Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་དེ་འཚོགས་པ།

Posted on 2013-10-172013-10-17 By ཁ་བརྡ་ 2 Comments on རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་དེ་འཚོགས་པ།

0-3ཕྱི་ལོ་༢༠༡༣ ལོའི་༡༠ ཚེས་༥ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་༥ ཙམ་ལ་བོད་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་”ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་”ཐེངས་བདུན་པ་དེ་བཞིན་དབུ་འཛུགས་གནང་ཡོད་འདུག དེ་ཡང་ཕྱི་ལོ་༢༠༠༧ ལོར་གསར་དུ་དབུ་བརྙེས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གི་བཀའ་དགོངས་བཞིན་ཀིརྟི་ཚང་གི་གདན་ས་ཆེ་ཁག་(སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན།)་བཞི་ལ་ལོ་ལྟར་རེས་མོས་ཀྱི་འཚོགས་བཞིན་ཡོད་ཅིང་། འདི་ནི་ཀིརྟིའི་དགོན་ཁག་གི་སློབ་གཉེར་པ་རྣམས་ཀྱི་རྩོད་རིགས་ཡར་རྒྱས་ཡོང་ཐབས་དང་རྒྱ་བོད་ཀྱི་ཚད་མའི་གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེན་པོ་གནང་ཐུབ་ཆེད་ཁོ་ནར་དམིགས་པའི་ཚད་མའི་ཆོས་ཐོག་ཅིག་ཡིན།

0ཕྱི་ལོ་༢༠༠༧ ལོར་ཀིརྟིའི་དགོན་ཁག་གི་དགེ་འདུན་པ་སུམ་སྟོང་ལྷག་གི་སྟེང་མདོ་དབུས་ཁམས་གསུམ་གྱི་བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་བརྒྱ་ཕྲག་མང་བོ་གདན་ཞུས་ཀྱིས་ཀིརྟི་ཚང་གི་གདན་ས་གོང་འོག་ གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དང་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཚོགས། དེ་ནས་རྔ་པ་ཀིརྟིའི་དགོན་དང་། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཅས་སུ་ལོ་རེ་བཞིན་རེས་མོས་ཀྱིས་ཚོགས་ཡོད་ཀྱང་། དེའི་རིང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གནད་དོན་འདྲ་མིན་ལ་ཁ་གཡར་ནས་བཀག་འགོག་བསྟུད་མར་བྱས་རྐྱེན་འཆར་གཞི་དང་འགྲོ་ལུགས་ཇི་བཞིན་གྱི་རྒྱས་པ་ཞིག་འཚོགས་ཐུབ་མེད། ལོ་སྔོན་མའི་ནང་རྔ་པ་ཀིརྟིའི་དགོན་དུ་དགེ་འདུན་ཞལ་གྲངས་ལྔ་སྟོང་ལྷག་གདན་གཅིག་ཏུ་འཛོམས་པའི་ཀིརྟི་ཚང་གི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་དྲུག་པ་ཚོགས་གནང་བ་ལྟར་ལོ་འདིའི་ཚད་མའི་དགུན་ཆོས་འདི་ནི་ཐེངས་བདུན་པར་ཆགས་ཡོད་པ་དང་། ཆོས་ཐོག་འདི་ཉིན་གྲངས་ཉི་ཤུའི་རིང་འཚོགས་བཞིན་པའི་ཉི་ཤུའི་ཆོས་ཐོག་ཅིག་རེད།

0-1ད་ལོ་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་གྱི་ཁྲི་རིན་པོ་ཆེས་དབུས་ལས་ཀྱི་སྣེ་མོ་བ་རྣམ་པ་དང་། ཀིརྟི་ཚང་གི་ཚད་མའི་དགུན་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་། གཞན་ཡང་དགོན་པའི་སྦྱིན་བདག་དད་ལྡན་མང་ཚོགས་བཅས་ཀྱིས་ཉི་ཤུའི་ཆོས་ཐོག་འདིའི་རིང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ཡུལ་དང་ཞལ་ལག་སོགས་གོ་སྒྲིག་གང་ལེགས་གནང་ཡོད་པར་མ་ཟད། སློབ་གཉེར་བ་ཚོར་དཔེ་ཁྲིད་གནང་མཁན་གྱི་དགེ་རྒན་དུ་མ་གོ་སྒྲིག་དང་། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་གཙོས་རྒྱ་བོད་ཀྱི་ཚད་མའི་གཞུང་ཆེན་ཁག་ལ་རིགས་པ་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལམ་ནས་དཀའ་གནས་ཁག་ལ་དོགས་གཅོད་ཚོགས་པ་སོགས་ཐོས་བསམ་སློབ་གཉེར་ཡར་རྒྱས་ཡོང་ཐབས་ལ་སྒོ་ཀུན་ནས་འབད་པ་ཆེར་སྐྱེད་གནང་བཞིན་ཡོད་འདུག ཐེངས་འདིའི་ཚད་མའི་དགུན་ཆོས་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་གའི་ཁྲི་པ་དང་། མཁན་པོ། དཔེ་ཁྲིད་དགེ་རྒན། གཞན་ཡང་བློ་རིག་འཛིན་གྲྭ་ནས་མཛོད་ལོ་རིམ་དང་པོའི་བར་གྱི་སློབ་གཉེར་བ་ཡོངས་དང་། དེ་མིན་མདོ་དབུས་ཁམས་གསུམ་ནས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་བདུན་ཅུ་དོན་གསུམ་ནས་དགེ་བཤེས་དང་རིགས་པ་སྨྲ་བ་གཅིག་སྟོང་ལྔ་བརྒྱ་བདུན་ཅུ་ཙམ་ཕེབས་ཡོད་འདུག

0-2རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་འདི་ནི། ཐོག་མར་མཁར་དགུའི་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བདུན་གྱི་དགོན་ཆུང་རྣམས་གཅིག་ཏུ་བསྡུས་ཏེ་དགོན་པ་འདི་ཕྱག་བཏབ། རྗེས་སུ་ཕྱི་ལོ་༡༨༦༨ལོར་༸ཀིརྟི་སྐུ་ཕྲེང་བརྒྱད་པ་༸སྐྱབས་མཆོག་བློ་བཟང་འཕྲིན་ལས་ཚང་ལ་དགོན་པ་འདི་དད་འབུལ་ཞུས་པ་ནས་བཟུང་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། དགོན་སྡེ་འདིར་སློབ་སྦྱོང་གཙོ་བོ་འབྲས་སྤུངས་བློ་གསལ་གླིང་གི་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་སའི་མཚན་ཉིད་གྲྭ་ཚང་དང་། རྒྱུད་སྨད་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་གསུམ་དང་ད་ལྟ་དགེ་འདུན་ཞལ་གྲངས་བསྡོམས་༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་དེ་ཆགས་ཡོད།

ཐེངས་འདིའི་ཚད་མའི་དགུན་ཆོས་འདི་ནི་ཚོ་བདུན་ཀིརྟིའི་དགོན་དུ་ཚོགས་ཐེངས་གཉིས་པ་དེ་ཆགས་ཡོད་ནའང་། ཚོགས་ཐེངས་སྔ་མ་ནི་རྒྱ་ནག་གཞུང་གི་བཀག་སྡོམ་འོག་ས་བཅད་མ་སྟོང་ཙམ་ལས་འཚོགས་ཐུབ་མེད་ཅིང་། ད་རེས་ཀྱི་འདི་ནི་རྒྱལ་རོང་ཡུལ་དུ་ཀིརྟིའི་དགོན་ཁག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་པ་ཤིན་ཏུ་མང་པོ་གདན་གཅིག་ཏུ་འཛོམས་ཏེ་ཚད་མའི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་བའི་ཚད་མའི་ཆོས་ཐོག་རྒྱས་ཤོས་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། རྒྱ་བོད་ས་མཚམས་དང་ཐག་ཉེ་ཞིང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཉམས་ཆག་ཤུགས་ཆེ་ཕྱིན་ཏེ་བསྟན་པ་གཟུགས་བརྙན་ཙམ་དུ་གྱུར་པའི་མཐའ་འཁོབ་ཀྱི་ཡུལ་གྲུ་འདིར། ཚད་མའི་དགུན་ཆོས་ཆེན་མོ་འདི་ལྟར་ རྒྱས་པ་ཞིག་འཚོགས་གནང་བ་འདིས་ཡུལ་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ཐོག་ལ་ནུས་པ་ཆེན་པོ་ཞིག་ཐོན་རྒྱུར་འབྲེལ་ཡོད་ཀུན་གྱིས་ཡིད་ཆེས་བྱེད་བཞིན་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་ཀྱིས་ཕྱི་ལོ ༢༠༡༣ ཟླ་༡༠ ཚེས་༡༧ ཉིན་སྤེལ།

གསར་འགྱུར།

Post navigation

Previous Post: སྒོ་ཤེར་གྱིས་རྩོམ་རིག་བྱ་དགའ་ཕྱིར་སློག་གི་མགོ་འཁྲུག་གཞི་ལ་ལྟ་བ།
Next Post: ད་རུང་དང་ང་ཚོ།

Comments (2) on “རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་དེ་འཚོགས་པ།”

  1. ཡ་མ་ཚེ་རིང་། says:
    2013-10-17 at 2:22 pm

    ད་འཇང་དགུན་ཆོས་མང་དྲག་སོང

  2. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-17 at 10:31 pm

    ཀིརྟི་ཚང་གི་གདན་ས་གོང་འོག་གི་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་”ལན་བདུན་པ་དེ་བཞིན་དབུ་འཛུགས་གནང་ཡོད་འདུག་པར་དགའ་བསུ་ཞུ།
    ཞར་ལ་ཞུ་བ། ཐེངས་བདུན་པ་སོགས་ཀྱིས་རིག་གཞུང་སྐད་ན་གྲགས་པའི་ལན་བདུན་པ་དང་། ལན་གཅིག་ཙམ་ཞིག་རྙེད་པའི་དལ་འབྱོར་འདི། ཞེས་པ་སོགས་མ་འོངས་པ་ན། བོད་ཀྱི་ན་གཞོན་རྣམས་ཀྱིས་གོ་དཀའ་བ་དང་། བོད་ཀྱི་ཡུལ་གྲུ་མང་པོ་ན། ཐེངས་ཀྱི་སྐད་དོད་། ལན་གསུམ་སོགས་ད་ལྟ་ཡང་བཀོལ་བཞིན་པ་རིག་གཞུང་སྐད་དང་མཐུན་པ་མཆིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme