Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ། རིགས་པ་འཚོལ་བ་རྣམས་ཀྱི་འདོད་འཇོ་ཅ་ནེ།

Posted on 2020-12-252020-12-25 By ཁ་བརྡ 2 Comments on རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ། རིགས་པ་འཚོལ་བ་རྣམས་ཀྱི་འདོད་འཇོ་ཅ་ནེ།

ཤེད་བུ།

ཁ་སང་རིན་པོ་ཆེའི་བོད་ཡིག་དྲ་བ་གསར་བ་བཀྲམས་ཤིང་བརྒྱུད་ལམ་ཚང་མར་དེ་ལུགས་ཀྱི་གནས་ཚུལ་སྒྲོག་གིན་འདུག འདི་ནི་བཀྲ་ཤིས་པའི་གཏམ་ཞིག་རེད། ཡུན་རིང་རེ་སྒུག་གི་གཏམ་ཞིག་ཀྱང་རེད། དོ་སྣང་མེད་པ་དག་གིས་དོ་སྣང་མི་བྱེད་ཀྱང་། དོ་སྣང་མཁན་ཞིག་གི་ངོས་ནས་དྲ་བ་འདིའི་མྱུར་ཚད་དང་བདེ་འཇགས་ཀྱི་ཆ་དེ་ངོས་ཟིན་ཐུབ་པར་མ་ཟད། དྲ་བ་འདི་ཅི་ཞིག་ཡིན་མིན་ལའང་ངེས་ཤེས་ཡོད་པ་ཡིན། སྤྱིར་ན་དྲ་བའི་དུས་རབས་སུ་དྲ་རྒྱ་ཞིག་གི་ལེགས་འགྲུབ་ལ་དེ་ཙམ་གླེང་རིན་མེད་ཀྱང་། དྲ་བ་འདི་ནི་བོད་དང་ཞི་བདེའི་མཚོན་རྟགས་སུ་གྱུར་པའི་རིན་པོ་ཆེའི་གསུང་གི་སྡིངས་ཆ་རེད། བཙན་བྱོལ་བ་ཚོའི་ཆེས་ཆེ་བའི་འགན་འཁྲི་གཅིག་ནི་རིན་པོ་ཆེའི་གསུང་ལ་བདག་པོ་ཐུབ་རྒྱུ་དེ་ཡིན་པས། འདིའི་སྐོར་ལ་རང་ནུས་ཅི་ལྕོགས་ཀྱིས་ལན་མང་སྨྲ་ལྕེ་འགུལ་མྱོང་ཞིང་། དེང་སྐབས་ངོས་ཟིན་ཐོབ་ཡོད་པའི་སྣང་ཚུལ་ཡང་གང་སར་མཐོང་རྒྱུ་འདུག ལྷག་པར་དྲ་བ་འདི་ནི། དུས་རབས་དང་མཐུན་པར་རིན་པོ་ཆེའི་གསུང་རིན་པོ་ཆེ། དབྱངས་གསལ་སོ་བཞིའི་སྨྲ་ལྕེ་རུ་དྲངས་བའི་སྡིངས་ཆ་ལེགས་ཤོས་ཤིག་རེད་ཅེས་སྨྲ་བར་འདོད།

དྲ་བའི་རིག་གནས་ཀྱི་ངོས་ནས་གླེང་ན་དྲ་རྒྱ་ནི་དྲ་བའི་སྲོག་ཤིང་དང་། བོད་ཀྱི་རིག་གནས་ཀྱི་ངོས་ནས་གླེང་ན། རིན་པོ་ཆེའི་གསུང་ནི་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་རེད། ཀུན་མཁྱེན་ཙོང་ཁ་པས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཅེེས་བསྐལ་བའི་མཐའ་ལ་ཐུག་ཀྱང་མི་འཇིག་པའི་སྡོམ་ཆེན་པོ་ཞིག་གནང་བ་ལྟར། རིན་པོ་ཆེའི་མཛད་པ་ཀུན་གྱི་མཆོག་ཀྱང་གསུང་གི་མཛད་པ་ཡིན་ལ། གསུང་གི་མཛད་པ་ལས་ཀྱང་དབྱངས་གསལ་སོ་བཞིའི་སྨྲ་ལྕེ་རུ་དྲངས་པའི་གསུང་ནི་གསུང་གི་མཆོག་ཡིན། སྐད་ཆ་འདི་ལྟར་སྨྲས་ན་རྟུལ་བོ་རྣམས་ནི་ཁོང་དགོད་འཆོར་ཡང་དོན་ལ་དེ་ལྟར་ཡིན་ཏེ། རྒྱ་ཡིག་དང་ཧྥ་ཡིག་སོགས་སྐད་རིགས་གཞན་ནང་ཡོད་པའི་ཁོང་གི་གསུང་ལས། དབྱིན་སྐད་ལས་གནང་བ་རེ་ཟུང་མ་གཏོགས། གཞན་དག་ཚང་མ་ཡིག་ཆ་གཉིས་པའམ་བུ་ཡིག་ཏུ་གྱུར་ཡོད་ལ། བོད་ཡིག་དྲ་ངོས་ཀྱི་གསུང་ཚང་མ་མ་ཡིག་གམ་ཡིག་ཆའི་ཨ་མ་ཤ་སྟག་ཡིན། ཞིབ་འཇུག་ལ་ཕྱོགས་མྱོང་བའི་མི་ཞིག་ཡིན་ན་བུ་ཡིག་དང་མ་ཡིག་གི་ཁྱད་པར་དང་རིན་ཐང་ངོས་འཛིན་ནུས་པས་རྒྱས་པར་མི་སྤྲོ།

བོད་ལ་མཚོན་ནའང་། དེང་སྐབས་ཞིབ་འཇུག་གི་ཚོགས་པ་དང་དུས་དེབ་མོད་པ་སོགས་ལྟོས་བཅས་ཀྱིས་བཤད་ན། ཞིབ་འཇུག་གི་རིགས་ལམ་དར་ཆེ་བའི་དུས་སྐབས་ཤིག་རེད། ཚིག་ཙམ་བསྒྲིགས་ཤེས་པའི་བྱིས་པ་ཚོ་ལའང་གཞན་དང་གཞན་གྱིས་ཞིབ་འཇུག་གི་དེབ་རྒན་བྲིས་ཡོད་པས། འཛམ་གླིང་གི་ཆེས་ཆེ་བའི་མི་བོ། བོད་ཀྱི་བཀའ་བསྟན་དུམ་ཆེན་སུམ་བརྒྱ་ཐམ་པ་དགེ་སློང་འདུལ་བ་འཛིན་པའི་རྣམ་ཅན་དུ་འཁྲུངས་པའི་ཁོང་དང་ཁོང་གི་གསུང་གི་ཆ་ཤས་རེར་ཡང་། ཞིབ་འཇུག་པ་ས་ཡི་རྡུལ་གྱིས་མི་ལང་བའི་ཚུལ་དུ་ཡོང་ངེས་ཤིང་། དེ་དག་གི་ཞིབ་འཇུག་གི་ཡིག་ཆའི་ཨ་མ་ནི། དབྱངས་གསལ་སོ་བཞི་མགྲིན་པ་རུ་འཁྱིལ་བའི་ཁོང་གི་གསུང་དག་ལས། སྐད་རིགས་གཞན་དག་ནང་གི་གསུང་འགྱུར་དག་མིན། ཁོང་གི་གསུང་གི་ཆ་ཤས་ཙམ་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱེད་ན་བོད་སྐད་དང་བོད་ཡིག་ཤེས་རྒྱུ་མ་མཐའི་ཆ་རྐྱེན་དང་། བོད་ཡིག་ལས་ཀྱང་རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ་མ་བཀླགས་པར་རྒྱལ་བ་རིན་པོ་ཆེ་རྙེད་མི་ཐུབ་པ་ཡིན།

ལྷག་པར་དྲ་བ་འདི་རུ་གསུང་འབུམ་སྡེ་ཚན་དང་མཛད་རྣམ་སྡེ་ཚན་སོགས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ཕལ་ཆེ་རིན་མེད་དུ་མཇལ་ཐུབ་པར་བྱས་ཡོད་པས། རྒྱལ་བ་རིན་པོ་ཆེ་ཞིབ་འཇུག་གི་རྒྱུ་ཚོགས་གྲངས་ཚང་ལྟ་བུའི་དྲ་བ་འདི་ནི། རིགས་པ་འཚོལ་བ་རྣམས་ཀྱི་འདོད་འཇོ་ཅ་ནེ་ཞིག་རེད་ཅེས་སྐད་གསེང་གིས་སྒྲོག་པར་འདོད། ཡིན་ནའང་། བོད་ཡིག་ནང་རིན་པོ་ཆེ་དང་འབྲེལ་ཡོད་ཀྱི་དེབ་ཉིས་བརྒྱ་ལྷག་འགྲེམས་སྤེལ་བྱས་ཡོད་པ་ལས། དེབ་༨༣ ལས་ད་དུང་དྲ་ངོས་སུ་བཞག་མེད་པ་དང་། དེའི་ནང་ནས་ཀྱང་དེབ་༣༦ ལ་ས་མིག་ཡོད་པ་ལས་ད་ལྟ་ཕབ་ལེན་བྱེད་ཐུབ་ཀྱི་མི་འདུག  རིམ་གྱིས་ཆ་ཚང་བར་འཇོག་ཐུབ་པའི་སྨོན་འདུན་ཞུ། ལྷག་པར་གསུང་འབུམ་སྡེ་ཚན་དང་ལོ་དེབ་གཉིས་ཀའི་གཅིག་ཀྱང་ད་ལྟ་དྲ་ངོས་སུ་བཞག་མི་འདུག་པས། དེ་གཉིས་ཀྱང་དྲ་ངོས་སུ་འཇོག་རྒྱུ་གལ་ཆེན་རེད།

སྤྱིར་ན་དེབ་རིན་མེད་ཀྱིས་དྲ་ལམ་ནས་འགྲེམས་སྤེལ་བྱེད་པ་ནི། དེབ་ཀྱི་བདག་དབང་རྡོག་རོལ་དང་། རིན་ཐང་རྩིས་མེད་བྱས་པ་ཞིག་ཡིན་མོད། “དགོས་པའི་དབང་གིས་རྟག་ཞི་བ་ལ་ཕྱག་འཚལ་ལོ་”ཞེས་པ་ལྟར། ཁོང་གི་ཀུན་ཁྱབ་ཐུགས་བསྐྱེད་དང་ཐུགས་ཀྱི་རེ་བ་ནི། བདག་དབང་གི་ངོ་སོ་རྩིས་ཆེན་དང་དཔལ་འབྱོར་འཚོལ་སྡུད་མིན་པར། ཡིག་རྡོག་གཅིག་རེ་ཡིན་ཡང་ཀློག་མཁན་རེ་དང་། ཀློག་ནས་བསམ་མཁན་རེ། བསམ་ཞིང་སྒོམ་ནས་ལག་ལེན་ལ་བསྟར་མཁན་རེ་ཡོང་རྒྱུ་དེ་ཡིན། ལྷག་པར་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་ཁོང་གི་གསུང་ལ་སྐོམ་པ་ཆུ་འདོད་དུ་བསྒུག་ཡོད་ལ། ཁོང་གིས་ཀྱང་ཁོང་གི་གསུང་གཞིས་བཞུགས་སྤུན་ཟླ་ཚོར་འཕྲོད་པར་ཐུགས་རེ་བཅངས་ཡོད་པས། ད་ལྟའི་དུས་སྐབས་སུ་བཙན་བྱོལ་པ་ཚོས་ཁ་བོད་ལ་འཁོར་ནས་སྤྱང་རྟུག་འཕེན་རྒྱུ་དེ་མིན་པར་རིན་པོ་ཆེའི་གསུང་ཁྱབ་ཆེན་པོས་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་མྱུར་ལམ་གལ་ཆེན་པོ་ཞིག་རེད་འདོད།

ཀུན་མཁྱེན་ཙོང་ཁ་བས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། ཞེས་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པས། བྱང་གྲོལ་རྒྱུ་འབྲས་ཤིན་ཏུ་ལྐོག་གྱུར་དང་། །ཚད་མའི་བཅད་དོན་ཚད་མས་འགོག་པ་དང་། །དངོས་སྟོབས་ཡུལ་ལ་ལུང་གི་གནོད་སྒྲུབ་གསུམ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་གསུམ་ཡིན། །ཞེས་གསུངས་པ་ལྟར། དངོས་སྟོབས་ཀྱི་ཡུལ་ལ་ལུང་གི་གནོད་སྒྲུབ་མི་བྱེད་པ་ནི་བོད་ཀྱི་རིགས་པ་སྨྲ་བ་སྤྱིིའི་གཞུང་ལམ་དུ་ངེས་མོད། དེང་སྐབས་མཐོང་བ་མངོན་གྱུར་ལའང་ལུང་ཚོགས་སྤུངས་ནས་གླེང་ཞིང་། ལྷག་པར་དབྱིན་ཡིག་གི་གོ་བརྡ་འཕྲོད་ཙམ་འགས་གྷོ་གྷལ་ལ་སྐྱབས་བཅོལ་ཞིང་ཞིབ་འཇུག་ལ་ཁ་གཡར་ཏེ། ལུང་ཉོག་ཕྱོགས་བསྒྲིགས་ཀྱི་གད་སྙིགས་རི་ལྟར་སྤུངས་པའི་སྣང་ཚུལ་འདིས་གང་ཞིག་མོག་པོར་དང་ཅི་ཞིག་ཉོག་པོར་བྱེད་མིན་ཆ་མ་འཚལ་ཡང་། རྒྱལ་བའི་མཛད་པ་ཀུན་གྱི་ཕུལ་དང་རབ་དང་། གྱ་ནོམ་པ། བླ་ན་མ་མཆིས་པ། གོང་ན་མ་མཆིས་པ། རྩོད་པའི་གཞིའི་གནས་སུ་མ་གྱུར་པའི་གསུང་གི་སྡིངས་ཆ། མྱུར་ཚད་ཆེ་བ། གྲལ་དག་པ། དྲ་ཇག་གི་འཇབ་རྒོལ་གྱིས་གླགས་མི་རྙེད་པའི་ཉེན་སྲུང་རང་འགྲིག་གི་དྲ་བ་འདི་ནི། བླུན་པོ་ལུང་གི་རྗེས་འབྲངས་ཀྱི་གཏམ་བཤད་དང་རྩོམ་ཉོག་གི་གྲངས་ཀ་དང་བརྒྱ་ཆ་འཕར་ནས། དཔྱོད་ལྡན་རིགས་པ་སྨྲ་བའི་གཏམ་དང་ལེགས་བཤད་ལ་སྣང་ཆུང་དང་ཁྲེལ་དགོད་བྱེད་པའི་སྲོད་ལུགས་ཀྱང་ཁ་ལོ་བསྒྱུར་བར་ཕན་སྲིད་ལ། གངས་རིའི་དཀྱིལ་འཁོར་གྱི་ངའི་བརྩེ་བའི་སྤུན་ཟླ་དག་གྲོག་མ་སྔོན་པོའི་གནམ་ས་དང་རྒྱ་མཚོ་ཆེན་པོའི་རླབས་ཀྱིས་རྡེག་ཅིང་གོ་རར་བཅུག་པའི་སྐབས་སུའང་སྤོབས་པ་དང་ཤེས་རབ་ཀྱི་རྒྱགས་ཕྱེ་རུ་སྨིན་པར་འདོད།

ཨ་རིའི་ཕོ་བྲང་དཀར་པོའི་དྲ་བ་ལས་ཀྱང་བོད་ཀྱི་དགའ་ལྡན་ཕོ་བྲང་གི་དྲ་བ་དག་ལ་དྲ་ཇག་གི་འཇབ་རྒོལ་ངར་བོ་ཡོད་པ་ནི། དགོས་པ་རྒྱུ་མཚན་འདི་དག་འུ་ཚོས་མ་མཐོང་བའི་སྔ་རོལ་དུ་ཨ་ཞང་གིས་མཐོང་ནས་དམིགས་འོག་ཏུ་བཅུག་པས་ཡིན་ལ། གཉིས་ནས་དྲ་བའི་ཉེན་སྲུང་གི་ལག་རྩལ་ལའང་འབྲེལ་ཡོད་དེ། རིན་པོ་ཆེའི་བོད་ཡིག་དྲ་བ་སྔ་མ་རྣམས་དྲ་ཡི་བཟང་ངན་དང་འབྲེལ་བ་མེད་པར་འཆར་དཀའ་ཞིང་། གསུང་ཆོས་ཐད་གཏོང་དང་བོད་ཀྱི་དུས་ཆེན་ཁག་གི་སྐབས་སུ་དྲ་ཇག་གི་འཇབ་རྒོལ་ཐེབས་སྔ་ཤོས་ཀྱི་གྲས་ཡིན། ད་རེའི་དྲ་བ་འདི་ཉེན་སྲུང་ནུས་ལྡན་གྱི་བོད་ཡིག་དྲ་བ་ཐོག་མ་རུ་བཞེངས་བསྐྲུན་ཐུབ་པ་ནི། བོད་ཀྱི་སྐད་ཡིག་གི་ངོས་ནས་གླེང་ཡང་ལེགས་འགྲུབ་ཆེན་པོ་ཞིག་དང་། ཁོང་གི་ཞལ་མཇལ་གསུང་ཐོས་ལ་རེ་བའི་གཞིས་བཞུགས་རྒྱ་ཆེ་མི་མང་གིས་རྒྱལ་བའི་གསུང་གི་བདུད་རྩིར་རོལ་བ་ལ་ཅུང་སྟབས་བདེ་བསྐྲུན་འདུག

རིན་པོ་ཆེའི་བོད་ཡིག་དྲ་བ་ཀློག་པ་པོ་མང་ཆེ་བ་གཞིས་ཀྱི་སྤུན་ཟླ་ཚོ་ཡིན། བཙན་བྱོལ་པ་ཚོ་ནི་རྒྱལ་བ་རིན་པོ་ཆེ་ངོམ་པ་དང་རང་འདོད་ཀྱི་སྒྲུབ་བྱེད། གཞན་འཇོམས་ཀྱི་ལག་ཆ་རུ་བེད་སྤྱོད་པ་ལས། “ལྷ་སའི་རྒན་མོས། ལྷ་སའི་ཇོ་བོའི་ཞལ་མི་མཐོང་” ཞེས་པ་ལྟར་ཁོང་གི་གསུང་ལ་དོ་སྣང་མི་བྱེད། རིན་པོ་ཆེའི་བཀའ་ཆོས་ཐད་གཏོང་རེ་ལ་མཆན་རེ་བཀོད་ནའང་། ” chub su  Che ” ཞེས་པ་ལྟ་བུའི་ཡ་མ་བརླ་ཡི་སྣང་ཚུལ་གྱི་ཡིག་ཉོག་གིས་བཀངས་ཤིང་རྫོབ་པར་བྱེད་པས་ཞེ་མེར་བ་དང་ཡིད་མུག་པ་ཞིག་ཡིན་མོད། འགའ་རེས་གང་ནུས་ཅི་ལྕོགས་ཀྱིས་བརྒྱུད་ལམ་ཡོད་ཚད་ནས་ཁོང་གི་གསུང་གཞིས་སུ་མཁོ་སྤྲོད་ལ་འབད་པ་ནི་བྱ་བ་ཡག་པོ་ཞིག་རེད་སྙམ། སྒྲ་རྐྱང་དང་ཡིག་རྐྱང་། སྐུ་པར་རྐྱང་བ། དྲ་ངོས་ཐད་ཀར་བསྐུར་བ་གང་ཡང་གཞིས་སུ་ལྟ་ཀློག་མི་ཐུབ་པས། དྲ་ངོས་ཀྱི་ཆ་འཕྲིན་གང་ཡིན་ཡང་ཐད་ཀར་གློག་རྡུལ་གྱི་ངོ་བོར་བཟོས་ནས་བསྐུར་ན་སྐུར་བདེ་ཞིང་གཞིས་ནས་ཀྱང་ལྟ་ཀློག་ཐུབ་པས། དེ་ལ་ཐུགས་གཞིགས་གནང་དགོས་པ་ཞིག་རེད། དྲ་ངོས་གློག་རྡུལ་དུ་བཟོ་དུས་ཀྱང་PDF རྐྱང་བ་བཟོས་ན་དྲ་ངོས་སུ་གང་ཡོད་པ་ཚང་མ་དང་། Options ནང་སོང་ནས་Reader PDF བཟོས་ན། ཡིག་རྐྱང་ལས་གློག་རྡུལ་དུ་མི་བཟོ་བས་བརྒྱུད་སྐུར་སྐབས་འདི་དག་ལ་ཐུགས་སྣང་དགོས་གལ་ཆེན་པོ་རེད། དྲ་བ་འདི་ལ་དེ་དག་གི་ཆ་རྐྱེན་འཛོམས་པོ་དང་། གཞིས་ནས་ཀྱང་དྲ་གྱང་གཏོར་བའི་ལྡེ་མིག་བཀོལ་ཏེ། www.gyalwarinpoche.com དྲ་བ་འདི་སྔོག་ན། རིན་པོ་ཆེའི་མཛད་པའི་མཆོག་གསུང་གི་མཛད་པ་ཆ་ཚང་དང་། ཉིན་རེ་བཞིན་གྱི་ཁོང་གི་མཛད་འཕྲིན་བཅས་ཞིབ་མཇལ་ཐུབ་པས། འདི་ལས་གཞན་གྱི་འགྲམ་ཆུ་ལྡང་ས་དང་རེ་བ་བྱེད་ས་ཞིག་ཨེ་ཡོད་སྙམ།

ངས་འདི་ལྟར་གླེང་ནས་རྩོམ་མཇུག་བསྡུ་དུས། གྲོགས་པོ་ཁོང་དྲན་སོང་། ཁོང་ནི་སྙན་ངག་པ་རས་པ་ལགས་ཡིན་ལ། རིན་པོ་ཆེའི་བོད་ཡིག་དྲ་བ་དང་རིན་པོ་ཆེའི་ལོ་དེབ་གཉིས་ཀྱི་རྩོམ་སྒྲིག་པ་འཇིགས་མེད་ཚེ་རིང་ཞེས་པ་དེ་རེད། ཁོང་གིས་ཡིད་གཞུངས་བློ་དྲང་དང་། རྣམ་རིག་བསྟུན་བསྐྱེད་ཀྱིས་རྣམ་པར་དཀར་བ། འདི་ཕྱི་གཉིས་ལྡན་དང་། ཕུགས་རྒྱང་ཟུང་ལྡན་གྱི་ལས་སུ་ནུས་པ་རྩལ་སྤྲུགས་ཀྱིས་འཇུག་པ་མཐོང་ཐེངས་རེར། ངས་ཡི་རངས་དང་སྐུལ་ལྕག་ཅི་ནུས་ཞུས་པ་ཡིན་ལ། སྐབས་འདིར་ཡང་གྲོགས་མཆོག་གང་ལ་བཀའ་དྲིན་དང་སྐུལ་ལྕག་མཉམ་དུ་ཞུ་བར་འདོད།

 

སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༠ ཉིན།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་གི་འོས་མི་མདོར་གླེང་།
Next Post: པད་མ་ཚེ་བརྟན་གྱི་གློག་བརྙན་གྲགས་ཅན་དབུགས་ལྒང་།

Comments (2) on “རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ། རིགས་པ་འཚོལ་བ་རྣམས་ཀྱི་འདོད་འཇོ་ཅ་ནེ།”

  1. བོད་ཡིག་སྐྱབས། says:
    2020-12-25 at 8:12 am

    དེ་སྔ་ཡིན་ན་དེ་ཙམ་འདོད་པ་གང་གི་མེད། ད་ལྟ་ལེགས་བཅོས་ཁ་སྣོན་གང་མང་གནང་འདུག མུ་མཐུད་དེ་འཐུས་ཚང་སྤུས་དག་ཅིག་ཡོང་ཐུབ་པའི་རེ་བ་ཡོད།

  2. བྱང་ཆུབ་ལོ་མ། says:
    2020-12-25 at 2:52 pm

    བོད་ཡིག་དྲ་ཚིགས་ཡར་རྒྱས་བཏང་བར་བཀའ་དྲིན་ཆེ་ཞུ། མུ་མཐུད་ནས་ཡར་རྒྱས་ཡོང་བར་སྨོན། འབྲེལ་ཡོད་རྩོམ་སྒྲིག་པ་དང་བཅས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme