Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཚོགས་ད་དུང་གཉིད་ལོག་གམ།

Posted on 2013-10-162013-10-16 By ཁ་བརྡ་ 4 Comments on རྒྱལ་ཚོགས་ད་དུང་གཉིད་ལོག་གམ།

ལོག་སྨྲ་ཚར་གཅོད།

ནག་པོ་རྒྱ་ཡིས་དྲག་ཤུགས་བཙན་པོས་གཡུལ་གཤོམ་དམག་དཔུང་ཕྱོགས་བཞིར་བཀོད།།
ཁེངས་དྲེགས་ང་རྒྱལ་འཁོར་སྒྱུར་འགྲན་ཞིང་གཡོ་སྒྱུའི་འུར་སྒྲོག་གླིང་བཞིར་ཁྱབ།།
ཉམ་ཆུང་གྲངས་ཉུང་མི་རིགས་ཁག་ལ་བཙན་གནོན་ཉིན་མཚན་དུས་བཞིར་བྱེད།།
སྟོབས་ཤུགས་ཆེ་ཆུང་བཙན་གནོན་འདི་ལ་རྒྱལ་ཚོགས་ད་དུང་གཉིད་ལོག་གམ།།

ཁ་བའི་ལྗོངས་སུ་བྱམས་སེམས་ཆེ་བའི་འཚེ་མེད་མི་རིགས་དམར་གསོད་འོག །
གོ་ལའི་ཡང་སྟེང་མཐོ་སྒང་བོད་ཀྱི་རྩ་ཆེན་ཁོར་ཡུག་གཏོར་བརླག་དང་།།

སྐྱེ་འགྲོ་ཀུན་གྱི་གཅེས་ནོར་དམ་པ་བོད་བརྒྱུད་ནང་བསྟན་སྟོང་ཉེ་ནའང་།།
འགྲོ་བ་མི་ལ་འགན་ཁུར་མིང་ཁྱེར་རྒྱལ་ཚོགས་ད་དུང་མིག་ལོང་ངམ།།

ཆབ་སྲིད་ལམ་ལུགས་གཅིག་སྡུད་ཅན་གྱི་དམར་པོའི་ལྟ་བ་མཁྲེགས་འཛིན་འོག །
མེ་ལྕེ་དྲག་པོའི་ཀློང་ན་འགྱིངས་པའི་དཔའ་རྒོད་བརྒྱ་དང་ཉེར་གཅིག་གིས།།
མི་རིགས་རང་དབང་རྩོད་ལེན་ཆེད་དུ་རང་ལུས་མེ་རུ་བསྒྲོན་ན་ཡང་།།
ཁ་བ་ཅན་པས་རེ་སྟོང་བཅོལ་ས་ཨ་རི་ད་དུང་རྩ་ཁུམས་སམ།།

སྤྱན་རས་གཟིགས་ཀྱི་གདུལ་ཞིང་གནས་དེ་མི་ཡུལ་དམྱལ་ཁམས་གསོན་པོར་གྱུར།།
སྐྱབས་ཡུལ་བླ་མ་རིགས་མཐུན་སྤུན་རྣམས་གཞན་ཡུལ་ས་མཐར་རྒྱང་འབུད་བཏང་།།
ཁྱོ་བོའི་ཤུལ་ལུས་བུ་མེད་ཡུགས་ས་ཕྲུ་གུ་རྣམས་ཀྱང་ད་ཕྲུག་གྱུར།།
སྨྲེ་སྔགས་ངུ་སྒྲས་བོད་ཁམས་ཁྱབ་ཀྱང་ཡོ་རོབ་ད་དུང་བཟིས་དྭངས་སམ།།

རྩོམ་རིག

Post navigation

Previous Post: སྒོ་ཤེར་ཚང་གིས་ཀླུ་སྨྱོན་རྩོམ་རིག་དཔྱད་འདེམས་པ་ཚོར་སྐད་འདི་བསྐུར་འདུག
Next Post: སྡུག་གི་ལོ་རྒྱུས་དང་མུན་ནག་གི་ལམ་དུ་ཁྲག་གི་རྐང་རྗེས་ལ་ཕྱིར་དྲན།

Comments (4) on “རྒྱལ་ཚོགས་ད་དུང་གཉིད་ལོག་གམ།”

  1. ཚེ་རིང་བསམ་གྲུབ། says:
    2013-10-16 at 9:00 am

    རྒྱལ་ཚོགས་ལ་རེ་བ་ཁྱོན་ནས་བྱ་རྒྱུ་ལྷག་མེད། ཧ་ཐོ་ན་འགྲོ་བའི་མི་ཐོབ་ཐང་གི་གྲོས་ཆོད་འདྲ་པོ་བཞག་སྲིད། འོན་ཀྱང་བོད་ནང་ལ་ཁྱོན་ཡོངས་ནས་དོན་དངོས་ཀྱི་ནུས་མི་ཐོན་ཐག་ཆོད་ཡིན་པ་ནི་འདས་པའི་རྒྱལ་ཚོགས་ཀྱི་བྱེད་སྟངས་ནས་ཤེས་གསལ་རེད།

  2. ཀརྡོ་གཉེར་ཕྱག་པ། says:
    2013-10-16 at 10:59 am

    སྔར་གྱི་དུས་སུ་རྒྱ་ནག་གོང་མ་ཡི། །
    སྐུ་ཚེ་ཡུ་བརྟན་ཞབས་བརྟན་བོད་པས་བསྒྲུབས། །
    ཕྱིས་ཀྱི་དུས་སུ་མ་འོ་དམར་པོ་ཡིས། །
    ཞབས་བརྟན་དཔེ་རྣམས་མེར་བསྲེགས་ཐལ་བར་བརླགས། །

    ད་ལྟའི་དུས་སུ་འཛམ་གླིང་ཞི་བདེའི་ཕྱིར། །
    འཚེ་མེད་ཞི་བའི་ལམ་ལུགས་བོད་པས་སྤེལ། །
    རྒྱལ་ཚོགས་ཨ་རི་ཡུ་རོབ་མིག་ཡོད་ཀྱང་། །
    རྒྱ་རིགས་དཔོན་ངན་ཚོས་ཀྱང་མི་མཐོང་ཅི། །

    སྔར་ཡོད་བོད་ཀྱི་གཏམ་དཔེ་ལ། །
    རྒྱ་རྣམས་དྭོགས་པས་ཤི་ཞེས་ལྟར། །
    གཞིས་བྱེས་བོད་མི་འཁྱོན་ཡོངས་ཀྱིས། །
    རང་བཙན་མ་རྩོད་དབུས་ལམ་རྒྱུགས། །

    བོད་རྣམས་རེ་བས་ཕོངས་ཟེར་ལྟར། །
    གཞན་ལ་རེ་བ་མ་བཅོལ་བར། །
    འགྱེལ་ས་རང་ནས་རང་འགུལ་གྱིས། །
    རང་ཐག་རང་བཅད་ལས་འགུལ་རྩོམས། །

  3. ཀརྡོ་གཉེར་ཕྱག་པ། says:
    2013-10-17 at 3:33 am

    སེམས་དཔའ་ཆེན་པོ་གན་དྷིས།
    དང་པོ་དགྲ་ཡིས་མེ་ཤེས་པར་བསྐྱུར་རྐྱང་བྱེད།
    གཉིས་པ་མ་བདེ་ནས་འཁྲལ་བགད་བྱེད།
    གསུམ་པ་འཛིངས་ཀར་འོངས།
    བཞི་པ་རང་ཉིད་ལ་རྒྱལ་ཁ་ཐོབ།

  4. ཀརྡོ་གཉེར་ཕྱག་པ། says:
    2013-10-17 at 3:36 am

    མེ་ཤེས་པར་་་་་ དེ་མི་ཤེས་པར་་་་་་་་ ལ་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme