Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་གསར་ལམ་ཁག་རྒྱ་གཞུང་གིས་ཉོས་ཚར་བ་ཨེ་རེད།

Posted on 2012-03-18 By ཁ་བརྡ་ 17 Comments on རྒྱལ་སྤྱིའི་གསར་ལམ་ཁག་རྒྱ་གཞུང་གིས་ཉོས་ཚར་བ་ཨེ་རེད།

ནམ་མཁའ།༡༨/༣/༢༠༡༢ལ་ཡོ་རུབ་ནས

དུས་ཡུན་ཐུང་ངུ་ཞིག་གི་རིང་མདོ་སྨད་རྔ་བའི་དཔའ་བོ་བཀྲ་བྷེ་ནས་འགོ་བཙུགས་སྟེ།དེ་རིང་བར་དུ་བོད་མི་སུམ་བཅུའི་རང་སྲོག་འབེན་དུ་བཞག་ནས་མེ་བསྲེགས་བཏང་མོད། འོན་ཀྱང་ད་རུང་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་པ་ཉུང་ལ། རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་སྲིད་དོན་པ་ཚོས་ཀྱང་གཞུང་འབྲེལ་ཐོག་བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་དཀའ་ཚོད་རེད། གལ་སྲིད་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་ཚིག་འདིའི་ཁོངས་སུ་བོད་མི་རིགས་ཚུད་ཀྱི་ཡོད་ཚེ།འདིའི་བདེ་སྡུག་ཞིག་ཁ་ཞེ་གཉིས་མེད་ཀྱིས་གླེང་དགོས་བའི་དུས་ལ་སླེབས་པ་མ་ཟད་ཕྱིས་དྲག་པའི་སྐྱོན་རེད།

ཉིན་ཤས་གོང་ལ་མཉམ་འབྲེལ་རྒྱལ་ཚོགས་སྟེང་བོད་མི་རིགས་ཀྱི་བདེ་སྡུག་ཅུང་ཟད་གླེང་མོལ་བྱས་མོད། འོན་ཀྱང་གནད་ལ་འཁེལ་བའི་གཏམ་བརྗོད་ཞིག་བྱས་མེད། གལ་སྲིད་རྒྱལ་སྤྱིའི་གསར་ལམ་ཁག་ནས་རྒྱུན་ཏུ་གླེང་སློང་བྱས་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཤུགས་ཆེན་བཤད་སྲིད། འཛམ་གླིང་སྟེང་རྒྱ་ནག་གི་ཚོང་འབྲེལ་ཁོ་ན་ལ་དམིགས་ནས་བོད་མི་རིགས་ཀྱི་བདེ་སྡུག་ལ་མིག་བཙུམ་གང་ཐུབ་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་གླེང་མཁན་ཚོས་ཚོང་དང་དཔལ་འབྱོར་གྱི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་བཤད་པ་ཞིག་མིན་ལ། མི་རིགས་སྟོབས་ཆེ་ཆུང་གི་སྒོ་ནས་བཤད་པ་ཞིག་དེ་བས་ཀྱང་མིན།
ཡིན་ཡང་ཁ་སང་དེ་རིང་བོད་མི་རིགས་འདི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོས་རྒྱ་ནག་དང་ཚོང་འབྲེལ་གྱི་ཚོང་རྫས་སུ་གྱུར་ཡོད་ལ། རྒྱ་ནག་དང་འགལ་ཟླ་ཅུང་བྱུང་ཚེ་བོད་མི་རིགས་ཀྱི་བདེ་སྡུག་གླེང་ཙམ་བྱེད་ཀྱི་ཡོད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་གཞས་བ་ཞིག་གི་རིན་ཐང་དང་བསྡུར་ན་ད་རུང་གཞས་བ་དེ་རིན་ཐང་ཆེ་བར་འདུག བདུན་ཕྲག་འགའི་སྔོན་ལ་ཨ་རིའི་གཞས་མ་ནག་པོ་ཞིག་འདས་དཀྲོངས་སུ་སོང་བ་ལ་རྒྱལ་སྤྱིའི་གསར་ལམ་ཁག་ན་གསར་འགྱུར་བཤད་ཐེངས་རེ་གླེང་གི་ཡོད་ལ། གསར་འགྱུར་བཤད་མཁན་ཚོ་ཡང་སྐྱོ་ཉམས་ཧ་ལས་བ་འདུག ང་ཚོ་བོད་མི་ཚོའི་བྲང་ལ་མེ་མདའ་ཉིན་མཚན་མེད་པར་གཏད་ན་ཡང་ཁོང་ཚོའི་མིག་ལ་རས་གཞི་ནག་པོས་གཡོག་ཡོད་པ་མ་ཟད། ཁོང་ཚོའི་རྣ་དབང་ལ་ཡང་དཔལ་འབྱོར་གྱི་སྒྲས་ཁེངས་ཡོད།
རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་ཆ་ཚང་ནས་ཅ་ལག་ཉོ་བ་ཨེ་རེད། དེ་འདྲ་ཞིག་ག་ལ་ཡིན།

དཔེར་ན་གཡོ་སྒྱུ་ལ་མཁས་བའི་བུད་མེད་མཛེས་མ་བྱང་བཙོང་ཞིག་གི་བྱེད་ཐབས་དང་རྒྱ་ནག་གི་ཚོང་འབྲེལ་གཅིག་མཚུངས་ཡིན། རྒྱུ་མཚན་ནི་གཡོ་ལ་མཁས་བའི་བུད་མེད་དེས་བུ་ཆགས་ལྡན་མང་པོར་འཁྲུལ་གྱིས་འགུག་ཐབས་བྱས་ཡང་ཆགས་ལྡན་ཕོ་དེའི་འདོད་པ་སྐོང་གི་མ་རེད། དེ་བཞིན་རྒྱ་ནག་གིས་ཀྱང་རྒྱལ་ཁབ་མང་པོའི་མདུན་ནས་ཚོང་རྟགས་ཀྱི་ཡིག་ཆ་ལ་མཚན་རྟགས་བཀོད་ན་ཡང་འདོད་པ་ཆེ་བའི་རྒྱལ་ཁབ་དེ་དང་གྲོས་མཐུན་བྱས་བ་བཞིན་ནམ་ཡང་ཉོ་གི་མེད། ཡིན་ཡང་ཆགས་ལྡན་བུ་དེས་ཀྱང་ད་རུང་གཡོ་ཅན་བུད་མེད་དེ་ལ་རེ་བ་བྱེད་པ་བཞིན། སྟོབས་ཆེན་རྒྱལ་ཁབ་མང་པོས་ཀྱང་རྒྱ་ནག་ལ་ཚོང་གི་རེ་བ་ཤུགས་ཆེན་བྱེད་ཀྱི་ཡོད། གང་ལྟར་ཡང་ང་ཚོ་བོད་མིའི་བདེ་སྡུག་འདི་ད་རུང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚུད་པར་ཅུང་ཐག་རིང་པོ་རེད། ཡིན་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚུད་པར་བྱེད་ཐབས་འདྲ་མིན་སྤེལ་ཆོག་མོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཕྱི་སྡོད་བོད་མི་མང་པོ་ཡང་ང་རང་བཞིན་སྡར་མ་དཔའ་སྐད་རྒྱང་ནས་འཐེན་མཁན་རྐྱང་རེད།

སྣ་ཚོགས།

Post navigation

Previous Post: ཉི་མ་ནུབ་དུས།
Next Post: ངའི་ཕ་ཡུལ་གྱི་རང་སྲུང་།

Comments (17) on “རྒྱལ་སྤྱིའི་གསར་ལམ་ཁག་རྒྱ་གཞུང་གིས་ཉོས་ཚར་བ་ཨེ་རེད།”

  1. སྟག་སྨྱོན། says:
    2012-03-18 at 6:08 pm

    ཚེ་མེད་ཞི་བའི་ལས་འགུལ་ཟེར་བ་ཞིག་བཙན་བྱོལ་སྒྲིག་འཛུགས་ཀིས་བོད་མི་རིགས་ལ་ངོ་སྤྲོད་བྱས་པ་རེད། མ་ཟད་བོད་མིའི་དཀའ་སྡུག་ལ་ཁ་ཡ་བྱེད་མཁན་མེད་བཞིན་དུ་སྐད་འབོད་བྱས་ན་ཉན་མཁན་ཞིག་ཡོད་པ་རེད་མདོག་མདོག་གིས་གཞིས་ལུས་བོད་མི་རྣམས་ལ་རེ་སྟོང་སྤྲོད་མཁན་གྱི་ནག་ཅན་པ་སུ་དག་རེད། ད་ལྟ་བོད་ནང་རང་ལུས་བསྲེག་ནས་སྐད་འབོད་བྱེད་མཁན་དག་གི་སེམས་ན། ང་ཚོར་སྡུག་བསྔལ་ཡོད་པ་གསལ་བོ་ར་འཕྲོད་ན་ཕྱི་ནས་རོགས་པ་བྱེད་མཁན་ཞིག་ཡོང་གི་རེད་བསམ་ནས་ཡིད་ཆེས་བྱས་ཡོད་པ་རེད། དེ་མིན་རང་ལུས་བསྲེག་ནས་རྒྱ་ནག་མགོ་མཇུག་སློག་མི་ཐུབ་ལོས་ཤེས། དེའི་ཕྱིར་བཙན་བྱོལ་གཞུང་གིས་རྒྱལ་སྤྱིའི་ཁྲོད་ཀྱི་རང་གི་གནས་བབ་དང་བཙན་བྱོལ་སྒྲིག་འཛུགས་དང་རྒྱལ་སྤྱིའི་འབྲེལ་བ་ཅི་ཡིན་ཕྱི་གསལ་ནང་གསལ་མི་བཟོ་བར། རང་གི་རྒྱབ་ན་མང་པོ་ཞིག་ཡོད་ཡོད་མདོག་བྱས་བསྡད་ན། དེ་ནི་བོད་ནང་གི་བོད་མི་ཚོ་སླུ་བྲིད་དང་མགོ་སྐོར་བཏང་བ་རེད། གལ་སྲིད་ཕྱི་ལོགས་ན་སྡུག་བསྔལ་བཤད་ས་དང་ཉན་མཁན་ཞིག་མེད་པ་གསལ་བོ་ཆགས་ན། གཞིས་ལུས་བོད་མི་ཚོས་ཏན་ཏན་རང་ལུས་བསྲེག་ནས་རང་ཉིད་ཆུད་ཟོས་སུ་གཏོང་གི་མ་རེད། ཁོ་ཚོས་དེ་ལས་ལྷག་པའི་བསམ་བློ་ཞིག་གཏོང་གི་རེད། བྱས་ཙང་སྐབས་རེས་ཕྱི་ལོགས་ཀི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་མིག་བཀབ་ནས། དོན་ངོས་མཐོང་བཅུག་གི་མེད་པའི་བཟོ་མཐོང་གི་འདུག

  2. སྟག་སྨྱོན། says:
    2012-03-18 at 6:49 pm

    དེ་རིང་བཀའ་ཁྲི་བློ་བཟང་སེང་གེས་ཚོགས་ཐོག་ཏུ་༼བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་སེམས་འཚབ་ཆེན་པོས་ང་ཚོ་བོད་པའི་དྲ་རྒྱ་ཁ་ཤས་ཀྱི་ནང་དུ་འང་མཆན་འདྲ་མིན་སྣ་ཚོགས་ཡོང་གི་འདུག་ཅེས་གསུངས་བྱུང་། དེ་དག་ཀྱང་མིང་མེད་ཡིན་སྟབས། དངོས་ནས་བྱོས་ཟེར་མཁན་ཞིག་དང་བྱེད་དགོས་ཟེར་མཁན་བཅས་མཐུན་རྐྱེན་བསྐྲུན་མཁན་ཞིག་ཡོད་པ་གསལ་བོ་རེད། ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་པའི་དུས་ལ་བབ་འདུག༽སྐད་ཆ་འདིའི་ཐོག་ནས་ཕར་ལྟོས་ཚོད་ལ་བཀའ་ཁྲིས་ཆིལ་སྒྲིལ་བཤད་ཀི་ཡོད་པའི་བཟོ་བསྟན་པ་ཡིན་མོད། དོན་གྱིས་དྲ་ཚུགས་དག་ཏུ་ཁོང་གི་ཞན་སྐྱོན་ཐེར་འདོན་བྱེད་མཁན་ཚོར་འཇིགས་བསྐུལ་བྱས་པ་ཞིག་རེད། བཀའ་ཁྲི་སྒེར་གྱི་ངན་འཚང་ཕྱིར་བརྗོད་པ་སྤྱི་དོན་སྤྱད་ནས་འཇིགས་བསྐུལ་བྱེད་པ་ནི་ཆེས་མི་འོས་པ་ཞིག་རེད། བཀའ་ཁྲིའི་རྫུན་རྐུབ་བརྡོལ་མཁན་བོད་མི་ཚང་མ་དོལ་རྒྱལ་དང་རྒྱ་མིར་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་དགོས་ཅེས་བཀའ་བཏང་བ་རེད། འདི་ནི་བཀའ་ཁྲིས་རང་ཉིད་སྲུང་སྐྱོབས་བྱེད་ཐབས་སྐྱུགས་བྲོ་ཤོས་ཤིག་རེད།
    བཀའ་ཁྲི་སེང་གེས་དང་པོ་ནས་ཆིལ་སྒྲིལ་བྱེད་དགོས་སྐོར་མང་པོ་བཤད་པ་རེད། འོན་ཀྱང་ལག་ལེན་གྱི་ཐོག་ནས་བོད་མི་ནང་ཁུལ་གཉིས་མོས་དང་ཕན་ཚུན་བརྩི་བཀུར་དང་། བཟོད་སྒོམ་སོགས་བཟང་སྤྱོད་ཀྱི་བྱེད་ཐབས་སྤྱད་ནས་ཆིལ་སྒྲིལ་བྱེད་རྒྱུར་མིན་པར། བོད་མི་ཕན་ཚུན་དོལ་རྒྱལ་རྗེས་འབྲེང་དང་རྒྱ་མིའི་སོ་བ་སོགས་འཇིགས་བསྐུལ་གྱི་བྱེད་ཐབས་སྤྱད་ནས་བོད་མི་ཆིལ་སྒྲིལ་བྱེད་འདོད་པ་རེད། བཀའ་ཁྲིས་ཆིལ་སྒྲིལ་ལ་བསྐུལ་སློང་བྱེད་ཐབས་འདི་ནི་ཆེས་འཇིགས་སུ་རུང་བ་དང་འུ་ཐུག་གི་བྱ་བ་ཞིག་རེད་མི་འདུག་གམ།
    བཀའ་ཁྲིས་དྲ་ཐོག་གི་མི་ཚོར་ངོས་འཛིན་གཉིས་བྱས་ཡོད་པ་རེད། དང་པོ་བཀའ་ཁྲི་ལ་བསྟོད་པ་བྱས་ན་མི་ཡག་པོ་ཡིན། བཀའ་ཁྲི་རང་ཉིད་ལ་སྐྱོན་བརྗོད་ན་རྒྱ་མིའི་སོ་བའམ་ཡང་ན་དོལ་འདྲེའི་རྗེས་འབྲང་ཡིན་ཞེས་ཐག་བཅད་ཟིན་པ་རེད། གང་ལྟར་བཀའ་ཁྲིས་རང་ཉིད་ནམ་ཡང་ནོར་འཁྲུལ་ངོས་ལེན་བྱེད་རྒྱུར་གྲ་སྒྲིག་མེད་ཅེས་གསལ་བོ་བཤད་པ་རེད། བྱས་ཙང་ད་ནས་དྲ་ཐོག་ལ་ཕན་སེམས་ཀྱིས་སྐྱོན་བརྗོད་དབང་འཕྲོག་ཟིན་པ་རེད།

  3. སྟག་སྨྱོན། says:
    2012-03-18 at 7:00 pm

    བཀའ་ཁྲིས་བཤད་པ་ལྟར་རང་ཉིད་ལ་དོན་མེད་སོ་བ་དང་དོལ་འདྲེའི་ཉེས་མིང་ཕོག་ཏུ་འཇུག་འདོད་མཁན་གྱི་བོད་མི་ཆེས་དཀོན་པས། ད་ནས་སྨྲ་བརྗོད་རང་དབང་བློས་བཏང་ནས་དྲ་ཁང་དང་བྲལ་རྒྱུ་ལ་འདམས་ཀ་གཞན་པ་མེད་ཆགས་ཡོད།

  4. སྟག་སྨྱོན། says:
    2012-03-18 at 7:12 pm

    བཀའ་ཁྱི་སྐད་ཆ་ངོ་མ་འདི་རེད། ཡང་ན་སྐད་ཆ་མ་བཤད། ཡང་ན་ང་ལ་བསྟོད་བསྔགས་བྱོས་ཟེར་བ་དེ་རེད། བཀའ་ཁྲི་སྐྱག་ལངས་འགྲོ་ཤག་ཤག་རེད། འདི་ནི་སྐད་ཆ་མཐའ་མ་ཡིན། ཉན་འདོད་མེད་མཁན་ཞིག་ལ་མང་པོ་བཤད་ནས་ཅི་ཕན། ད་ལས་རང་རང་ས་ནས་མི་ཚེ་འཁྱོལ་ཐབས་ཙམ་བྱས་འདུག་ཆོག་གི་རེད།

  5. སྐྱུ་རྩི་ནས། says:
    2012-03-18 at 7:22 pm

    རྒྱལ་སྤྱིའི་གསར་ཁང་གི་བདག་པོ་ཚོ་ཨ་ཤང་ཚང་གིས་རྒྱུ་དང་། མཛེས་མས་ཉོས་པ་རེད། དྲང་བདེན་གྱིས་འཕོངས་པའི་ང་ཚོ་ཅི་བྱ།

  6. མངའ་རིས་ཕྲིན་ལས། says:
    2012-03-18 at 9:34 pm

    སྤྱིར་རང་དབང་ལུང་པར་སྤྱི་སྒེར་སུ་ལའང་སྐྱོན་བརྗོད་དང་བསྟོད་བསྔགས་བྱེད་པ་ནི་མང་གཙོའི་ལམ་ལུགས་དང་མཐུན་པ་ཞིག་ལས་མ་འདས། འོན་ཀྱང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་སེམས་ཁོག་ལ་བཅང་ནས་སྐྱེ་བོ་སྒེར་ཞིག་ལ་སྐྱོན་བརྗོད་རྐྱང་རྐྱང་བྱེད་པ་ནི་འོས་པ་ཞིག་ཨེ་ཡིན། ལྷག་པར་དེང་སྐབས་རང་རེ་བོད་མིས་གནས་སྟངས་ལ་གཞིག་ནས་ཆབ་སྲིད་ལངས་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་སོགས་བྱས་ནས་ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་བྱེད་པ་ལས་ཁྱོད་དང་ང་ཞེས་རྩོད་པ་དང་སྐྱོན་བརྗོད་རྐྱང་པས་ལས་བྱེས་དང་མི་མང་ཚང་མ་སེམས་ཤུགས་ཆགས་རྒྱུ་ལས་མ་འདས། དྲ་གྲོགས་ནམ་མཁས་གསུང་པ་བཞིན་གསར་ལམ་དང་རྒྱལ་སྤྱིའི་དོ་སྣང་ཡོང་ཆེད་ལས་འགུལ་ཚ་ཚ་འུར་འུར་སྤེལ་དགོས་པ་གཞུང་སྒེར་ཚང་མས་ལས་འགན་དུ་མཐོང་། ལྷག་པར་གཞུང་ངོས་ནས་ཀྱང་ཆབ་སྲིད་ལངས་ཕྱོགས་འདི་ཡིན་འདི་མ་བྱས་ན་གཞུང་ངོས་ནས་རྒྱབ་སྐྱོར་མེད་ཅེས་པའི་བསམ་ཚུལ་གུ་དོག་པོ་དེ་མ་གནང་ན་ཡག སྤྱིར་ཆབ་སྲིད་ཅེས་པ་ནི་རྒྱལ་སྤྱིའི་འགྱུར་འགྲོས་དང་། སྐབས་དང་དུས་ལ་བསྟུན་ནས་འགྲོ་དགོས་པ་ལས་ཆོས་ལུགས་ཀྱི་ལྟ་བ་བཞིན་འགྱུར་བ་མེད་པ་ཞིག་ཡིན་ན་དེ་ལ་ཆབ་སྲིད་ཟེར་ཐུབ་བམ། ཁ་དགོས་ས་ལ་ཁ། གདེང་དགོས་ས་ལ་གདེང་། རྒྱུ་དགོས་ལ་རྒྱུ། མི་དགོས་ས་ལ་མི། ཐབས་ལམ་ཡོད་དགུས་ལས་འགུལ་སྤེལ་དགོས་པ་ལས་ཚོགས་སྡེ་དང་། སྐྱེ་བོ་སྒེར་ཞིག་གི་ལས་འགུལ་སྤེལ་ཚེ་དེ་གཞུང་གི་ལངས་ཕྱོགས་མིན་མདོག་མདོག་བྱས་ནས་སྡོད་པ་ནི་ཧ་ཅང་བོད་མི་མང་དང་ལས་འགུལ་སྤེལ་བ་པོ་རྣམས་བློ་ཕམ་པའི་རང་བཞིན་རེད་འདུག ད་དུང་གོང་དུ་དྲ་གྲོགས་འགས་གསུང་པ་བཞིན་དུས་རྒྱུན་གཞུང་ནས་ང་ཚོ་ལངས་ཕྱོགས་འདི་བྱས་ན་རྒྱལ་སྤྱི་ནས་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་གསུང་བཞིན་པའང་ད་ནི་བརྫུན་རྐུབ་བརྡོལ་བ་མ་རེད་དམ། ཞི་བའི་ལས་འགུལ་ནང་ཉེས་མེད་མི་མང་ག་ཚོས་འདས་གྲོངས་སུ་ཕྱིན་སོང་ད་དུང་ག་ཚོད་འགྲོ་རྒྱུ་རེད་ད་རྒྱབ་སྐྱོར་ག་བ་ཡོད། སུ་རེད་ཅེས་དྲིས་ན་བཀའ་སྤྱི་གཉིས་ནས་ལེན་ག་རེ་སྐྱོན་རྒྱུ་ཡིན། དེ་བས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སྐྱེ་བོ་སྒེར་པ་སུ་ཞིག་གིས་བོད་མི་རིགས་ཀྱི་བདེ་སྡུག་ཆེད་ལས་འགུལ་ཆེ་འཕྲ་གང་ཞིག་སྤེལ་རུང་དེ་ལ་བཀའ་སྤྱི་གཉིས་ནས་མཉམ་ཞུགས་གནང་མ་ཐུབ་ཀྱང་རྒྱབ་སྐྱོར་དང་བདག་སྤྲོད་ངེས་པར་གནང་དགོས་པ་མ་རེད་དམ།

  7. མངའ་རིས་ཕྲིན་ལས། says:
    2012-03-18 at 10:08 pm

    དགོངས་དག་གོང་དུ་ཁ་དགོས་ས་ལ་ཁ། གདེང་དགོས་ས་ལ་གདེང་ཞེས་པ་དེ་། གདིང་དགོས་ས་ལ་གདིང་ཞེས་བཅོས་རོགས།
    དེ་རིང་ངོ་དེབ་ནང་བོད་མི་མང་སྤྱི་འཐུས་རྣམ་པ་ལྔ་གཞོན་ནུའི་ལས་འགུལ་ཟས་བཅད་ནང་མཉམ་ཞུགས་བྱས་པ་མཐོང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོང་ཞུས་ལྟར་བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པའི་ལས་འགུལ་ཞིག་ཡིན་ཕྱིན་ལྟ་བ་དང་ལངས་ཕྱོགས་སྐད་ཆ་མེད་པར་གཞུང་སྒེར་སུ་ཞིག་ཡིན་རྐྱང་མཉམ་ཞུགས་བྱེད་པ་ནི་ངོ་མ་བློ་སྟོབས་སྐྱེ་འོས་པ་ཞིག་མཐོང་།

  8. སྣ་ཚོགས་རང་གྲོལ། says:
    2012-03-18 at 10:39 pm

    སྟག་སྨྱོན་འདི་ཡ་རབས་དང་བཟང་སྤྱོད་ཀྱིས་ཡོངས་སུ་ཕུང་བས་མི་ལས་ངན་ཐབས་ཆགས་ཤིག་རེད་འདུག ཤ་ཚ་ད་ཁྱོད།

  9. ལྗང་སྨྱུག says:
    2012-03-19 at 1:39 am

    བཀའ་ཁྱི་རྗེས་མ་དེ་སྟག་སྨྱོན་བཟོས་ན་ཅི་འདྲ་ན། ཁ་གཏོང་ཤེས་པས་ཕན་པ་མེད་ལ་ལག་ལེན་དགོས་རེད།

  10. ཆུ་ཤེལ་དྭངས་མོ། says:
    2012-03-19 at 2:18 am

    སྟག་སྨྱོན་མ་རེད་ཁྱི་སྨྱོན་ཞིག་ཡིན་པ་འདྲ་གནོང་ཐོག་ལ་འཁེལ་ཙང་ཟུག་གི་འདུག

  11. ཀརྡོ་གཉེར་ཕྱག་པ་ says:
    2012-03-19 at 2:34 am

    སྟག་སྨྱོན་ལགས་ཀྱིས།
    ་་་་་་ ཁོ་ཚོས་དེ་ལས་ལྷག་པའི་བསམ་བློ་ཞིག་གཏོང་གི་རེད། བྱས་ཙང་སྐབས་རེས་ཕྱི་ལོགས་ཀི་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་མིག་བཀབ་ནས། དོན་ངོས་མཐོང་བཅུག་གི་མེད་པའི་བཟོ་མཐོང་གི་འདུག ་་་་་་
    འདིའི་གོ་དོན་གང་ཡིན་ནམ། སྟག་སྨྱོན་ལགས།

  12. ཉི་འོད་གྲོང says:
    2012-03-19 at 10:21 am

    རྣམ་པ་ཚོན་གསན་དང། ང་ཚོ་ག་དུས་ཡིན་ཡང་མི་ཁ་ཅིག་བཀའ་ཁྲི་རིམ་བྱོན་ལ་སྐྱོན་གཏོང་མཁན་འདྲ་བོ་དང་། འཆོལ་ཁའི་འཐེན་ཁྱེར་བྱེད་ཡག་ལ་ལས་འགན་བཞེས་པ་འདྲ་པོ་ཞིག་མཐོང་གི་འདུག། ལས་འགན་དེ་ཉིད་རྗེས་པོ་རྒྱབ་ནས་འཆོལ་ཀའི་འཐེན་ཁྱེར་གནང་མཁན་རྣམས་སུ་བཀག་ཏེ་ད་ལྟའི་བཀའ་ཁྲི་གཙོས་པའི་བཀའ་ཁྲི་རིམ་ཕེབ་ལ་དག་སྣང་སྦྱོང་རྒྱུ་གོམ་གཤིས་སྦྱང་ན་ག་འདྲ་འདུག་ངོ་མ།

  13. བྲོ་འཚལ། says:
    2012-03-19 at 11:06 am

    དྲ་གྲོགས་རྣམ་པས་གསུང་ཚད་བདེན་པ་ཡིན་མིན་མ་ངེས་ཀྱང་།་་་གནས་ལུགས་དང་བསྟུན་ན་བྱ་དངོས་གང་ཞིག་ཡིན་ཀྱང་དེའི་ལྡོག་ཕྱོགས་ནས་བསམ་ཚུལ་སྤྱད་ན་ད་གཟོད་མིའམ་བྱ་དངོས་དེའི་རང་བཞིན་ཇི་བཞིན་གསལ་བོར་མཐོང་གི་རེད་ལ།་་་ལྷག་པར་བྱ་དངོས་དེ་དང་དེ་དང་འབྲེལ་བའི་གནས་ལུགས་ཤིག་གསལ་བོར་མཐོང་དགོས་ན་ལྡོག་ཕྱོགས་ནས་བསམ་བློ་གཏོང་པ་ནི་རྒྱུ་མཚན་དང་ལྡན་པ་རེད།་་་་དེར་བརྟེན་ང་ཚོས་བཀའ་ཁྲི་མཆོག་གི་བསམ་ཚུལ་དང་མཛད་སྤྱོད་ལ་ཚད་གཞི་འཇལ་དུས་ངས་བལྟས་ན་ལྡོག་ཕྱོགས་ནས་ལངས་ན་དོན་ངོ་མའི་བཀའ་ཁྲི་མཆོག་གི་གཤིས་སྤྱོད་དང་དགོངས་གཞི་གྲོལ་བར་ཕན་ནུས་ངེས་ཅན་ཡོད་པ་བཤད་མ་དགོས་པས།་་་བཀའ་ཁྲི་ལ་ལྡོག་ཕྱོགས་ནས་སྐྱོན་བརྗོད་བྱེད་པ་ཡང་མཐའ་གཅིག་ཏུ་སྡུག་ཅག་ཅིག་ཏུ་སེམས་མི་རིག་པར་འདོད།་་་བཀའ་ཁྲི་ནི་སྐྱོན་ཐམས་ཅད་ཟད་པའི་དགྲ་བཅོམ་ཞིག་ནི་མིན་པར་ཤ་རུས་གདོས་བཅོས་ཀྱིས་ཕུང་པོ་ལྡན་པའི་གང་ཟག་ཅིག་ཡིན་སྟབས་སྐྱོན་ཡོན་གཉིས་ལྡན་ཡིན་པ་ཆོས་ཉིད་རེད།་་་ཆོས་ཉིད་ལ་སུས་ཀྱང་འགྱུར་བ་གཏོང་ཐབས་མེད་པས་བཀའ་ཁྲི་ཡང་སྐྱོན་དང་ལྡན་པའི་གང་ཟག་ཡིན་པ་མ་ཟད།་་་་དེ་དང་འབྲེལ་ནོར་འཁྲུལ་གྱི་དགོངས་པ་ཡང་ཡོད་པ་གཏན་ཁེལ་རེད།་་་དེར་བརྟེན་ང་ཚོས་བཀའ་ཁྲི་ལ་སྐྱོན་བརྗོད་བྱེད་པར་གནས་ལུགས་དང་བསྟུན་ན་ཡོང་དགོས་པ་ཞིག་ཡིན་པས་སྐྱོན་བརྗོད་མཁན་ཚང་མ་རྒྱ་མིའི་སོ་བ་དང་ནང་དཀྲུག་བྱེད་པའི་གཏེ་བོ་མིན་པ་ཚང་མས་ཤེས་དགོས་པ་རེད།་་་་གལ་སྲིད་སྐྱོན་བརྗོད་བྱས་ན་མི་འོས་པ་དང་ཆོལ་ཁའི་ཕྱོགས་ཞེན་རེད་ཟེར་ན།་་་་ཆོས་ཉིད་ལ་མི་བསྟུན་པའི་སྐད་ཆ་རེད་ལ།་་་ཆོས་ཉིད་ལ་མི་བསྟུན་པའི་སྐད་ཆ་ནི་རྒྱུ་མཚན་གྱི་སྟོང་པ་ཡིན་པས་སུ་དང་སུ་ཡིན་རུང་སྐྱོན་བརྗོད་ངེས་པར་ཡོད་དགོས་པ་རེད།

  14. ཉི་འོད་གྲོང says:
    2012-03-19 at 12:03 pm

    དངོས་ཡོད་ཀྱི་སྐད་ཆ་དེ་བདེན་པ་རེད་། བཀའ་ཁྲི་མཆོག་ཀྱང་འཕགས་པ་མ་ཡིན་པས། ནོར་འཁྲུལ་ཡོད་ཡོད་རེད་། འོན་ཀྱང་ནོར་འཁྲུལ་གྱི་ཆ་དང་། ལེགས་པའི་ཆ་གཉིས་ང་ཚོས་དངོས་ཡོད་གནས་ཚུལ་གྱི་དབྱེས་ཞིབ་བྱས་ན་། དེ་ཙམ་གྱིས་བཀའ་ཁྲིས་མ་འགྲིག་པ་ཆེན་པོ་ཞིག་རྩ་ནས་ངས་ལྟས་ན་མཐོང་གིན་མི་འདུག། གང་ཡིན་ཟེར་ན་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་གྱི་སྟོན་པ་ལའང་ཕྱི་རོལ་གྱི་སྐྱོན་དུ་བལྟས་པ་བཞིན། མི་ཁག་ཅིག་གང་ཟག་སྒེར་གྱིས་འདོད་བློ་་བཀའ་ཁྲིས་མ་བསྐངས་པའི་རྒྱུ་མཚན་གྱིས་ག་དུས་ཡིན་ཡང་སྐྱོན་ཁོ་ནར་བཙལ་ལ་མི་འཐད་སྙམ།

  15. བྲོ་འཚལ། says:
    2012-03-19 at 1:27 pm

    མི་སུ་དང་སུ་ཡིན་རུང་ལེགས་ཉེས་གཉིས་འཛོམས་ནི་བཤད་མ་དགོས་པ་རེད་ལ།་་་ལྷག་པར་གཞུང་སྒེར་གང་ཡིན་རུང་མགོ་འཛིན་ཞིག་བྱས་ནས་ལས་དོན་ཞིག་ལ་གཞོལ་དུས་གང་ཟག་སྒེར་བ་རེ་ཟུང་ལ་མི་འདོད་པའི་ཕོག་ཐུག་ཡོང་བ་ཡང་ངེས་ཅན་རེད།་་་ཡིན་ན་ཡང་སྐྱོན་བརྗོད་བྱེད་མཁན་སུ་ཡིན་ཡང་ཆོག་་་་་ཁོང་གིས་སྐྱོན་བརྗོད་ལ་ང་ཚོ་དབྱེ་ཞིབ་བྱས་ནས་གནས་ལུགས་དང་མཐུན་མི་མཐུན་ལ་བརྡར་ཤ་གཅོད་དགོས་པ་ཡིན་དུས།་་་་སྒེར་པ་རེ་ཟུང་གིས་རང་གི་འདོད་པ་བསྐང་མིན་ལ་བརྟེན་ནས་སྐྱོན་བརྗོད་བྱས་པ་ཡིན་ན་ནོར་འཁྲུལ་རེད་ལ།་་་ནོར་འཁྲུལ་ཡིན་པ་ནོར་འཁྲུལ་དུ་ངོས་བཟུང་ནས་ང་ཚོས་ཁོང་ལ་གསལ་བཤད་དགོས་ངེས་རེད།་་་དེ་མ་ཡིན་པར་ཆོལ་ཁའི་ཕྱོགས་ཞེན་རེད་ཟེར་བ་དང་།་་་་སོ་བ་རེད་ཟེར་བ་སོགས་ནི་བལྟ་མཁན་ཞིག་གིས་བལྟས་ན་མི་འོས་པ་མ་ཟད་ཉན་མཁན་ཞིག་གིས་ཐོས་ན་ངོ་ཚ་དགོས་པའི་སྐད་ཆ་རེད།་་་་དེར་བརྟེན་སྐྱོན་ཡོད་ན་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས་ལ།་་་དེ་ལ་གསང་རྒྱུ་སྦ་རྒྱུ་ཅི་ཡང་མེད་ན་ད་གཟོད་གཞུང་སྒེར་གང་ཡིན་ཀྱང་གཟབ་གཟབ་བྱེད་ངེས་རེད།

    བཀའ་ཁྲི་བློ་སེང་མཆོག་ནི་ཉག་ཕྲའི་དུས་ཚིགས་ལ་སླེབས་པའི་བྱེས་འབྱོར་བོད་མི་སྒྲིག་འཛུགས་ཀྱི་ངོ་ཚབ་ཡིན་པས་སྤྱིར་ཡིན་ན་མཛད་སྤྱོད་གང་གི་ཕྱོགས་ནས་ཀྱང་ཉག་ཕྲའི་གནས་ཚུལ་དང་བསྟུན་པའི་གྲ་སྒྲིག་ཅིག་དང་བྱ་སྤྱོད་ཅིག་ནི་ངེས་པར་དུ་དགོས་ངེས་ཡིན་པས།་་་བསམ་ཕྱོགས་ཟེར་ནའང་འདྲ།་་་ནུས་སྟོབས་ཟེར་ནའང་འདྲ།་་་གང་ལྟར་སྔོན་ལས་ལྷག་པའི་རྣམ་འགྱུར་ཞིག་སྟོན་དགོས་པ་རེད།་་་དེ་འདྲ་མིན་ན་ཕྱོགས་གཞན་ནས་སྐྱོན་བརྗོད་ནི་ཡོང་ཡོང་པ་ཡིན་པས་སྐྱོན་བརྗོད་བྱས་པ་ཙམ་གྱིས་སོ་བ་དང་ཁྲ་འབུ་ཟེར་ནས་མགོ་ནས་གནོད་ཐབས་བྱེད་པའི་བྱ་སྤྱོད་འདི་འདྲ་རིག་ན་ངོ་མ་སུ་ཡིན་ཡང་བཟང་ཕྱོགས་མ་གཏོགས་ནག་ཕྱོགས་མི་མཐོང་པའི་བཀའ་ཁྲི་ཞིག་ཏུ་མི་སེམས་རང་སེམས་རེད།་་་་་་ཡིན་ན་ཡང་འདི་ནི་གང་ཟག་ཚང་མས་རང་གཤིས་ཡིན་སྟབས་སྒྱུར་བཅོས་བྱ་རྒྱུ་ནི་ལས་སླ་པོ་ག་ལ་ཡོད།་་་་དེ་བས་སྐྱོན་བརྗོད་བྱེད་མཁན་སུ་ཡིན་ཀྱང་བསམ་ཞིབ་མང་ཙམ་བྱ་རྒྱུ་ནི་ངས་རེ་བ་ཡིན།

  16. རྩམ་དགའ། says:
    2012-03-19 at 1:55 pm

    དྲྭ་ཐོག་དང་ཡིག་ལམ་ནས་སྐྱོན་ཆ་མི་ཤོད་རང་ཤོད་རེད།
    དངོས་སུ་གམ་ལ་བསྐྱལ་ནས་སྐད་ཆ་གསལ་བཤད་བྱེད་ཀྱིན་ཡིན་ལབ་དུས་སྐྱལ་འཇུག་གིན་མེད་པ།

  17. ཉི་འོད་གྲོང says:
    2012-03-20 at 1:15 am

    དྲ་གྲོགས་བྲོ་འཚལ་ལགས། ཁྱེད་ཀྱི་ངག་དེ་སྦད་དེ་ངས་སེམས་འགུ་སོང་། ངས་ཀྱང་བཀའ་ཁྲི་མཆོག་ལ་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་རེད་བཅས་གཏན་ནས་ལབ་ཀྱིན་མེད། འོན་ཀྱང་དེང་དུས་སུ་རང་རེའི་དབུ་ཁྲིད་བློ་སེང་ཁོང་ལ་སྐྱོན་ཡོན་གཉིས་གང་ཆེ་འདུག་ང་ཚོས་ཕར་ལྟས་ན། ཡོན་ཏན་ལས་སྐྱོན་ཆེ་བ་མཐོང་གིན་མེད་། གང་ཡིན་ཟེར་ན་ད་ལྟ་ཁོང་ལོ་ན་ཆུང་ཆུང་ཞི་དྲག་ཡིན་དུས་གནས་ཚུལ་ཁ་ཤེས་ཐད་ལ། ཉམས་མྱོང་གི་སྐྱེན་པས་ནོར་བ་ཕྲན་བུ་འབྱུང་མི་སྲིད་པ་མ་རེད་ལ། དེ་ཉིད་ང་ཚོས་ཁོང་ལ་ངོ་སྤྲོད་འདྲ་གནང་ན་ང་ཚོས་ཁོང་གི་གནས་བབས་ལ་དཔག་པའི་ངོ་སྤྲོད་ཞིག་གནང་གལ་ཆེ་བ་ལས། རྣམ་ཀུན་ལ་རང་གི་འདོད་བློ་དང་མ་བསྟུན་པས་རྒྱུ་མཚན་གྱིས་ཁོང་ལ་མི་མཚམས་པའི་མཚན་སྨོད་དང་་སྨ་འབེབས་སྣ་ཚོགས་གནང་ན་ག་ནས་འགྲིགས། ཁོང་ནི་ད་ལོ་ཆབ་སྲིད་ཀྱི་ཉག་ཕྲང་དོག་པོ་འདིར་ང་ཚོ་གཞིས་བྱས་གཉིས་ཀྱི་དབུ་ཁྲིད་
    མཚོན་ནུས་པའི་ན་གཞོན་ཞིག་རྒྱ་དམར་གྱི་མདུན་དེར་ལང་པའི་བཙན་འབྱོལ་གྱི་ན་གཞོན་རྣམས་སྤོབ་པ་སྐྱེ་དགོས་པ་དེ་འདྲ་མཐོང་དུས་ཁོང་ལ་མི་མཚམས་པའི་སྨ་འབེབ་གནང་བ་དེ་དགའ་ཡིས་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme