Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་རབས་ཁྲག་ཐིགས་མ།

Posted on 2012-06-24 By ཁ་བརྡ་ 16 Comments on རྒྱལ་རབས་ཁྲག་ཐིགས་མ།

མེ་ཏོག་དཀར་པོ།

༡༽ ༼དུས་རབས་ ༥ ༽ ལོང་ངམ་རྟ་རྫིས་བཙན་པོ་གྲི་གུམ་བཙན་པོར་མདའ་རྒྱབ་ནས་བཀུམ། སྲས་གསུམ་བྲོས་དགོས་ཐུག

༢༽ ༼དུས་རབས་ ༦༽ རུ་ལས་སྐྱེས་ཀྱིས་རྒྱལ་པོ་ལོང་ངམ་བཀུམ།

༣༽ བཙན་པོ་འབྲོང་གཉན་བཙན་ལྡེའུ་རང་གི་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ། བློན་པོ་རྙགས་ཐང་པ་ཡར་རྗེ་དང་བཅས་གསོན་པོ་དུར་དུ་ཞུགས།

༤༽ ༼དུས་རབས་ ༨༽གཉགས་ཁྲི་བཟང་ཡང་སྟོན་གྱིས་རྒྱལ་སྲས་ལྗང་ཚ་ལྷ་དབོན་བཀུམ།

༥༽ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་པོ་མ་ཞང་གསོན་པོ་དུར་དུ་སྦས། བློན་པོ་རྟ་ར་ཀླུ་གོང་ཚེར་ལྕགས་ཀྱིས་བྲབ་ཀྱིན་བྱང་དུ་སྤྱུགས།

༦༽ སྲས་མུ་རུབ་བཙན་པོས་བློན་པོ་ཞང་གི་བུ་བསད། ཡེ་ཤེས་མཚོ་རྒྱལ་གྱིས་རྟ་ར་ཀླུ་གོང་སོགས་བློན་པོ་བདུན་བཀུམ། ཕྱི་རྒྱལ་གྱི་མགྲོན་པོ་ཞི་བ་འཚོ་དང་ཀ་མ་ལ་ཤི་ལ་གཉིས་བཀུམ།

༧༽ ཁྲི་སྲོང་ལྡེའུ་བཙན་མཚན་མོ་མདའ་འཁྱར་གྱིས་བཀུམ།

༨༽ ཚེ་སྤོངས་གཟས་རང་གི་བུ་རྒྱལ་སྲས་མུ་ནེ་བཙན་པོ་ཟས་དུག་གིས་བཀུམ།

༩༽ བཙན་པོ་ཁྲི་རལ་པས་རང་སྲས་ལྷ་སྲས་གཙང་མ་མོན་ལ་སྤྱུགས། བཙུན་མོ་ངང་ཚུལ་མ་རང་ཤི་རྒྱབ་དགོས་པ་བཟོས། བློན་དབས་རྟག་སྣས་བློན་པོ་བྲན་ཁ་དཔལ་ཡོན་གྱི་སྤྱི་བོར་ཁབ་བཙུག་ནས་བཀུམ།

༡༠༽ ༼ཕྱི་ལོ་ ༩༠༡༽ དབས་རྟ་སྣ། ཅོག་རོ་ལྷ་ལོད། ལེགས་ཤུགས་བཙན་གྱིས་རྒྱལ་པོ་ཁྲི་རལ་པ་བཀུམ།

༡༡༽ ༼ཕྱི་ལོ་ ༩༠༦༽ དགེ་སློང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་དར་མ་ཨུ་དུམ་བཙན་པོ་བཀུམ།

༡༢༽ ༼ཕྱི་ལོ་ ༩༥༥༽ སྟག་རྩེ་གཉགས་ཀྱིས་མངའ་བདག་དཔལ་འཁོར་བཙན་བཀུམ།

༡༣༽ ༼ཕྱི་ལོ་ ༡༢༨༡༽ ཧོར་དམག་གིས་དཔོན་ཆེན་དགའ་བཟང་པོ་བཀུམ། ཚལ་པ་ཁྲི་དཔོན་དགའ་བདེ་དཔལ་བཙོན་དུ་བཅུག

༡༤༽ ༼ཕྱི་ལོ་ ༡༢༨༥༽ འབྲི་གུང་དམག་གིས་གདན་ས་བ་གཙང་སྟོན་བཀུམ།

༡༥༽ ༼ཕྱི་ལོ་ ༡༢༦༥༽ ཚེ་བརྟན་རྡོ་རྗེས་སྡེ་པ་རིན་སྤུངས་པའི་སྲས་པདྨ་དཀར་པོ་བཀུམ། བྱང་པ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་མངོན་སྤྱོད་ཀྱིས་བཀུམ།

༡༦༽ ༼ཕྱི་ལོ་ ༡༢༧༧༽ ཡོན་རྒྱལ་རབས་ཀྱི་རྒྱལ་སྲས་ཨ་རོག་ཆེའི་དམག་དཔུང་གིས་ཟངས་ཆེན་པ་དར་མ་བསོད་ནམས་བཀུམ།

༡༧༽ ༼ཕྱི་ལོ་ ༡༣༥༤༽ ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱི་སྲས་གཉིས་ཀྱིས་དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་དུ་བཅུག

༡༨༽ ༼ཕྱི་ལོ་ ངག་དབང་རྣམ་རྒྱལ་གྱིས་ཀརྨ་ཕུན་ཚོགས་རྣམ་རྒྱལ་བཙུན་མོ་དང་བཅས་བཀུམ།

༡༩༽ ༼ཕྱི་ལོ་ ༡༥༢༢༽ སྟོད་ལུང་དམག་གིས་སྡེ་པ་སྐྱིད་ཤོད་པ་དམག་དཔོན་བསོད་ནམས་རྒྱལ་པོ་བཀུམ།

༢༠༽ ༼ཕྱི་ལོ་ ༡༧༠༤༽ སྡེ་སྲིད་སངས་རྒྱམ་པས་རྒྱལ་པོ་ལྷ་བཟང་ནག་ཆུར་རྒྱང་ཕུད་བཏང་།

༢༡༽ ༼ཕྱི་ལོ་ ༡༧༠༥༽ ལྷ་བཟང་ཁང་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྲས་སྲས་མོ་དང་བཅས་བཀུམ།

༢༢༽ ༼ཕྱི་ལོ་ ༡༧༡༧༽ སོག་པོ་ཇུན་གར་བ་ཧོང་ཐའི་ཇིའི་དམག་དཔུང་གིས་ལྷ་བཟང་ཁང་པ་བཀུམ།

༢༣༽ ༼ཕྱི་ལོ་ ༡༧༡༨༽ ཇུན་གར་བས་ཆོས་དཔལ་རྒྱ་མཚོ། པདྨ་ཕྲིན་ལས། པདྨ་འགྱུར་མེད་བཅས་བཀུམ།

༢༤༽ ༼ཕྱི་ལོ་ ༡༧༢༠༽ སྟག་རྩེ་པ་སྡེ་པ་ལྷ་རྒྱལ་རབ་བརྟན་རྒྱ་ནག་གི་ཁྲིམས་ཀྱིས་བཀུམ། ང་ལུམ་སྦྱར་གསུམ་གྱིས་དའི་ཆིངས་བ་དུར་བསོད་ནམས་རྒྱལ་པོ་བཟའ་ཟླ་ཕྲུ་གུ་དང་བཅས་བཀུམ།

༢༥༽ ༼ཕྱི་ལོ་ ༡༧༢༣༽ མཚོ་སྔོན་བློ་བཟང་བསྟན་འཛིན་ཕྱོགས་ཁག་གིས་སྐུ་འབུམ་ཁྲི་པ་ཆུ་བཟང་རིན་པོ་ཆེ་གསོན་སྲེག་དང་གྲྭ་པ་བདུན་བརྒྱ་ཙམ་བསད།

༢༦༽ ༼ཕྱི་ལོ་ ༡༧༢༨༽ ཕོ་ལྷ་བས་འཕྲུལ་གྱིས་ང་ལུམ་སྦྱར་གསུམ་རྗེས་འབྲང་དང་བཅས་པ་མི་བཅུ་གསུམ་བཀུམ།

༢༧༽ ༼ཕྱི་ལོ་ ༡༨༤༤༽ ཚེ་སྨོན་གླིང་པ་ཁྲི་ལས་ཕབས་ཏེ་རྒྱ་ཡུལ་དུ་སྤྱུགས།

༢༨༽ ༼ཕྱི་ལོ་ ༡༨༦༢༽ འབྲས་སྤུངས་པས་ངོ་རྒོལ་གྱིས་སྲིད་སྐྱོང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་ནག་ཏུ་བྲོས་དགོས་ཐུག

༢༩༽ ༼ཕྱི་ལོ་ ༡༧༥༠༽ བོད་སྡོད་ཨམ་བན་གཉིས་ཀྱིས་ཝང་འགྱུར་མེད་རྣམ་རྒྱལ་བཀུམ།

༣༠༽ ༼ཕྱི་ལོ་ ༡༨༧༡༽ གཞུང་གི་རྐྱེན་ཞིག་གིས་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་རང་སྲོག་བཅད། བཤད་སྒྲ་བནས་དབྱུང་བཏང་།

༣༡༽ ༼ཕྱི་ལོ་༡༩༣༤༽ ལུང་ཤར་བའི་མིག་བཏོན།

ལོ་རྒྱུས།

Post navigation

Previous Post: འདོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།
Next Post: མེ་ལྕེ།

Comments (16) on “རྒྱལ་རབས་ཁྲག་ཐིགས་མ།”

  1. ལ་རྒྱའི་བདག་པོ། says:
    2012-06-24 at 1:29 pm

    རྩོམ་ཡིག་ཡག་པོ་དུག་པས་བཀྲིན་ཆེ་ཞུ།
    མཛངས་མི་ལུང་ཤར་བའི་སྤྱི་ཕྱོགས་ཀུན་མཐུན་གྱི་ལས་འགུལ་དེ་ཕྱི་ལོ་༡༩༣༦ལོར་དངོས་སུ་ཕྱི་ལོགས་སུ་ཐོན་པ་དང་།ཕྱི་ལོ་༡༩༣༧ལོར་སྤྱན་འབྲས་བཏོན་པ་དང་།ཕྱི་ལོ་༡༩༤༠སྐུ་གཤེགས།

  2. དོན་འགྲུབ། says:
    2012-06-24 at 1:54 pm

    དྲི་གུམ་མདའ་ཡིས་བཀྲོངས་པ་ཞིག་མ་ཡིན་པར་སྟ་རེས་བཀྲོངས་པ་ཏུན་ཧོང་ཡིག་རྙིང་དུ་གསལ། ཡང་བུ་གསུམ་དུ་འདོད་པ་ཡང་གཉིས་མ་མཆིས་ཏེ། ཤ་ཁྲི་དང་ཉ་ཁྲི་གཉིས་སོ།།

  3. དོན་འགྲུབ། says:
    2012-06-24 at 2:10 pm

    བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་བཀུམ་པ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་དཀའ་བ་ཞིག་སྟེ། ཁོང་གི་དགུང་ལོ་ཧ་ཅང་ན་ཕྲ་བ་དང་། ཆེ་ན་བཅུ་གསུམ་ཙམ་སྟེ། རྒྱལ་རབས་མང་པོ་ཞིག་ཏུ་དགུང་ལོ་གསུམ་ཙམ་བྲིས་པ་ནི་ཁུངས་ལྡན་གང་ཡང་མིན་པ་གསལ། དེ་བས་རྷྱ་མོ་རྷུ་བཞི་ཁུགས་དང་སྣ་ནམ་བཙན་བཞོང་རྒྱལ་གཉིས་ཀྱིས་ཁྱི་ལ་དུག་བྱུགས་ཏེ་བཀྲོངས་པའི་ཡིག་རྙིང་ཁུངས་ལྡན་གཞི་བཅོལ་འོས་པར་སྙམ། གཞན་དག་ཏུ་འདི་ལྟ་བུ་མང་དུ་མཆིས་པས། རེ་རེ་བཞིན་ངལ་བས་ཐོ་རུ་འགོད་པར་དུས་ཚོད་ཀྱིས་མ་ལྕོགས་སོ།།

  4. སྣྲོན་ངག་ཁྲི། says:
    2012-06-24 at 2:22 pm

    གོང་གསལ་ལོ་རྒྱུས་དེ་དག་ལ་ཁ་གཡར་ནས་རྒྱ་དམར་ནག་གཞུང་གིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་དགག་པ་རྒྱག་ཁུལ་བྱས་པ་དང་། ཆོས་ལུགས་དུག་རེད་ཟེར་བ་སོགས་སྒྲོ་སྣ་ཚོགས་བཏགས་ཏེ་ད་ཆ་ལྷ་ཡུལ་ལྟ་བུ་དང་ཞི་བདེའི་སྟི་གནས་ལྟ་བུར་སྐྲུན་ཡོད་མདོག་བྱས་ན་ཡང་། ད་ཆ་ནི་དེ་ལས་ལྡོག་ཏེ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་རིགས་འགའ་ཞིག་ལ་དེང་དུས་ཀྱི་དུག་སྣ་ཚོགས་མངོན་ལྐོག་ཟུང་གིས་སྟེར་བ་ལ་བརྟེན་ནས་སྨྱོན་པ་བཟོ་བ་དང་
    རིགས་འཚོ་མ་ཟིན་པའི་
    སྔར་གྱི་མནར་གཅོད་ལས་རྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པས་ན། ད་ཆ་རང་སྲེག་གྱི་ལས་འགུལ་སོགས་བརྩམས་བཞིན་ཡོད་པས། སྡུག་བསྔལ་ཚད་ལས་འདས་པས་མནར་བའི་ཉམས་ངའི་གཡངས་ལས་སྐྱོབ་ཆེད་དུ་ལས་འགུལ་འདི་དག་བརྩམས་པ་གོར་མ་ཆག་ན།
    སྔར་གྱི་ལོ་རྒྱུས་སྐྱུག་བྲོ་བ་དེ་དང་དེ་འདྲ་བ་ནི་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་མང་ཆེ་བ་ལ་ཡོད་པས་ཧ་ལས་དགོས་པ་དང་ཧང་སང་དགོས་དོན་གང་ཡང་མེད་ལ། ལྷག་བསམ་ཆེ་འདོག་དང་དགོས་འདོག་སྤྱང་མདོག་གྲུང་མདོག་ཀྱི་སྒོ་ནས་དེ་དག་སྔོག་ནས་འགྲེམས་སྟོན་བྱས་ན་རྒྱ་མི་རིགས་ལ་ཕན་པ་ཙམ་ལས་རང་རེའི་བོད་མི་རིགས་ལ་
    ཕན་ལས་གནོད་ཆེ་བ་ཡིན་པས། བུ་གླན་པས་ཕ་ཡི་མགོ་བོ་ཐོ་བས་བཅོམ་པ་དང་གཉིས་སུ་མ་མཆིས་ན། དེང་དུས་ཁ་ཚ་དགོས་གཏུགས་ཀྱི་བརྗོད་བྱས་དབུལ་བའི་རྩོམ་རྙོག་དེ་རིགས་གསང་སྤྱོད་
    སྔོག་ནས་དྲི་ངན་འབྱུང་བ་ཆོས་ཉིད་ཀྱི་ཁྲོད་དུ་མཆིལ་མ་བཞིན་གཡུགས་པར་རིགས་
    སོ།
    རྒྱ་ནག་རྒྱལ་རབས་དམག་འཐབ་ཁྲོད་ནས་བྱུང།།
    རྒྱལ་བློན་བསད་རྨས་འཛམ་གླིང་ཁྱོན་ལ་ཡོད།།
    རྒྱ་བལ་འབྲུག་སོགས་རང་དབང་གནས་སུ་ཡང་།།
    ནང་འཁྲུག་བསད་བཏུབ་མེ་རོ་ལྷག་ནས་ཡོད།

  5. བོད་ལ་ཞེན། says:
    2012-06-24 at 3:45 pm

    རྒྱལ་རབས་ལ་དར་རྒུད་དང་རྒྱལ་པོ་ལ་དགེ་སྐྱོན་གཉིས་ཀ་ནི་འཛམ་གླིང་ཀུན་ལ་དེ་སྔ་བྱུང་མྱོང་བ་ཞིག་རེད། ལྷག་པར་དུ་རྒྱལ་སྲིད་བརྟན་པའི་ཕྱིར་དུ་རྒྱལ་སྲིད་ལ་ཉེན་ཁ་ཡོད་རིགས་ཁ་ཅིག་བསད་སྤྱུགས་བྱས་པ་ལ་ཧ་ལས་དགོས་དོན་མེད། དེ་མ་ཟད་གོང་དུ་ལོ་རྒྱུས་མང་པོ་ཞིག་ཁུངས་མེད་རང་ཚོད་ཅིག་བྲིས་འདུག ཁྲག་ཐིག་ངོ་མ་བྲིས་དགོས་ན་དུས་རབས་༢༠དང་༢༡གཉིས་ནང་རྒྱ་དམར་གྱིས་བོད་མི་འབུམ་ཁྲག་མང་པོ་དམར་བསད་བཏང་ནས་ཁྲག་གི་རྒྱ་མཚོ་བཟོས་ཡོད་པའི་དེ་ལ་ཧ་ལས་ཤིག མེ་ཏོག་དཀར་པོ།།

  6. སྤྱང་ཤོག་བཀྲ་ཤིས་ says:
    2012-06-24 at 4:15 pm

    འཛམ་གླིང་སྤྱིའི་དང་མཚུང་པའི་བཙན་པོའི་རྒྱལ་རབས་ནས་བཟུང་བོད་ཀྱི་རྒྱལ་ཁབ་འཛུག་བསྐྲུན་བྱེད་པ་ལ་ཁྲིམས་འགར་ལ་ཁྲིམས་ཆད་སོགས་ནི་ངེས་པར་ཡོད་དགོས་པ་ཞིག་རེད། ཐབས་སྐྱོ་ཤོས་ནི་ང་ཚོའི་སྐབས་བོད་རྒྱ་ཁབ་དེ་གཞན་ཀྱི་ལག་ལ་ཤོར་བ྄་འདི་བོད་ཀྱི་རྒྱལ་རབས་ཀྱི་ཁྲག་ཐིགས་དངོས་རེད།

  7. ཐབས་ཇུས་ཅན says:
    2012-06-24 at 7:00 pm

    གོང་གི་མཆན་ ༤ རྣྲོན་ངག་ཁྲི་ནས་གསུངས་པ་ལ་རྒྱབ་སྐྱོར་ཡོད། མེ་ཏོག་དཀར་པོ་ཟེར་བ་འདིས་དོན་དག་ཡང་སྙིང་ཅི་ཞིག་བརྗོད་འདོད་པ་ཤེས་མ་སོང་། མགོ་རྔ་གང་ཡང་མེད་པར་འདི་ལྟ་བུ་ཞིག་འབྲི་དགོས་དོན་ག་རེ་ཡིན་ནམ་་་་་་། སུ་ཞིག་གིས་གང་ཞིག་གི་ཆེད་དུ་འདི་ལྟར་ཕྲིས་ཟེར་བ་ཡིན་ཤེས་ཆེ། ཕན་ཐོག་གང་ཡང་མེད་པའི་ཡིག་ཚོགས་འདི་ལྟ་བུ་ཁ་བརྡ་ཚང་གིས་འདིར་མ་བཀོད་ན་བཟང་སྙམ། ནམ་ཡིན་ཡང་རྒྱ་གོང་ཁྲན་དམར་པོའི་གཞུང་གིས་འདིའི་རིགས་བཤད་ཀྱིན་ཡོད།

  8. རང་དབང་ཨ་རྡུ་མན། says:
    2012-06-24 at 8:32 pm

    གལ་ཏེ་འདི་ལྟ་བུ་བྲིས་འདོད་ན་་་་ཁུངས་ལྡན་གྱི་ཡིག་ཆ་སོ་སོའི་མིང་དང་ཤོག་ངོས་གྲངས་བཅས་ངེས་པར་དུ་འགོད་དགོས།
    དེ་མིན་མི་དེ་ཚོས་རྣམ་དཔྱོད་ཡོད་མདོག་བྱས་ཏེ་སྔོན་གྱི་རྩོམ་པ་པོའི་ལོ་བརྒྱུས་རྐུ་མ་བྱས་ནས་ད་དུང་སོ་སོས་གསར་རྩོམས་ཡིན་ཁུལ་བྱས།།

  9. མེ་ཏོག་དཀར་པོ། says:
    2012-06-24 at 11:23 pm

    བསམ་འཆར་གསུངས་པ་དགའ་སོང་། འདིར་མཐོ་རིམ་མི་སྣས་ནང་དམེ་བྱས་པ་གཙོ་བོར་སྟོན་པ་ཡིན། དེ་ཧ་ལས་དགོས་པ་དེ་འདྲ་མིན་པ་བདེན། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་སྡེ་ཚན་ཁག་ཅིག་གིས་སྔར་གྱི་བོད་ཀྱི་མཐོ་རིམ་མི་སྣ་དག་འོ་མས་དཀྲུས་པ་འདྲ་པོ་བསམ་མཁན་ཡོད་པས་དེར་ངོ་སྤྲོད་པ་ཙམ་རེད། ཐུགས་རྗེ་ཆེ།

  10. ནག་ཐར་སྐྱིད། says:
    2012-06-25 at 2:48 am

    ལོ་རྒྱུས་འདི་ལྟར་ཀློག་ན་ཧ་ཅང་འགྲིག་གི་འདོད། དགེ་མཚན་དམིགས་གསལ་བ་ཞིག་ཐོབ་ཀྱང་སྲིད། གང་ལྟར་སྐབས་སོ་སོར་བློན་ཆེན་གྱིས་རྒྱལ་བོ་བཀུམ། རྒྱལ་བོས་འབངས་བློན་ས་མཐར་སྤྱུགས། བཙོན་ལ་བཅུག གསོན་དུར་བྱས། མཐར་དགེ་སློང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་དར་མ་ཨུ་དུམ་བཙན་པོ་བཀུམ། རྒྱུ་མཚན་རེ་རེ་བཞིན་འཚོལ་ཞིབ་བྱས་ན་དོན་མེད་ལ་སྟ་གྲིར་འཐམས་ནས་ཕུ་དཀྲུགས་ནང་དཀྲུགས་ཀྱི་སྐད་ཆ་མ་རེད། ལྷག་པར་དུ་འུ་ཅག་ནང་བཞིན་སྤྱི་དོན་ལ་ཁ་གཡེང་མིག་གཡེང་རེ་བྱེད་ཞོར། གཅིག་གིས་གཅིག་ལ་མཐོང་ཆེན་བྱེད་འདོད་མེད་པའི་དབང་གིས་གསེག་མཆན་བཏབ་ནས་གྱོད་སློང་བ་ལྟ་བུ་མ་རེད། དེ་ལས་ཀྱང་ད་ལྟ་ནང་བཞིན་སྡར་མ་དང་བཟོད་སྒོམ་གཉིས་ངོ་བོ་དབྱེར་མེད་དུ་སྤྱི་དོན་ལ་འབད་འབུངས་བྱེད་ཀྱིན་པའི་བཟོ་མ་རེད། སྐབས་གང་ཡིན་ལ་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེན་དོན་ལ་བལྟས་ནས་སྟ་གྲི་འཕྱར་དགོས་ཐུག་དུས། ངོ་སོ་མི་སྟེར་བ་འདི་གལ་ཆེན་མ་རེད་དམ། བཙན་པོ་བོད་ཀྱི་གཤིས་ལུགས་མ་རེད་དམ།

  11. ཚེ་བསམ་ says:
    2012-06-25 at 6:13 am

    ལོང་ངམ་རྟ་རྫིས་དེ་ཡང་མཐོ་རིམ་མི་སྣར་འགྱུར་བ་ཨེ་རེད་།
    རྒྱལ་རབས་ལ་དར་རྒུད་དང་རྒྱལ་པོ་ལ་དགེ་སྐྱོན་གཉིས་ཀ་ནི་འཛམ་གླིང་ཀུན་ལ་དེ་སྔ་བྱུང་མྱོང་བ་ཞིག་རེད།
    འོན་ཀྱང་ང་ཚོས་ལོ་རྒྱུད་ལ་ཕྱི་བསྟད་ལོག་ནས་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཁྱེད་ཀྱི་དྲན་སྐུལ་བྱས་པར་བརྗེས་སུ་ཡིད་རངཡོད་མུད་ཡིན་ད།

  12. མེ་ཏོག་དཀར་པོ། says:
    2012-06-25 at 6:52 am

    ལོང་ངམ་གྱིས་ཉུང་མཐར་ལོ་བཅུ་གཅིག་སྲིད་དབང་བཟུང་འདུག་པས་སོ།།

  13. ལ་སྟོད་བུ། says:
    2012-06-26 at 4:52 am

    མེ་ཏོག་དཀར་པོས་ཡག་པོ་ཞིག་ཐོ་འགོད་གནང་འདུག
    ད་དུང་ཆད་པ་མང་དུ་མཆིས།
    ༡ ལྕང་སྐྱ་རོལ་རྡོར་གྱིས་རྒྱ་དམག་གདན་འདྲེན་གྱིས་རྒྱལ་རོང་རྒྱལ་པོ་གསོན་པོར་མེར་བསྲེག་བཏང།
    ༢ བེ་རི་རྒྱལ་པོ་དོན་ཡོད་བཀུམ།
    ༣ ག་རྒྱ་འགྲམ་ནག་བཀུམ།
    ཆད་ལུས་མེད་པ་ཞིག་བྱུང་ན་འདི་ནི་ལོ་རྒྱུས་ཀྱི་ཁྲག་ཐིག་རང་རེད།

  14. མེ་ཏོག་དཀར་པོ། says:
    2012-06-26 at 5:02 am

    རེད། ཆད་སྐྱོན་རེད།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 4:26 am

    ་་་་་ སྔར་གྱི་ལོ་རྒྱུས་སྐྱུག་བྲོ་བ་དེ་དང་དེ་འདྲ་བ་ནི་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་མང་ཆེ་བ་ལ་ཡོད་པས་ཧ་ལས་དགོས་པ་དང་ཧང་སང་དགོས་དོན་གང་ཡང་མེད་ལ། ལྷག་བསམ་ཆེ་འདོག་དང་དགོས་འདོག་སྤྱང་མདོག་གྲུང་མདོག་ཀྱི་སྒོ་ནས་དེ་དག་སྔོག་ནས་འགྲེམས་སྟོན་བྱས་ན་རྒྱ་མི་རིགས་ལ་ཕན་པ་ཙམ་ལས་རང་རེའི་བོད་མི་རིགས་ལ་ཕན་ལས་གནོད་ཆེ་བ་ཡིན་པས།
    བུ་གླན་པས་ཕ་ཡི་མགོ་བོ་ཐོ་བས་བཅོམ་པ་དང་གཉིས་སུ་མ་མཆིས་ན། དེང་དུས་ཁ་ཚ་དགོས་གཏུགས་ཀྱི་བརྗོད་བྱས་དབུལ་བའི་རྩོམ་རྙོག་དེ་རིགས་གསང་སྤྱོད་སྔོག་ནས་དྲི་ངན་འབྱུང་བ་ཆོས་ཉིད་ཀྱི་ཁྲོད་དུ་མཆིལ་མ་བཞིན་གཡུགས་པར་རིགས་སོ། ་་་་ཟེར།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 4:31 am

    རྒྱལ་རབས་ཁྲག་ཐིགས་མ་ཡོད་ན། རྒྱལ་རབས་གསེར་ཐིགས་མ་ཅིག་སུས་ངོ་སྤྲོད་ཐུབ་བམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme