Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་འབངས་བུ་བཞིན་གཉོར་བའི་ཏྰ་ལའི་བླ་མ།

Posted on 2011-04-042011-04-06 By ཁ་བརྡ་ 12 Comments on རྒྱལ་འབངས་བུ་བཞིན་གཉོར་བའི་ཏྰ་ལའི་བླ་མ།

གངས་རི་སྐྱབས།

དོ་ཟླ་མེད་པའི་ང་ཡི་སྐྱབས་མགོན་སྲིད་པའི་ཁམས་ལ་འོད་ཀྱིས་འཕགས།
ཉེ་རིང་མེད་པའི་བྱམས་བརྩེ་དྲོད་ཁོལ་ས་ཆེན་གོ་ལའི་སྟེང་ལ་ཁྱབས།།
དམངས་ལ་བརྩེ་བའི་ཐུགས་གཤིས་དཀར་པོ་ཉམ་ཆུང་འགྲོ་མིའི་ཡིད་ལ་སིམ།།
རྒྱལ་འབངས་བུ་བཞིན་རྟག་ཏུ་སྐྱོང་བའི་ཏྰ་ལའི་བླ་མའི་སྐུ་ཚེ་རྒྱལ།།

ཏྰ་ལའི་བླ་མའི་ཐུགས་དགོངས་ཟབ་མོ་ད་ནི་སུས་ཀྱང་རྟོགས་ན་ཆོག།
ཏྰ་ལའི་བླ་མའི་བཀའ་སློབ་ཟབ་མོར་ད་ནི་སྣང་དོགས་མེད་ན་ཆོག།
ཆབ་སྲིད་ལྟ་བུའི་གཤོབ་ཁ་དེ་ན་ཏྰ་ལའི་བླ་མར་འོ་བརྒྱ་མངས།།
མགོ་བདེ་རིགས་ཀྱི་གཡོ་སྒྱུའི་བར་ན་ཏྰ་ལའི་བླ་མར་དཀའ་ཚེགས་མང་།།

མྱི་ལོ་ལྔ་བཅུར་བྱམས་ཀྱིས་བསྐྱངས་པའི་མྱི་ཟོག་འདི་ཚོས་མི་འཇོན་ག།།
དད་འདུན་ཆེ་ཚུལ་དམངས་ལ་འཁྲབ་པའི་ཁེ་གཉེར་བ་ཚོས་མི་ཚོར་ག།
བཤད་པ་རང་འགུལ་གློག་ཆས་མཚུངས་པའི་རྒྱགས་པ་དེ་ཚོ་མི་སད་ག།
ནང་ཁུལ་ཆབ་སྲིད་རྩེད་མོ་རྩེ་བའི་སྲིད་དོན་པ་ཚོ་མི་ཟིན་ག།

ཡིད་བཞིན་ནོར་བུའི་གསུང་འཕྲིན་དེ་ལ་དོན་མེད་ཀུ་རེ་མ་སློང་ཞིག།
བླ་མེད་གང་གི་དགོངས་གཞི་དེ་ལ་དོན་མེད་བར་ཆད་མ་གཏོང་ཞིག།
ཁྱེད་ཀྱིས་བཤད་པའི་སེམས་ཁུར་དེ་དག་ཏྰ་ལའི་བླ་མས་མྱོང་ནས་ཡོད།།
ཁྱེད་ཀྱིས་ཟློ་བའི་བོད་ཀྱི་མ་འོངས་ཏྰ་ལའི་བླ་མས་གཟིགས་ནས་ཡོད།།

བློ་ཕམ་ཟེར་བའི་སྐད་ཆ་འདི་ལ་ཅི་འདྲའི་རྣམ་རྟོགས་ཟ་བ་ལ།།
གུས་ཞབས་ཟེར་བའི་ཟོལ་རྫི་འདི་ལ་ཅི་འདྲའི་ཡིད་ཆེས་དཀའ་བ་ལ།།
རྒྱལ་ཞེན་བོར་བའི་མི་གཟུགས་རེ་ཟུང་རྒྱལ་སྲིད་ཁྲི་ལ་ཅི་ཡིས་བསྐོས།།
རྒྱ་དམར་སྤུ་གྲིའི་སྲིད་ཇུས་དེ་ལ་མ་འོངས་ཁ་གཏད་ཅི་ཡིས་གཅོགས།།

ཁོང་གི་བཀའ་མོལ་གློ་རྡེག་མིན་ཡང་དེ་རིང་ཟ་ངེ་ཟིང་ངེ་ཞིག།
སྒྱིད་ལུགས་བསྡད་པའི་མྱི་ཟོག་འདི་ཚོ་དེ་རིང་འཐབ་བེ་འཐོབ་བེ་ཞིག།
ཏྰ་ལའི་བླ་མའི་བཀའ་གསུང་ཡོད་ཚད་སུས་ཀྱང་སེམས་ལ་མ་འབྱར་ཟིག།
ཏྰ་ལའི་བླ་མའི་ཐུགས་རེ་རླབས་ཆེན་སུས་ཀྱང་མི་ཚེར་མི་འཁྱོངས་གི།

སྐྱོ་ཡང་མི་དགོས་ཏྰ་ལའི་བླ་མ་ཉི་འོད་བཞིན་དུ་འཕྲོས་ནས་ཡོད།།
སྡུག་ཀྱང་མི་དགོས་ཏྰ་ལའི་བླ་མས་བོད་ཀྱི་བདེ་སྡུག་བསྐྱོར་ནས་ཡོད།།
ཕྱི་ནང་མེད་པའི་དགོངས་གཞི་འདི་ནི་སུས་ཀྱང་ནན་པོར་སྒྲུབ་ན་སྤྲོ།།
རླབས་ཆེན་གསུང་གི་ཁ་ཏ་རེ་རེ་ཀུན་པོས་སེམས་ཀྱིས་ཉན་ན་ལེགས།།

༢༠༡༡ ༤ ༡ཉིན།

གསལ་བསྒྲགས།, སྙན་ངག

Post navigation

Previous Post: བཙན་བྱོལ་བོད་མིའི་ནང་གློ་གཅོང་ཊི་སྦི་ན་མཁན་དེ་འདྲའི་མང་དོན་ཅི།
Next Post: བོད་ཀྱི་བློ་འབྱེད་བ་ཆེན་མོ་ཞོགས་དུང་གླེང་བ།

Comments (12) on “རྒྱལ་འབངས་བུ་བཞིན་གཉོར་བའི་ཏྰ་ལའི་བླ་མ།”

  1. ཚེ་བསམ་ says:
    2011-04-04 at 10:13 am

    ཨ་ཁ་ཁ་ཁ་ད་ཡང་གཞོན་སྐྱེད་རྩོམས་པ་པོ་ཞིགས་སྨྱོ་འདུག།
    ལོ་རྒྱུས་ལ་འཁྱོག་བཤད་མ་བྱེད་ལོ།

  2. མིག says:
    2011-04-04 at 6:23 pm

    ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་ལ་བསྟེན་ནས་སངས་རྒྱས་བསྟན་པའི་སྤྱི་དགྲ དཔལ་ལྡན་བླ་མའི་སྐུ་དགྲ སྒོས་རྣལ་འབྱོར་བ་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་དགེགས་བློ་བཟང་ཚེ་རིང་མིང་ཅན་འདི་ཉིད་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་ཐང་ཅིག་ལ་འདིར་ཁུག་ནས་ཐལ་བའི་དུར་ཁྲོད་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག

  3. རྨིག་སྒྲ says:
    2011-04-05 at 4:06 am

    ཁོ་རས་ཁྱེད་ཀྱི་མིང་ལ་བློ་བཟང་ཚེ་རིང་ཞེས་འབོད་ན་རན་པོ་མི་འདུག་དེ་ལས་བློ་ངན་ཚེ་རིང་ཞེས་འབོད་ན་མིང་དོན་མཚུངས་པ་ཞིག་འདུག་སྙམ། དགྱ་དམར་གྱིས་སྒོར་མོས་བསླུས་པའི་ལྟས་ཕྲུག་དེ་སྡིག་ལས་ཚབ་ཆེན་འདི་འདྲ་ཞིག་བསགས་འདུག་ཧ་ཁ་ཧ་ཁ། ༸གོང་ས་མཆོག་ནི་ནམ་ཡང་ང་ཚོའི་སེམས་ཁོངས་ན་ཞི་བདེའི་དོད་དུ་འདོད་ཀྱི་ཡོད།

    བསྟན་པ་ཕྱི་དར་གྱི་དུས་སུ་རང་ཅག་ཁ་བ་རི་བ་རྣམས་ལ་བཀྲིན་བླ་ལྷག་ཏུ་ཆེ་བའི་འཇམ་མགོན་ས་པཎ་ཆེན་པོའི་ཞལ་མངའ་ནས། ཧ་ཅང་གཡོ་སྒྱུ་མང་དྲགས་ན།། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་བཟས་མཐར་གཞན་གྱིས་བསད།།

    དེང་སང་མི་འགའ་རེས་དྲ་ནང་དུ་གང་བྱུང་མང་བྱུང་གི་མི་གཞན་ལ་སྐྱོན་བརྗོད་དང་སྤྱི་ཚོགས་དཀྲུག་ཤིང་སྐད་ཆ་མང་པོ་བཤད་ཀྱིན་འདུག

    དེ་ལ་ངེད་ཚོས་ངེས་པར་དུ་གཟབ་དགོས་དགྱ་གཞུང་གིས་བཙན་བྱོལ་ནང་ལ་དཀྲུག་ཤིང་བརྒྱབ་རྒྱུའི་གྲ་སྒྲིག་རིམ་པ་གཤམ་དུ་གསལ་ཡད།

    ༼ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གཙོས་བའི་ཚོགས་པ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་སིམ་འཛུལ་བྱས་ནས། བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་ཀྱི་མ་ལག་ཁག་ཁ་ཐོར་གཏོང་ཐབས་འཁོད་འདུགཡིག་ཆ་དེའི་ཁོངས་སུ། པེ་ཅིང་གཞུང་གིས་བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་བཅས་གཏོར་ཐབས་ཀྱི་ཐབས་ལམ་དྲུག་འཁོད་འདུག

    དང་པོ།
    ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ འཚར་ལོངས་བྱུང་བའི་བོད་མིའི་མི་རབས་གཉིས་པ་དང་གསུམ་པ་དག་ལ་དོ་སྣང་དམིགས་ བསལ་དང་ཁོང་ཚོ་རྒྱ་ནག་གཞུང་དང་ཐག་ཉེ་རུ་གཏོ་དགོས།

    གཉིས་པ།
    ཏཱ་ལའི་བླ་མའི་གཞུང་དང་ བསམ་ཚུལ་མི་མཐུན་པ་ཡོད་པའི་བོད་མི་སྒེར་བ་དང་ཚོགས་པ་ཁག་ལ་འབྲེལ་བ་ཇེ་ཟབ་ཏུ་ གཏོང་དགོས་བ་མ་ཟད། ཁོང་ཚོ་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་ཡོད་མེད་ལ་མ་བལྟས་པར། ཁོང་ཚོ་ང་ཚོའི་ལག་ཆར་བེད་སྤྱོད་གཏོང་ཐབས་ལ་ཤུགས་སྣོན་རྒྱག་དགོས།

    གསུམ་པ།
    ཕྱི་ལོ་༡༩༨༠ལོའི་རྗེས་སུ། བོད་ནས་བྲོས་བྱོལ་ལ་འགྲོ་མཁན་ཚོའི་མཉམ་དུ་འབྲེལ་བ་འཛིན་ཐབས་ལ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས།

    བཞི་པ།
    པེ་ཅིང་གཞུང་དང་ཐག་ཉེའི་ འབྲེལ་ལམ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་སྒེར་བ་ཚོར་རྒྱབ་སྐྱོར་དང་ ཁོང་ཚོས་སྤེལ་བའི་ལས་འཆར་དང་འཛུགས་བསྐྲུགས་ཁག་ལ་རོགས་རམ་བྱས་ནས་ཏཱ་ལའི་ ཕྱོགས་གཏོགས་གྱི་ནུས་བ་ཁ་འཐོར་ཏུ་གཏོང་དགོས།

    ལྔ་པ།
    ཏཱ་ལའི་བླ་མའི་ཉེ་འགྲམ་ དུ་ལས་ཀ་བྱེད་མཁན་དག་དང་འབྲེལ་ལམ་འཛིན་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོ་པེ་ཅིང་གཞུང་དང་ཐག་ཉེ་རུ་གཏོང་དགོས།

    དྲུག་པ།
    ཐག་ཉེ་བོ་དང་དུས་ཚོད་བབ་བསྟུན་གྱིས། ཏཱ་ལའི་བླ་མའི་རྗེས་འཇུག་གཤའ་མ་ཚོས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ཁག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ཤིང་།
    དེ་དག་ཕྱོགས་ཡོངས་ནས་ནུས་མེད་དུ་གཏོང་ཐབས་ལ་འབད་དགོས། ༽ཞེས་བྲིས་འདུག་པ་དེ་ཚོ་ད་ལྟ་བེད་དཔྱོད་གཏོང་འདུག་སྙམ། དེར་བརྟེན་ང་ཚོས་ངེས་པར་དུ་གཟབ་དགོས་མི་ཚོ་ལང་ཤོར་དུ་མི་གཏོང་མི་ཉན།

  4. ཚེ་བསམ་ says:
    2011-04-05 at 6:07 am

    ཆུ་འབྲུག་ཕྱི་ལོ་༡༦༥༢ལོར་༸གོང་ས་ལྔ་པ་ཆེན་པོ་རྒྱ་ནག་དུ་ཕེབས་དོན་ནི་གོ་གནས་དང་མིང་གྲགས་ཀྱི་ཆེད་དུ་ཕེབས་པ་ཞིག་མ་རེད། མན་ཇུས་གོང་མ་ཧྲུན་ཀྲིས་༸གོང་ས་ལྔ་པ་གདན་འདྲེན་ཞུས་པ་ཞིག་ཡིན་པ་ལས་བསོད་ཟད་ཁྱོད་ཀྱིས་བཤད་ལྟར་མ་རེད།
    རྒྱལ་དབང་བསྐལ་བཟང་རྒྱ་མཚོས་བཀའ་བློན་ང་ལུམ་སྦྱར་གསུམ་མ་སྐྱོབ་པ་མ་རེད། སྐྱོབ་པའི་ནུས་པ་ཡོད་པ་མ་རེད།
    རྒྱུ་མཚན་ནི་གཡོ་རྒྱུ་ཆེ་བའི་མི་དབང་ཕོ་ལྷའི་རྒྱབ་ལ་གཏུམ་དྲེག་ཅན་གྱི་མན་ཇུའི་དམག་དཔུང་ཡོད་པ་རེད།
    རྒྱལ་བ་སྐུ་འཕྲེང་བརྒྱད་པས་གོར་བོད་དམག་འཁྲུག་སྐབས་ལ་མན་ཇུའི་དམག་དཔུང་འཁྲིད་ཡོང་པ་རེད་ཟེར།
    འོ་ན་ཞཱ་དམར་བ་མཆོག་གྲུབ་རྒྱ་མཚོས་གོར་དམག་བོད་ལ་ཁྲིད་ཡོང་བ་རེད།
    རྒྱལ་བ་སྐུ་འཕྲེང་བརྒྱད་པས་རང་གི་མངའ་འོག་སྲུང་སྐྱོབ་ཀྱི་ཆེད་དུ་ཁྱིམ་མཚེས་རྒྱལ་ཁབ་ལ་དམག་གཡར་ཞུས་པ་ཞིག་རེད། ཞ་དམར་བས་ཁྲིད་ཡོང་བས་གོར་དམག་དེ་ཚོ་དེ་འདྲ་མ་རེད།
    རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་ནི་མན་ཇུའི་རྒྱ་དམག་བོད་ནས་མཐར་སྤྲོད་གཏོང་མཁན་ཞིག་ཡིན་པ་དང་བོད་རང་བཙན་ཡིན་པའི་བསྒྲགས་གཏམ་སྤེལ་མཁན་ཞིག་ཀྱང་རེད།དེང་སྐབས་རྒྱ་ནག་གུང་ཁྲན་ཀྱང་ཁྱོད་ནང་བཞིན་བསྒྲགས་གཏམ་དེར་སྙིང་ན་བཞིན་ཡོད།
    རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ནི་བོད་ཆོལ་ཁ་གསུམ་གྱི་མི་མང་གི་བློ་གཏད་བཅོལ་ས་དང་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་ཞི་བདེའི་གཟེངས་རྟགས་བཞེས་ཁན་གྱི་སྐྱེ་བོ་དམ་པ་ཞིག་ཡིན་པ་ནི་བློ་ཟུ་བོར་གནས་པ་རྣམས་ཀྱི་ཤེས་གསལ་ལྟར་རེད།
    བཀའ་དྲེན་ལ་སམ་ཤེས་མེད་པའི། དྲན་ལེན་ལ་ལོག་མཇལ་མ་བྱེད་ཞིག།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-05 at 6:40 am

    བློ་བཟང་ཚེ་རིང་།
    བློ་གྲོས་དབུལ་ཕོངས་བུ་ཕྲུག་ལྟས་ངན། །
    བཟང་པོའི་ལག་བརྡུང་མི་ངན་ཁྱོད་འདྲ། །
    ཚེ་རིང་ལས་ཀྱང་ཚེ་ཐུང་སྡིག་ཆུང་། །
    རིང་པོར་མི་ཐོགས་རྨོངས་པ་བསལ་རོགས། །
    ཐུགས་རྗེས་གཟིགས་རོགས་ཀརྡོ་ང་ལ། །

    ༸གོང་ས་མཆོག་ཉིད་༸སྐུ་ཚེ་ཡུན་བརྟན། །

  6. ཀརྡོ་རབ་འབྱམས་པ་ says:
    2011-04-06 at 4:25 am

    བློ་སེང་ཚེ་རིང་ལགས།
    ཁྱོད་དངོས་གནས་༸གོང་ས་མཆོག་ལ་ཁྱི་འདྲ་རེད་ཅེས་ལབ་ཕོད་པ། མི་ཁྱོད་རང་གི་མིང་ད་ནས་བཟུང་བློ་ངན་ཚེ་ཐུང་གྱིས་ཤིག སྡིག་ཆེན་ཚེ་ཐུང་བ་ཡོང་བ་ཤོག་ཅེས་པའི་སྨོན་ལམ་དེ་འདི་རིང་ངས་ཀྱང་རྒྱབ་བཞིན་ཡོད་པས། ད་ཁྱོད་ཀྱི་ཁར་གོག་དེ་བཙུམ་ན་མི་ལེགས་སམ། ཁ་བརྡས་ཀྱང་་་་

  7. ཚེ་བསམ་ says:
    2011-04-06 at 6:50 am

    བློ་བཟང་ཚེ་རིང་ལགས།དོན་རྡོག་རྡོག་བཤད་ན་ཁྱོད་རང་གིས་༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་དགོས་པའི་རྒྱུ་མཚན་བཤེས་མེ་འདུག
    གཤམ་གིས་བཀའ་སློབ་དེ་ལ་གཟིགས་རོགས་གནང་
    ༸གོང་ས་ནས་བགྲེས་ཡོལ་དུ་ཕེབས་ན་ཁེ་ཕན་ཡོད་སྐོར་གསུངས་དོན། འཛམ་གླིང་སྟེང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཏཱ་ལའི་བླ་མ་ཁ་ཞེ་གཉིས་མེད་ཐོག་དམངས་གཙོ་མཚན་ཉིད་ཚང་བའི་ཐོག་ཕྱིན་སོང་ཞེས་བརྗོད་ན། འཛམ་གླིང་སྟེང་ཆ་འཇོག་ཡག་ཏུ་འགྲོ་ཐུབ་རྒྱུ་དང་རྒྱ་མི་ཡིན་ནའང་བོད་ལ་དཀའ་ངལ་གང་ཡང་མེད། དཀའ་ངལ་ཏཱ་ལའི་བླ་མ་རེད། ཏཱ་ལའི་བླ་མའི་ཐོབ་ཐང་སྐོར་རེད་ཟེར་བའི་སྐྱག་རྫུན་དེ་འཛམ་གླིང་ཐོག་གསལ་པོ་ཆགས་གི་རེད། ཅེས་དང་།
    ཡང་༸གོང་ས་བགྲེས་ཡོལ་ཆ་ཚང་ཞུས་པ་དེ་སེམས་ཤུགས་ཆག་པ་མིན་སྐོར་ལ། ངོས་སེམས་ཤུགས་ཆགས་པ་དང་ངོས་ཀྱིས་བོད་སྤྱི་དོན་བློས་བཏང་བ་རྩ་བ་ནས་མིན། ངོས་ལ་ཆ་བཞག་ན་བོད་མི་ཞིག་དང་ཨ་མདོའི་ཡུལ་ནས་ཡོང་པའི་བོད་གངས་ཅན་པ་ཞིག་ཆགས་ཡོད་དུས། ངོས་རང་མ་འཆི་བར་འགན་དེ་ཡོད་པ་རེད། ད་ལྟ་ངོས་ཀྱི་གཟུགས་པོ་བདེ་པོ་ཡོད་སྐབས་ཁྱེད་ཚོས་འགན་ཆ་ཚང་འཁྱེར་དགོས། དམིགས་བསལ་དཀའ་ངལ་འཕྲད་དེ་མི་འགྲིག་པ་བྱུང་ན་ངོས་རང་འདིར་ཡོད་པ་རེད། ཅེས་དང་། དེ་ནི་ངོས་ཀྱི་བློས་བཏང་བ་མ་རེད་ལ་ངོས་རང་སེམས་ཤུགས་ཆག་སྟེ་བསྐྱུར་བའང་མ་རེད། ཅེས་ཞེས་གསུང
    མ་གཞི་བྱས་ན་བོད་ལ་བླ་ཆེན་མང་པོ་ཡོད་ཀྱང་༸གོང་ས་མཆོག་ལྟ་བུའི་གྲུབ་མཐའ་རེ་མོད་གནང་མཁན་ཞིགས་ཁྱོད་ལ་དུས་ནམ་ཡང་རྙེད་ཀྱི་མ་རེད།

  8. ཚེ་བསམ་ says:
    2011-04-06 at 6:59 am

    རྟ་དང་བུང་བུ་བསྡུར་ན་ལྐུགས་པ་དང།
    གསེར་དང་ར་གན་བསྡུར་ན་གླེན་པ་ཡིན།

  9. ཚེ་བསམ་ says:
    2011-04-06 at 7:22 am

    རྟ་དང་བུང་བུ་བསྡུར་ན་ལྐུགས་པ་དང།
    གསེར་དང་རག་གན་བསྡུར་ན་གླེན་པ་ཡིན།

  10. རྨིག་སྒྲ says:
    2011-04-06 at 7:28 am

    ཧུའོ་ཅིན་ཐོ་ཡིས་ཀུན་དགའ་དོན་གྲུབ་ཀྱིས་བསླུས་པའི་བློ་ངན་མིང་ཅན་༼ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གཙོས་བའི་ཚོགས་པ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་སིམ་འཛུལ་བྱས་ནས། བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་ཀྱི་མ་ལག་ཁག་ཁ་ཐོར་གཏོང་ཐབས་འཁོད་འདུགཡིག་ཆ་དེའི་ཁོངས་སུ། པེ་ཅིང་གཞུང་གིས་བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་བཅས་གཏོར་ཐབས་བཅས་བྱ་དགོས་༽ཁྱོད་ཀྱིས་སྒོར་མོ་དང་རང་མི་རིགས་ཀྱི་ལ་རྒྱ་བརྗེ་བོ་བརྒྱབས་པར་ངོ་མ་སྙིང་རྗེ།

    གངས་ཅན་ལྗོངས་ཀྱི་ཐོན་མི་གཉིས་པ་འཇམ་མགོན་ས་པཎ་ཆེན་པོས།
    གང་ལ་ཟ་བཏུང་ཡོད་དེར་རྒྱུག། དགོས་པ་བྱ་བ་བཅོལ་ཡང་འབྲོས།།
    གཏམ་དང་བཞད་བགད་བཤེས་ན་ཡང།། མཇུག་མ་མེད་པའི་ཁྱི་རྒན་ཡིན།།
    ཞེས་བློ་ངན་ཁྱོད་ལྟ་བུ་ཟེར་གྱི་ཡོད་རེད་ད།

  11. Pama tso says:
    2011-04-06 at 4:45 pm

    xxxxxxxxxxxxxxxxxxxxxxxxxxxxx

    ༼༼ གནམ་ལོ་ཡག་ལགས།
    གང་ནས་ཐོན་མིན་དང་སུས་དབང་བསྒྱུར་བྱེད་ཀྱི་ཡོད་པ་མི་གཙོ་ཟེར་བ་དེ་ཁྱེད་ཀྱི་དགོངས་ཚུལ་རེད། ངས་འདི་ནས་ཁྱེད་ལ་ནན་བརྗོད་བྱེད་རྒྱུར། བོད་ནང་གི་བསམ་ཚུལ་ཟེར་བ་དེ་དངོས་གནས་རྩ་ཆེན་པོ་དང་རིན་ཐང་གཞལ་མེད་རེད། དེ་འདྲའི་འབག་ཅིག་གོན་ནས་ཁྱེད་རང་འདྲ་བ་དག་གི་བསམ་ཚུལ་ལ་རྒྱབ་བསྙེས་སའམ་ལག་དཀྲི་ས་བྱེད་སྟངས་འདི་ཡག་པོ་ཁྱོན་ནས་མ་རེད། ཞིབ་འདང་རྒྱག་དགོས་པ་རེད།
    དོན་དམ་པར་ལམ་དབུ་མའི་སྲིད་བྱུས་ཀྱིས་བོད་ལ་གནོད་ཡོད་ན། ༧རྒྱལ་བ་རིན་པོ་ཆེའི་ལམ་ལུགས་ཀྱིས་བོད་ལ་གནོད་ཡོད་ན། རང་བཙན་ཁ་ལ་ཁྱེར་ནས་ཅི་ཞིག་བྱེད་འདོད་ཡོད་པ་དག་གསལ་གསལ་ཐང་ཐིང་གནང་ན་ཞེ་དྲག་སྐྱོན་གྱི་མ་རེད། དེ་མ་གཏོགས་ཁྱེད་ཚོའི་དག་གིས་འདྲ་མི་འདྲ་ནས་ཐབས་ཤེས་གང་ཡོང་སྤྱད་དེ་སྤྱི་ཚོགས་ཀྱི་བདེ་འཇགས། མིའི་རིགས་ཀྱི་སེམས་ཁམས་ལ་གཏོར་བཤིག་གཏོང་འཆར་འདི་དག་ནི་རྩ་བ་ཉིད་ནས་ཡག་པོ་མ་རེད། ཁྱེད་ཚོ་སིམ་འཛུལ་བྱེད་སྟངས་འདི་ཐབས་ཤིག་ཡིན་དབང་དུ་བཏང་ཡང་། ལྟ་མཁན་ཚང་མ་ལྐུགས་པ་མིན་པའང་མཁྱེན་དགོས་པ་རེད།
    མདོ་དོན། རང་གྲོལ་ལམ་ཡེ་རྡོར་དྲ་བ་ཐོགས་ཟིན་པ་དེ་ཁྱེད་ནས་སྟངས་འཛིན་བྱས་ན་སྐྱོན་མི་འདུག ཡིན་ནའང་དམིགས་ཡུལ་གསལ་བཏོན་བྱེད་དགོས་ཀྱི་འདུག དེ་གཅིག་ཡིན། གཉིས་ནས་བློ་བཟང་ཚེ་རིང་ཟེར་བ་ལྟ་བུའི་མིང་འདྲ་མི་འདྲའི་ཐོག་ཁྱེད་ཚོ་ལྟོས་བཅས་ཀྱིས་གང་དྲན་མ་བཤད། དེ་གཉིས་ཁྱེད་ལ་དྲན་སྐུལ་དང་ཕྱིས་སུ་ལུགས་ལྡོག་མི་བྱེད་པའི་རེ་བ་བྱེད་བཞིན་ཡོད།
    ཤར་ཕྱོགས་ཁུག་རྟའམ་ཆོས་འབྱོར་ངོ་མས། ༽༽

  12. གྲགས་པ་ says:
    2011-04-06 at 5:08 pm

    ད་འདི་ཚོ་ལྷང་ལ་འབུད་ཆུག་ན་ལེགས། མ་གཏོགས་སྤྱི་ཚོགས་ནང་དཀྲུགས་གང་ཐུབ་བྱེད་རྒྱུ་རེད།
    དྲ་གྲོགས་ཚོ་ངེས་པར་དུ་བློ་བཟང་ཚེ་རིང་ཟེར་པ་སུ་ཡིན་ཧ་གོ་བ་བྱས་ནས་པར་ཞིག་དྲ་ཐོག་ཏུ་འགོད་གནང་ཡོང་བ་ཞུ་རྒྱུ་ཡིན།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme