Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་གསོ་རིག་གཙུག་ལག་མཐོ་སློབ་ཀྱི་སྨན་དགེའི་གསལ་བསྒྲགས།

Posted on 2016-01-272016-01-27 By ཁ་བརྡ 3 Comments on རྒྱལ་སྤྱིའི་གསོ་རིག་གཙུག་ལག་མཐོ་སློབ་ཀྱི་སྨན་དགེའི་གསལ་བསྒྲགས།

༄༅།། བལ་ཡུལ་ལུམ་བིའི་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཐོབ་པའི་རྒྱལ་སྤྱིའི་གསོ་བ་རིག་པའི་གཙུག་ལག་མཐོ་སློབ་སྡེ་ཚན་དུ་སྨན་དགེ་གཉིས་གསར་བསྡུ་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ལྡན་རིགས་རྣམས་སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ནས་མ་འགྱང་པར་རྒྱལ་སྤྱིའི་གསོ་བ་རིག་པའི་ངེས་སྟོན་པའི་མཚན་ཐོག་སྙན་ཞུ་འབུལ་དགོས།
 
ཀ༽ སྨན་དགེའི་ཤེས་ཚད།

༡། ལོ་གསུམ་གསོ་བ་རིག་པའི་སློབ་ཁྲིད་ཀྱི་ཉམས་མྱོང་ངམ། ཚན་རིག་དང་ནང་ཆོས་ཀྱི་རྨང་གཞི་ཡོད་པ།
༢། ཚད་ལྡན་གསོ་རིག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པའི་སྨན་པ།
སྨན་རམས་པའི་ཤེས་ཚད་ལག་ཁྱེར་ལྡན་ན་ཚངས་རྒྱུགས་ནང་བརྒྱ་ཆ་ཉི་ཤུ་འཕར་མ་འབུལ་རྒྱུ།

 
ཁ༽སྨན་དགེའི་གཞི་རྩའི་ཆ་རྐྱེན།

༡། ཨིན་ཡིག་ཐོག་སློབ་ཁྲིད་ཐུབ་པ།
༢། རང་རིགས་ལོ་ན་ ༣༥ ནས་ ༥༠ བར་ཡིན་པ།
༣། དགེ་རྒན་བྱེད་འདུན་དང་རྒྱུན་དུ་ཤེས་ཡོན་ལ་དོ་སྣང་ཙམ་མ་ཟད། བསླབ་གཞི་གང་ཞིག་གི་ཐོག་ཞིབ་འཇུག་གི་སྤྲོ་སྣང་ལྡན་པ།
༤། ལུམ་བི་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་འདི་གའི་མཐོ་སློབ་ཀྱི་སྒྲིག་གཞི་བརྩི་སྲུང་གནང་ཐུབ་པ།
༥། གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་པ།
༦། བོད་སྨན་དང་ཕྱི་ལུགས་སྨན་པ་ཚད་ལྡན་གྱིས་འཕྲོད་བསྟེན་བརྟག་དཔྱད་ངོས་སྦྱོར་ངོ་མ་མཉམ་སྦྱར་དགོས།
༧། ཁྲིམས་ཁང་སོགས་ནས་ནག་ཉེས་ཕོག་པ་མ་ཡིན་པ།
༨། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༩། ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ངོས་འཛིན་བྱས་པ་མ་ཡིན་པ།
༡༠། གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་ཆེད་དུ་ལྷག་བསམ་རྣམ་དག་གིས་ལས་དོན་གནང་འདོད་ཡོད་པ།
༡༡། འབྲེལ་ལམ་བྱེད་ཡུལ་རང་ཉིད་ཀྱི་གློག་འཕྲིན་E-mailདང། ཁ་དཔར་ Telephone,
Mobile numberསོགས་ཀྱི་ཨང་གྲངས་ཁ་གསལ་འགོད་དགོས།

 
ག༽ སྒྲིག་གསལ་ཕོགས་ཐོབ་དང་མཐུན་རྐྱེན་ཁག

གོང་གསལ་ཆ་རྐྱེན་ལྡན་རིགས་རྣམས་སྐབས་འོས་འཚམས་ཤིག་ཏུ་རྒྱུགས་ཀྱི་ལམ་ནས་འོས་འདེམས་ཞུ་རྒྱུ་དང༌། འདེམས་ཐོན་བྱུང་ཚེ་ཐོག་མའི་གསོལ་ཕོགས་ཟླ་བ་རེར་བལ་སྒོར། ༤༠༠༠༠ དང༌རིམ་པས་འཕར་རྒྱུ། ལས་ཤག་དང་། གསོལ་ཚིགས། འཕྲོད་བསྟེན་སོགས་ཆ་ཚང་མཐུན་རྐྱེན་འབུལ་རྒྱུ། ཚོད་ལྟའི་དུས་ཡུན་ཟླ་བ་དྲུག་ཡིན།

 

ང༽ འདེམས་རྒྱུགས་བྱེད་ཕྱོགས་དང་ཟླ་ཚེས།

གོང་གསལ་འཚང་སྙན་དུས་བཀག་རྗེས་བདུན་གཅིག་ནང་ཚུན་རྒྱུགས་བཞེས་ཀྱི་བརྡ་ཐོ་གཏང་རྒྱུ་བཅས།

རྒྱལ་སྤྱིའི་གསོ་བ་རིག་པའི་གཙུག་ལག་མཐོ་སློབ་ནས།།
སྤྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༦ ལ།། །།

འབྲེལ་ལམ་བྱ་ཡུལ།
Sowa Rigpa International College
Aarubari, Jorpati Height, Ward No.15
Gokarneshwor Municipality, Kathmandu
Nepal.
Tel. 4914082
E-mail: sorigcollege@gmail.com
Website: www.sorigcollege.org

ཟུར་བརྗོད།
འདི་ག་མཐོ་སློབ་ཀྱི་སྐོར་ཞིབ་པ་ཤེས་འདོད་ན། གོང་གི་དྲ་རྒྱའི་ཐོག་གཟིགས་ཞིབ་གནང་རོགས།

གསལ་བསྒྲགས།

Post navigation

Previous Post: སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།
Next Post: རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་རགས་བསྡུས།

Comments (3) on “རྒྱལ་སྤྱིའི་གསོ་རིག་གཙུག་ལག་མཐོ་སློབ་ཀྱི་སྨན་དགེའི་གསལ་བསྒྲགས།”

  1. ཟླ་་བ་དོན་གྲུབ། says:
    2016-01-27 at 12:57 pm

    གཙུག་ལག་སློབ་གཉེར་ཁང་གིས་ངོས་འཛིན་གནང་བའི་མཐོ་སློབ་ཟེར་དུས་ཚད་ལྡན་གྱི་གསོ་རིག་སློབ་གྲྭ་ཐོག་མ་དེ་ཡིན་རྒྱུ་རེད།
    དེའི་ནང་སློབ་སྦྱོང་བྱ་འདོད་ན་འཛུལ་ཞུགས་ཀྱི་ཆ་རྐྱེན་གང་དག་ཡོད་དམ།

  2. འཚོ་བྱེད་སྨན་པ། says:
    2016-01-27 at 11:48 pm

    གཞུང་གིས་ངོས་འཛིན་ཡོད་ན་ཡག་པོ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-28 at 12:49 am

    མིའི་སེམས་གསོ་བ་ལ། བོད་ཆོས་འདི་གལ་ཆེ། མིའི་ལུས་ཉམས་པ་གསོ་བ་ལ། བོད་ཀྱི་གསོ་རིག་འདི་ཕན་ཐོགས་ཆེ་བས། ཀུན་གྱིས་དོ་སྣང་དང་སྦྱང་བརྩོན་དགོས་འདུག ངས་ཀྱང་དེང་སང་སྨན་གཞུང་རྒྱུད་བཞི་དེ་ལ་ལག་པ་འཆང་ཙམ་འཆང་ཙམ་བྱེད་བགྱིད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme