི་མ་ཟུང་)

བཞི་པ། ས་གནས།   ཅི་ཟི་ཐའེ་ཝན་མཐོ་སློབ་ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཚོགས་ལྟེ་གནས།

(ཐའེ་པེ་གྲོང་ཁྱེར་ལའོ་སི་ཧྥོས་ལམ་དུམ་བུ་བཞི་པ་ཨང་༨༥པ B1)

四、地點:集思台大國際會議中心

          

ལྔ་པ།  ནང་དོན།

:

 

ཚད་མཐོའི་བགྲོ་གླེང་གི་སྐབས་སུ། ནང་བསྟན་གྱི་ཕུགས་རྒྱང་རིང་པོའི་དམིགས་འདུན་གྱི་ཆེད། ལག་ལེན་དངོས་དང་འབྲེལ་བའི་ཐབས་ལམ་འདོན་པ།

 

ཆེད་དོན་བགྲོ་གླེང་གི་སྐབས་སུ། གལ་ཆེའི་བརྗོད་གཞི་དང་འབྲེལ་བའི་ཐུབ་བསྟན་བརྒྱུད་པ་གསུམ་གྱི་ལྟ་གྲུབ་ལག་ལེན་ཟུང་འབྲེལ་གྱི་དཔྱད་རྩོམ་བགྲོ་བ།

 

སྒྱུ་རྩལ་འགྲེམ་སྟོན་གྱི་སྐབས་སུ། བརྙན་དང་རི་མོའི་སྒྱུ་འཕྲུལ་གྱི་ལམ་ནས་ཐུབ་བསྟན་བརྒྱུད་པ་གསུམ་གྱི་ཟབ་རྒྱས་ཀྱི་ནང་དོན་མཚོན་པ།

བརྒྱད་པ། རོགས་སྒྲུབ་ལས་ཁུངས།

ཐའེ་ཝན་ཐེག་གསུམ་བྱང་ཆུབ་ཆོས་ཚོགས།        ཀྲུང་ཧྭ་ནང་བསྟན་གཞོན་ནུའི་ཚོགས་པ།

ཀྲུང་ཧྭ་ཝི་མན་སློབ་ཚོགས།                 ཐའེ་ཏ་སྐྱ་རེངས་རྩ་འཛུགས།

སངས་རྒྱས་སློབ་གསོའི་ཐེབ་རྩ་ཚོགས་པ།              ཆོས་ཀྱི་སྣང་བའི་ཆོས་ཚོགས།

ཀྲིང་ཙའི་ཁྲན་རྗེས་དྲན་ཐེབས་རྩ་ཚོགས་པ།             ཧྲན་ཤིས་ཧྥང་རྒྱལ་སྤྱིའི་ལས་དོན་ཚད་ཡོད་སྤྱི་གཉེར་ཁང་།

བདེན་བཞི་བཤད་སྒྲུབ་ཆོས་གླིང་སོགས་ཡིན།

 

རྒྱ་ཡིག་དང་དབྱིན་ཡིག་གི་སྐད་སྒྱུར།འབུམ་རམས་པ་ཀྲིན་ཝི་ཡིས།(ཞཱན་ཀྲང་མཐོ་སློབ་ཆོས་ལུགས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ལས་རོགས་པ)ཝུ་ཡིང་ཡིང་།(ཐའེ་ཝན་དགེ་འོས་མཐོ་སློབ་སྐད་སྒྱུར་ཞིབ་འཇུག་ཁང་གི་འབུམ་རམས་འཛིན་གྲྭ)

རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཁོ་སྤྲོད་བྱས།

གསལ་བསྒྲགས།

Post navigation

Previous Post: བདུད་རྩི་སྨན་སྒྲུབ་མདོར་བསྡུས། སྤྲུལ་འཁོར་སྐལ་བཟང་དོན་ལྡན།
Next Post: བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཕོ་འགྱུར་།

Comments (17) on “རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་ཆེན་ཐའེ་ཝན་དུ་འཚོགས་གཏན་ཁེལ་བའི་གསལ་བརྡ།”

  1. སྤོབས་པ་མཐའ་ཡས། says:
    2013-02-01 at 5:44 am

    ཁྱེད་རྣམ་པའི་ངོས་ནས་དེ་ལྟ་བུའི་བྱ་བ་རླབས་ཆེན་མཛད་བཞིན་པ་ལ་རྗེས་སུ་ཡི་རང་ཚད་ལས་འདས་པའི་གནས་སུ་གྱུར་པ་ལགས། བོད་བརྒྱུད་ནང་བསྟན་དང་། རྒྱ་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་ཞེས་ཡུལ་ལས་དྲས་ཏེ་མིང་འདོགས་སྟངས་དེ་ཡང་སངས་རྒྱས་པ་རང་གི་ལུགས་པ་དེ་ཙམ་འབྱོར་པོ་ཞིག་མི་འདུག མིང་འདི་ལྟར་བཏགས་སྐབས་ེ་དང་ལྷན་དུ་ཡུལ་དེ་དག་གི་རིག་གཞུང་གོམ་སྲོལ་སོགས་ཀྱི་ཞེན་ཁོག་དང་། ཆབ་སྲིད་ཀྱི་ས་མཚམས་དབྱེ་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་ཡིད་ཆེས་ལ་དགའ་སྡང་སོགས་ཀྱང་སླེབས་ཡོང་གིན་འདུག སྤྱིར་ན་མིང་འདི་ལྟར་འདོགས་ཁུལ་བྱེད་མཁན་གྱི་ཐོག་མ་དེ་ནུབ་ཕྱོགས་པའི་ཞིབ་འཇུག་པ་ཡིན་ཟེར་མཁན་ལྟས་ངན་ཁ་ཤས་ཤིག་གིས་དབྱེ་བ་དེ་ལྟར་དགར་བ་མིན་ནམ་ཡང་དྲན། ནུབ་ཕྱོགས་པའི་ཞིབ་འཇུག་པ་ཡིན་ཟེར་མཁན་ལྟས་ངན་ཁ་ཤས་ཤིག་གིས་མི་ཤེས་ཤེས་མདོག་གིས་ཤར་ཕྱོགས་རིགས་གནས་ལ་མི་དགོས་པའི་དབྱེ་འབྱེད་དང་སྡེ་ཚན་དགར་སྟངས་དོན་ལ་མི་གནས་པ་ལུང་པ་གང་བྱེད་ཀྱིན་འདུག དེ་ཡིན་དུས་མིང་འདོགས་སྟངངས་སོགས་ནང་པ་རང་ལ་སྔར་ཡོད་ཆ་རྒྱུས་ཡོད་པ་རྣམས་སྦྱར་གང་ཐུབ་ཐུབ་མ་གཏོགས་ནུབ་ཕྱོགས་པའི་བ་འཇུག་པ་ལྟས་ངས་ཚོའི་དབྱེ་བ་དགར་སྟངས་ལ་རྗེས་བརྗོད་མ་བྱས་ན་དགའ་བ་འདུག དཔེར་ན་ནང་པ་རང་ལུགས་ལ་མིང་སྔར་ནས་ཡོད་པ་རེད། བསྟན་པའི་རྩ་བ་འདུལ་བའི་ལུགས་ལྟར་བྱས་ན་གནས་བསྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ། ཕལ་ཆེན་སྡེ་པ་སོགས་བཏགས་ན་མ་འགྲིགས་པ་གང་ཡོད་པ་ཡིན་ནམ། མིང་འདི་ལྟར་རང་ཐོགས་མ་ཐུབ་ན་ཡང་དེ་ལུགས་གླེང་སློང་འདྲ་པོ་བྱེད་ཐུབ་ན་ནང་པ་སྤྱིའི་གཅིག་གྱུར་གྱི་འདུ་ཤེས་དང་ཕན་ཚུན་དད་པ་དམ་ཚིག་གཙང་བར་ཕན་ཐོགས་ངེས་ཅན་རེད།
    །ན་ཐོས་གནས་བསྟན་པའི་བཙུན་པ་ཕལ་ཆེ་བ་ཞིག་གིས་བོད་སྐད་དུ་བཞུགས་པའི་བཀའ་འགྱུར་ན་ཐེག་པ་ཐུན་མོང་བའི་བཀའ་སྡེ་སྣོད་གསུམ་ཡོད་པ་ཞིག་ཀྱང་མཁྱེན་གྱི་མི་འདུག དངོས་ཡོད་ལ་ཆོས་འདུལ་བ་ལྟ་བུ་ཡིན་ན་དེང་དུས་སུ་པ་ལིའི་སྐད་དུ་བཞུགས་པའི་སྡེ་སྣོད་ལས་བོད་སྐད་དུ་བཞུགས་པ་ཧ་ཅང་མང་གི་རེད། ཡིན་ན་ཡང་གནས་བསྟན་པའི་བཙུན་པ་ཚོས་བོད་སྐད་དུ་བཞུགས་པའི་འདུལ་བ་དེ་ཡང་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ཤག་བྱེད་ཀྱིན་འདུག དེ་ཚོར་བརྡ་ལན་གསལ་པོ་རེ་འཕྲོད་པ་བྱུང་ན་ཚང་མར་ཕན་ཐོགས་ཆེན་པོ་ཡོད་ས་རེད།
    གནས་བསྟན་སྡེ་པ་དང་བོད་བརྒྱུད་ནང་བསྟན་བར་གྱི་འགལ་བ་ཆེ་ཤོས་ནི་ཆོས་མ་རེད། གང་ཟག་རེད། ང་ཚོའི་སྤྲུལ་སྐུ་དང་གདུང་རྒྱུད་ན་གཞོན་དང་མི་སྐྱ་ཚོ་ལ་བཙུན་པ་ཚོས་ཕྱག་འཚལ་བ་དང་གྲལ་མགོར་འཇོག་སྲོལ་དེ་ཁོང་རྣམ་པས་ངོས་ལེན་བྱེད་ཐུབ་ཀྱིན་མེད་པ་རེད། དེ་ལ་ཁག་ཀྱང་མི་འདུག ཆབ་སྲིད་དང་རིག་གནས་ཀྱི་ཚོགས་འདུ་འདྲ་བོ་བསྡུས་ན་གནས་ཚུལ་གཞན་རེད་མ་གཏོགས་ཆོས་ལུགས་རང་གི་ཚོགས་གྲལ་ལྷན་དུ་བསྒྲིགས་ཐུབ་པ་གཏན་ནས་མི་འདུག དེ་ཚོར་ཡང་ཁྱེད་རྣམ་པས་མ་་འོངས་པར་གང་འདྲ་བྱེད་འོས་ཐུགས་བསམ་རེ་བཞེས་རོགས།
    འདིའི་སྐོར་ལ་ཞུ་འདོད་པ་ཧ་ཅང་མང་པོ་ཡོད། ང་ཡང་གནས་བརྟན་པའི་བཙུན་པ་ཁ་ཤས་རེར་ཐུག་སོང་། གླེང་མོལ་རེ་ཡང་བྱུང་སོང་། ཨོ་ཨོ་བསམ་བསམ་མང་པོ་བྱུང་སོང་། ཁྱེད་རྣམ་པར་སློབ་སྟོན་སོགས་བྱེད་པའི་ཕོད་པ་སེམས་ཀྱི་ཟུར་ན་ཡང་མེད་མོད་རྫ་ཚེ་རིང་བཀྲ་ཤིས་མཆོག་ཁ་བརྡའི་དྲ་གྲོགས་ཤིག་ཡིན་པའི་ཆ་ནས་ཁ་བརྡ་རེ་ཞུས་པ་ཙམ་ཡིན།

  2. དྲི་མེད་ལྷག་བསམ། says:
    2013-02-01 at 6:22 am

    སྤོབས་པ་མཐའ་ཡས་ཀྱི་གསུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། རྒྱུ་མཚན་ལྡན་པ། ཉམས་མྱོང་གིས་གྲུབ་པ། དུས་དང་མཐུན་པ་ཁོ་ནའོ། །ཡང་བསླབ་པའི་རྒན་རིམ་སོགས་ཡང་གནས་ལུགས་དང་ལྡན་པ་ལགས་མོད། ཐེག་དམན་རྣནས་ནི་འདུལ་བའི་བརྒྱུད་པ་དང་ལས་ཆོག་ལའང་དོགས་པ་ཆེ་ཙམ་གནང་གིས་ཡོད་དང། བོད་ཀྱི་གསང་སྔགས་ཀྱི་ཆོ་གའི་བྱེད་ལས་ཡོངས་སུ་རྫོགས་པ་ཁས་ལེན་ལ་ལྟ་ཞོག རྣམ་རྟོག་སྐྱེ་བའི་རྒྱུར་བརྩི་བ་དེ་འགག་སྒོ་གཙོ་བོ་ལགས།

  3. སྤོབས་པ་མཐའ་ཡས། says:
    2013-02-01 at 6:45 am

    མདོར་ན་སྔགས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཏུ་ཁས་འཆེ་བའི་བྱེད་སྒོ་ཟིང་ལོང་དང་། སྦྱིན་སྲེག གཏོར་རྒྱག་སོགས་མང་པོ་གང་བྱུང་དུ་བྱེད་པ་དང་། དཀྱིལ་འཁོར་བཤམ་སྟོན། ལྷག་པར་ཡང་ལྷ་སྐུ་ཞི་དྲག་གི་རིགས་དེ་ཚོ་བོད་བརྒྱུད་ནང་བསྟན་པས་མངོན་གསལ་ག་ཚོད་ཆུང་ཆུང་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད་འདུག གསང་སྔགས་རང་གི་རྒྱུད་སྡེ་དང་དེའི་དགོངས་འགྲེལ་ཁག་ལས་ཀྱང་རྡོར་དྲིལ་ཡན་ཆོད་སྦས་དགོས་ཚུལ་གསུངས་ཡོད་པས་གསང་སྔགས་མི་མངོན་པའི་ཚུལ་གྱིས་ཉམས་སུ་ལེན་པ་ནི་རྒྱུད་སྡེ་རིན་པོ་ཆེ་དང་དེའི་དགོངས་འགྲེལ་ཁག་གི་དགོངས་པ་ཡིན་པ་ལས་གསང་སྔགས་པ་ཚོ་ཕམ་ཉེས་སོང་བ་དང་མི་སྔོན་དུ་མགོ་འགྱོག་མ་ཐུབ་པར་སྦས་པ་ལྟ་བུ་གཏན་ནས་མིན། དེ་ལྟར་བྱས་ན་ཆོས་ཀྱི་མཆེད་པོ་ཚོའི་མཐོང་ལམ་ལ་འཕྲོད་པ་དང་། གསང་སྔགས་འཆོལ་ཉོག་ཏུ་མི་འགྱུར་བ། ནང་བསྟན་པ་དག་མཐུན་ལམ་གཅིག་གྱུར་སོགས་ལ་ཕན་པ་ཆེན་པོ་ཡོད་པར་མཐོང་སོང་ལགས། དེ་ལྟར་ཡིན་དུས་ན་ནིང་ཞིག་ལ་དེ་ན་ཁྱེད་རྣམ་པས་སྒྲོལ་མ་དུང་སྒྲུབ་འཚོགས་བཞིན་ཡོད་ཚུལ་ཐོས་སྐབས་ཡིད་ངོར་དེ་ཙམ་འཕྲོད་མ་སོང་། སྒྲོལ་མ་བཏོན་ན་མི་དགའ་རྒྱུ་ཟེར་ནས་ཅང་མི་འདུག་སྟེ་ལྷ་འདྲེའི་རེ་དོག་འདི་རིགས་སྤེལ་བ་མང་མ་དྲགས་ན་ཡང་ཉུང་མ་དྲགས་པ་ལྟ་བུ་ཞིག་ཏུ་གྱུར་འདུག་པས་དེ་ལྟར་བསམ་པ་ཡིན།

  4. པདྨ says:
    2013-02-01 at 8:25 am

    ལེགས་སྨོན་ཞིག་བྱུང་ན་ཤིན་ཏུ་བཟང་། དེ་མིན་དེང་སང་མཚན་སྙན་འཛམ་གླིང་ཁྱོན་ལ་བསྒྲག་གནང་བའི་བླ་ཆེན་འགས་སྦྱིན་བདག་མཐོང་དུས་ཁ་གསག་ངོ་འཇོ་སྤྲེལ་ལད་བྱེད་པའི་ཚུལ་དེ་དག་མཐོང་བའི་སྐབས་རྗེ་རས་ཆུང་པས། མི་ལ་མྱ་ངན་ལས་འདས་དུས་བླ་མ་དྲན་པའི་མགུར་ལས། ཟང་ཟིང་ནོར་རྫས་འཕྲད་པའི་ཚེ། དངུལ་ཆུ་ས་ལ་ལྷུང་བ་ལྟར། དྲི་མས་མ་གོས་རིན་པོ་ཆེ། ཞེས་གསུངས་པ་ལྟར་ཉམས་བཞེས་ཐོག་ནས་ཉམས་རྟོགས་བརྗེ་རིས་སུ་མདོ་སྔགས་གཉིས་སམ་དགེ་འདུན་པ་སྡེ་གཉིས་པོ་འདུ་འཛོམས་བྱུང་ན་ལེགས་སོ། །

  5. གཡུ་འབྲུག་དཀར་པོ། says:
    2013-02-01 at 8:37 am

    སྤོབས་པ་ལགས། ཡོད་སྨྲའི་སྡེ་པ་ལ་གསང་སྔགས་མེད་ཅིང་བོད་བརྒྱུད་ནང་བསྟན་པར་གསང་སྔགས་ཡོད་པས་བོད་བརྒྱུད་ནང་བསྟན་པར་ཡོད་སྨྲའི་སྡེ་ཞེས་བརྗོད་ན་ཁྱབ་ཆུང་བའི་སྐྱོན་དུ་མི་འགྱུར་རམ། ད་དུང་ཐེ་ཝན་དུ་སྒྲོལ་འབུམ་བསགས་པ་ལ་གསང་སྔགས་ཆོལ་ཉོག་ཏུ་འགྱུར་བའི་སྐྱོན་བརྗོད་གནང་འདུག། རྒྱལ་བ་རིན་པོ་ཆེས་ཀྱང་རྡོ་རྗེ་གདན་དུ་མི་མང་ས་ཡ་མང་པོ་འཚོགས་པ་ལ་དུས་འཁོར་དབང་གནང་བ་མ་ཡིན་ནམ། རྡོར་གདན་སྨོན་ལམ་དུ་ཡང་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་གནང་གི་འདུག། དེ་ཚོ་ཡང་འཛེམས་དགོས་སམ།

  6. ལྷ་སྲས་ཐ་ཆུང་། says:
    2013-02-01 at 8:59 am

    ཐེ་ཝན་དུ་གནས་བཞུགས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་དང་ཤེས་ཡོན་པ་སུ་ཞིག་ཡིན་ཡང་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་ཟེར། དེས་ན་ཐེ་ཝན་དུ་ཡོད་པའི་དོལ་རྒྱལ་ཚོགས་པའི་བླ་རྫུན་དག་འཛུལ་ཞུགས་བྱེད་ཆོག་གི་ཡོད་མེད་དང་། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་འདིའི་སྟེང་༧གོང་ས་ཡིད་བཞིན་ནོར་བུ་ཅིའི་ཕྱིར་གདན་འདྲེན་མ་ཞུ་བ་ཡིན་ནམ།

  7. རྫ ་ཚེ་རིང་བཀྲ་ཤིས། says:
    2013-02-01 at 10:53 am

    ང་ཚོས་གང་ཞིག་འཇོན་པ་དེ། །༸རྒྱལ་བའི་དགོངས་གཞི་ཡིན་ཁུལ་ཡིན། །དོལ་ཚོགས་ཡོང་བར་དོགས་མི་དགོས། །
    སྤོབས་པའི་གསུང་ལས་མང་ཞིག་བདེན། །བརྒྱུད་པའི་ཐ་སྙད་འདོགས་སྟངས་ལ། །དེ་ལས་ལྷག་དང་གྲགས་པ་དང་། །དོན་ལ་གནས་པ་ཡོད་ན་ནི། །དགའ་བའི་གནས་མོད་མ་མཆིས་ལགས། །
    གཞན་ནི་གང་བཤད་གང་དགའ་གྱིས། །

  8. བན་དེ་བ། says:
    2013-02-01 at 11:43 am

    བོད་རྒྱུད་ནང་བསྟན་པའི་ཐེག་ཆེན་གསང་སྔགས་ཀྱི་སྐོར་དེ་ནང་པའི་རྒྱལ་ཁམས་བྷར་མ་དང་ཐ་ཡིལཎཌ་སིང་ག་པོར་ཐེ་ཨེན་སོགས་སུ་སྟོན་ཕོད་ས་ཡོད་ས་མ་རེད། དེ་བོད་གཅིག་པོ་ལ་བེད་སྤྱོད་དང་མགོ་སེར་དེ་ཚོར་བཤད་རྒྱུ་གཅིག་རེད་འདུག
    རེད་རེད་དེ་ཚོ་བོད་ལ་རན་ཤོས་རེད།

  9. ཨོ་རྒྱན་ཉི་མ། says:
    2013-02-01 at 1:18 pm

    བསོད་ནམས་དཔྱིད་ཀྱི་དཔལ་མོའི་དགའ་སྟོན་ལ་རོལ་ཞིང་།།
    དགེ་ལེགས་སྣང་བ་དམ་པའི་མཛད་ཕྲིན་གྱིས་ཕྱུག་པའི།།
    མཚུངས་མེད་དགེ་བའི་བཤེས་གཉེན་ཉིན་སྐར་ལས་སྙུང་ཡང་།།
    དམ་ཆོས་ཞེས་པའི་སྒྲ་འདིས་ས་བོན་ཙམ་ལོས་འཇོག།

  10. དྲི་མེད་ལྷག་བསམ། says:
    2013-02-01 at 7:43 pm

    གཅིག་བྱས་ན་ང་ཚོ་རྒྱལ་ཁབ་གཞན་གྱི་ཆོས་གྲལ་དུ་ཚུད་ཨེ་ཐུབ་བལྟ་མི་དགོས། གཞན་གྱིས་ངོས་ལེན་ལ་རེ་བ་བྱས་ནས་རང་གི་ཁྱད་ཆོས་རྣམས་དོར་ན་ཕན་པ་ལས་ཀྱང་ཕམ་ཁ་ཆེ། དེ་བས་མདོ་སྔགས་རིག་གཞུང་ཕུན་སུམ་ཚོགས་པ་དེར་རྒྱ་ནག་སོགས་སུ་བླ་མའི་ཆོས་ལུགས་ཅེས་མིང་ཡག་པོ་ཞིག་ཆགས་ཡོད་པ་གཅེས་སྤྲས་བྱས་ཀྱང་མི་རིགས་པ་མེད་སྙམ། རྣམ་རྟོག་གི་འགྱུ་བ་ཞིག་གོ །

  11. ཨ་རིག་དགེ་མཐོང་གིས། says:
    2013-02-01 at 8:24 pm

    དགའ་བསུ་དང་རྗེས་སུ་ཡི་རང་ཞུ། གཅིག་ཐེངས་ན་ཡོང་རྒྱུ་ཡིན། ཆོག་མཆན་ཐོབ་སོང་ན།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-02-01 at 9:51 pm

    སྤོབས་པ་མཐའ་ཡས་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ། །ཤྰཀྱ་ཐུབ་པའི་རྗེས་འཇུག་གཅིག་པའི་ཚོགས་འདུ་འདི་འདྲ་བ་འཚོགས་པར་བཀའ་དྲིན་ཆེའོ། །དགེ་བར་འགྱུར་ཅིག དགེའོ། དགེའོོ། དགེའོོོ། །

  13. ཀརྡོ་གཉེར་ཕྱག་པ་ says:
    2013-02-01 at 9:54 pm

    ་་་་་་ ནུབ་ཕྱོགས་པའི་ཞིབ་འཇུག་པ་ཡིན་ཟེར་མཁན་ལྟས་ངན་ཁ་ཤས་ཤིག་གིས་མི་ཤེས་ཤེས་མདོག་གིས་ཤར་ཕྱོགས་རིགས་གནས་ལ་མི་དགོས་པའི་དབྱེ་འབྱེད་དང་སྡེ་ཚན་དགར་སྟངས་དོན་ལ་མི་གནས་པ་ལུང་པ་གང་བྱེད་ཀྱིན་འདུག ་་་་་ཟེར།

  14. ལུང་རྟོགས། says:
    2013-02-01 at 11:12 pm

    རྗེད་སུ་ཡི་རང་ཡོད།

  15. རིན་ཆེན་དར་རྒྱས། says:
    2013-02-02 at 1:58 am

    བྱ་བ་ལམ་སློང་ཡོང་བའི་སྨོན་འདུན་ཞུ།

  16. TenzinLosangLosang says:
    2013-02-06 at 12:41 am

    སྤོབས་པ་མཐའ་ཡས་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ། །ཤྰཀྱ་ཐུབ་པའི་རྗེས་འཇུག་གཅིག་པའི་ཚོགས་འདུ་འདི་འདྲ་བ་འཚོགས་པར་བཀའ་དྲིན་ཆེའོ། །དགེ་བར་འགྱུར་ཅིག དགེའོ། དགེའོོ། དགེའོོོ། །

  17. བསྟན་འཛིན། says:
    2013-02-06 at 12:42 am

    སྤོབས་པ་མཐའ་ཡས་ཀྱི་གསུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། རྒྱུ་མཚན་ལྡན་པ། ཉམས་མྱོང་གིས་གྲུབ་པ། དུས་དང་མཐུན་པ་ཁོ་ནའོ། །ཡང་བསླབ་པའི་རྒན་རིམ་སོགས་ཡང་གནས་ལུགས་དང་ལྡན་པ་ལགས་མོད། ཐེག་དམན་རྣནས་ནི་འདུལ་བའི་བརྒྱུད་པ་དང་ལས་ཆོག་ལའང་དོགས་པ་ཆེ་ཙམ་གནང་གིས་ཡོད་དང། བོད་ཀྱི་གསང་སྔགས་ཀྱི་ཆོ་གའི་བྱེད་ལས་ཡོངས་སུ་རྫོགས་པ་ཁས་ལེན་ལ་ལྟ་ཞོག རྣམ་རྟོག་སྐྱེ་བའི་རྒྱུར་བརྩི་བ་དེ་འགག་སྒོ་གཙོ་བོ་ལགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme