Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ཚང་འདུག

Posted on 2013-06-232013-06-23 By ཁ་བརྡ་ 12 Comments on རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ཚང་འདུག

ལོག་སྨྲ་ཚར་གཅོད།

༧གོང་ས་རྒྱལ་དབང་རང་ཉིད་ཀྱིས་གཉིས་སྨན་དབུ་མའི་ལམ་ནས་རང་བཙན་གྱི་ལྟ་བ་བོར་ཏེ་བོད་འདི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཆོལ་གསུམ་གཅིག་གྱུར་གྱིས་ཚད་མཐོའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་རེའི་དགོས་འདུན་བཏོན་པ་དང་གཅིག
དེ་ལ་རྒྱལ་སྤྱི་རྒྱལ་ནང་གཉིས་ཀར་བསམ་བློ་བ་དང་ཆབ་སྲིད་པ་མང་པོས་རྒྱབ་སྐྱོར་གྱིས་བོད་དོན་ཐད་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དབར་གྲོས་མོལ་གང་མགྱོགས་བྱེད་དགོས་ཅེས་རྒྱ་ནག་གི་མགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་བཞིན་པ་དང་གཉིས།
བོད་ནང་ནས་བོད་མི་བརྒྱ་ཆ་དགུ་བཅུ་ཙམ་གྱིས་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུར་ངང་སྒུག་དང་རྒྱ་གཞུང་ལ་ངོ་རྒོལ་བསྟུན་མར་བྱས་དང་བྱེད་བཞིན་ཡིན་པ་མ་ཟད། ལྷག་པར་དུ་དེའི་ཆེད་རང་ལུས་མེར་སྲེག་གནང་ཟིན་པའང་བོད་མི་བརྒྱ་དང་བཅུ་དགུར་སླེབས་ཟིན་པ་དང་གསུམ།
རྒྱ་ནག་སྐམ་ས་ཆེན་པོའི་ནང་པའི་མི་མང་འབོར་ཆེན་ཞིག་གིས་༧གོང་ས་མཆོག་ལ་གུས་བཀུར་དང་ཆོས་ཕྱོགས་ཀྱི་འབྲེལ་ལམ་གང་མགྱོགས་འཛུགས་འདོད་ཡོད་པ་དང་བཞི།
གུང་ཁྲན་པ་ཚོས་ཆོས་མི་བྱེད་པས་དེའི་ཚབ་ཏུ་བློ་གཏོད་བཅོལ་ས་ནི་དངོས་གཙོ་ཚན་རིག་འདི་ཉིད་ཡིན་ཙང་༧གོང་ས་མཆོག་ནས་ནུབ་ཕྱོགས་མགོ་སེར་ཚན་རིག་པ་མང་པོ་དང་མཉམ་དུ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཐེངས་མང་གནང་བར་བརྟེན། རྒྱ་ནག་གི་ཚན་རིག་པ་ཚོས་ཀྱང་བགྲོ་གླེང་དེ་འདྲ་ཞིག་ཧོང་ཀོང་དང་རིམ་བཞིན་སྐམ་ས་ཆེན་པོར་འཚོགས་རྒྱུར་ངར་ཆ་ཞིག་བསླངས་ནས་ངང་སྒུག་བྱེད་བཞིན་པ་དང་ལྔ།

གནད་དོན་ལྔ་པོ་དེ་ཡིས་ཐོག་ནས་༧གོང་ས་མཆོག་བོད་དང་རྒྱ་ནག་ཏུ་ཕེབས་ཐུབ་རྒྱུའི་ཆ་རྐྱེན་རྣམས་ཡོངས་སུ་ཚང་ཡོང་གི་ཡོད། འོན་ཀྱང་བོད་ཀྱི་རྩ་དོན་ངོ་མ་ནི་ཆབ་སྲིད་ཀྱི་ཐོག་ནས་བོད་ཁམས་སྣོད་བཅུད་གཉིས་ཀྱི་བདག་དབང་བོད་པ་རང་ཉིད་ལ་ཡོད་མེད་ཅིག་ལ་ཐུག་ཡོད་སྟབས་མི་སྣ་གལ་ཆེན་ཞིག་བོད་ནང་སླེབས་ཐུབ་མིན་གྱིས་བོད་ཀྱི་རྩ་དོན་ལ་ཁྱད་པར་གང་ཡང་བཟོ་མི་སྲིད་པས་༧གོང་ས་མཆོག་བོད་ལ་ཕེབས་པའི་ཉིན་མོ་ནས་བཟུང་བོད་ཀྱི་ཆོས་དད་པ་ཚོར་ཆོས་ཕྱོགས་ཀྱི་འདོད་བློ་སྐོང་ཐུབ་ཙམ་ཡོང་ངེས་ཀྱང་བོད་ཀྱི་ཆབ་སྲིད་པ་ཚོར་དེས་འདོད་བློ་རྩ་ནས་སྐོང་མི་ཐུབ། ཅིའི་ཕྱིར་ཞེ་ན། དེས་བོད་ཀྱི་ཆབ་སྲིད་རྩ་དོན་ཐད་དཀའ་ངལ་གང་ཡང་སེལ་མི་ཐུབ་པ་མ་ཟད་ད་དུང་རང་གི་རྩ་དོན་ལ་མགོ་རྙོག་ཚ་རུ་དང་གྱོང་ཁ་དང་ཕམ་ཁ་ཆེ་རུ་འགྲོ་བ་ངེས་པ་ཡིན།
དེར་བརྟེན་ཆོས་ཕྱོགས་ཙམ་མིན་པར་བོད་ཀྱི་ཆབ་སྲིད་རྩ་དོན་ལ་དགོངས་པ་ཆེར་བཞེས་གནང་མཁན་ཞིག་ཡིན་ཕྱིན་རང་གི་རྩ་དོན་གྱི་ཆ་རྐྱེན་དོན་ཕན་ལྡན་པ་ཞིག་མ་བྱུང་བར་༧གོང་ས་མཆོག་བོད་དང་རྒྱ་ནག་ཏུ་གདན་འདྲེན་ཞུ་རྒྱུར་བྲེལ་འཚབ་བྱེད་མི་རུང་།

སྣ་ཚོགས།

Post navigation

Previous Post: ༧རྒྱལ་བའི་དབང་པོ་ཀརྨ་པ་མཆོག་ལ་བོད་ཀྱི་འབྱུང་འགྱུར་བདེ་སྡུག་གཟིགས་པར་བསྐུལ་བ་བུ་ཆུང་སྙིང་གི་གདུང་སེམས་ཞེས་བྱ་བ་བཞུགས་སོ།།
Next Post: རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ།

Comments (12) on “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ཚང་འདུག”

  1. ཅོག་མྱི། says:
    2013-06-23 at 1:51 pm

    ཨ་རོགས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་ཆ་རྐྱེན་ལྔ་ཡིས་ག་ལ་ཚད། ཆ་རྐྱེན་བརྒྱ་སྟོང་དུ་མ་ཡོད་པ་རེད། གུང་ཁྲན་ཏང་ཁ་ལ་ཉན་ན་ཨ་ཕའི་རོ་བསྡུ་ས་མི་རྙེད་ཟེར་བ་དེ་མ་ཤེས་སམ།

  2. བན་དེ་བ། says:
    2013-06-23 at 2:04 pm

    རྒྱ་ནག་སྐམ་སས་གཙོས་པའི་འཛམ་གླིང་གི་མི་རྣམས་ནང་པར་གྱུར་ན་་་་བོད་རང་བཙན་ཟེར་བ་དང་་་་ཆེས་མཐོའི་བོད་རང་སྐྱོངས་ཟེར་བ་སོགས་མེད་ནའང་འགྲིག་འདུག མི་རྣམས་ནང་པར་འགྱུར་ན་་་བོད་སྣོད་བཅུད་སུ་ལ་དབང་ནའང་འགྲིག་འདུག

  3. དབྱངས་ཅན་འབངས། says:
    2013-06-23 at 2:13 pm

    ༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཕེབས་ཐུབ་པ་དེས་བོད་ཀྱི་རྩ་དོན་རྩོད་པའི་གཞི་ཚུགས་ཐུབ་པ་རེད། དེ་བཞིན་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་ན་བོད་ཀྱི་རྩ་དོན་ཐོག་འགྱུར་བ་ཆེན་པོ་མ་ཐེབས་ཐབས་མེད་རེད། ཁྱེད་དང་ང་འདྲ་པོའམ་ཡང་ན་བླ་མ་ག་གེ་མོ་དང་དཔོན་པོ་ཆེ་གེ་མོ་བོད་ལ་ཕྱིན་པ་དང་འདྲ་གི་མ་རེད་གོ

  4. རིག་པའི་རྡོ་རྗེ། says:
    2013-06-23 at 2:25 pm

    རྒྱ་ནག་གིས་བཙུགས་པའི་རྒྱ་རྙིར་ང་ཚོ་འཛུལ་རྒྱུ་ཡིན་ནམ།

    འདས་པའི་བདུན་ཕྲག་ཁ་ཤས་ནང་རྒྱ་ནག་སྲིད་གཞུང་གིས། དམིགས་ཡུལ་ངེས་ཅན་གྱི་སྒོ་ནས་རྒྱ་རྙི་ཐེངས་གཉིས་བཙུགས་ཏེ། ཁ་མིག་བསྒྲད་ནས་དམིགས་འབེན་ལ་ལྐོག་ལྟ་བྱེད་བཞིན་ཡོད། རྒྱ་རྙི་དང་པོ་ཧོང་ཀོང་དུ་བཙུགས་པ་ལམ་སློང་མ་བྱུང་བ་ཤེས་རྗེས། ཐེངས་གཉིས་པ་དེ་བོད་ནང་དུ་བཙུགས་པ་རེད།
    དོན་ངོ་མར་རྒྱ་ནག་གིས་རྒྱ་རྙི་དེ་དག་སུ་ལ་བཙུགས་པ་རེད་དམ་ཞེས་དྲི་བ་འདི་རང་བཞིན་གྱིས་ཐོན་སྲིད། ངས་བཅོ་ལྔ་པ་རེད་ཅེས་གཏོང་འཇུག་མེད་པར་ཐད་ཀར་ལན་འདེབས་བྱེད་ཐུབ། རྒྱ་ནག་གིས་རྒྱ་རྙི་དེ་དག་བཙུགས་དོན་མདོར་བསྡུས་ན་རྒྱུ་མཚན་ཆེན་པོ་གཉིས་ཀྱི་ནང་དུ་བསྡུ་ཐུབ།
    གཅིག ཐོག་མཐའ་ཀུན་ཏུ་བོད་ཀྱི་གནད་དོན་གྱི་སྒོ་འབྱེད་ལྡེ་མིག་༧གོང་ས་ཏཱ་ལའི་བླ་མ་ཁོ་ན་ཡིན་པ་དང་། དེ་ཡང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་གསུང་བཤད་གནད་འགག་ཅན་ཚིག་གཅིག་གིས་ཐག་གཅོད་བྱེད་ཐུབ་པ་ཤེས་ཀྱིན་ཡོད།
    གཉིས། གལ་ཏེ་རྒྱ་རྙི་དེ་དག་གིས་དམིགས་འབེན་དེ་ཉིད་འཛིན་མ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ལས་སླ་བོའི་ཐོག་ནས་ཐག་གཅོད་མི་ཐུབ་པ། འདས་པའི་ཉམས་མྱོང་དང་། པཎ་ཆེན་ཡང་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱིས་སློབ་གསོ་ཐེབས་ཡོད། དེར་བརྟེན་རྒྱ་རྙི་དེ་དག་གིས་བོད་ཀྱི་འདས་མ་ད་གསུམ་ཐག་གཅོད་བྱེད་འདོད་པ་དེ་རེད།

    དེས་ན་ང་ཚོས་མིག་དང་རྣ་བ་ལག་པས་བཀབ་སྟེ། རྒྱ་ནག་གིས་བཙུགས་པའི་རྒྱ་རྙི་དེ་དག་གི་ནང་དུ་གསོན་པོར་འཛུལ་རྒྱུ་ཡིན་ནམ།

  5. བློ་ཚེ། says:
    2013-06-24 at 12:40 am

    གལ་སྲིད་༧རྒྱལ་བ་རིན་པོ་བོད་ལ་ཕེབ་ནས་རྒྱ་བོད་བར་གཟང་ཕྱོགས་ཞིག་སོང་བའི་ཉིན་ནི་གཟུང་གཞིས་གཞུགས་བོད་མིས་གཙོས་བྱས་པའི་བོད་མི་རྒྱ་ཆ་དགུ་ཅུ་ལ་བདེ་བ་དང་དུས་གཟང་ཞིག་ཤར་ཡ་ཡོད། ཡིན་ནམ་ཡང་བོད་མི་མི་ཉུང་བ་ཞིགལ་་གྱོང་གུས་ཆེན་པོ་ཞིག་ཐེབ་གིས་ཡོད། དེ་ཚོ་སུ་རེད་ཞུས་ན་ཐེང་དང་པོ་ཤུག་ལྡན་ཚོག་པ་རེད་ཁོང་ཚོ་ལ་རྒྱ་ནག་གི་སྒོ་མོ་མི་ཐོབ་རྒྱབ་སྐྱོར་མི་ཐོབ། གཉིས་པ་ཕྱི་ལོག་བོད་མི་མང་པོ་ཞིག་གི་ལྟོ་གོས་བོད་ནང་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པའི་གྲུབ་འབྲས་ལ་བསྟན་ནས་སྡོད་ཡོད་དེ་ཚོ་ལ་གྱོང་ཕོག་སྲིད། ཡིན་ནམ་ང་ཚོད་བོད་མི་མང་ཕྱོགས་ཀྱིས་ཁེ་ཕན་ལ་བསམས་ཞིབས་དགོས་རེད་མ་གཏོག་ད་ལྟ་རང་ངོས་ཀྱི་ཁེ་ཕན་ཅིག་པོའི་་ཐོག་སྐད་ཆ་བཤད་མཁས་ཚོས་་་་་་ལས་རྒྱུ་འབྲས་ལ་བསམས་ཞིབས་མེད་པ་རེད།

  6. སྒྲོལ་མ་མེ་ཏོག says:
    2013-06-24 at 1:00 am

    བོད་ནི་བོད་མི་རིགས་ཀྱི་ཡིན་ལ། ༸རྒྱལ་བ་རིན་པོ་ཆེ་ནི་བོད་པ་ཙམ་མ་ཟད་བོད་མི་རིགས་ཀྱི་དབུ་ཁྲིད་ཡིན་པས། ༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པར་ཆ་རྐྱེན་དགོས་ཡས་གང་ཡང་མེད།

    ང་ཚོས་རྩོད་བཞིན་པ་ནི་བོད་ཀྱི་བདེན་མཐའ་ཡིན་པ་ལས། ༸རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་གང་ཡང་མིན་པས། རྒྱ་མིའི་བཤད་སྟངས་ལྟར་བཤད་མ་ཡོང་རོགས།

    སྐབས་རེ་ང་རང་ཚོའི་དཔྱད་བརྗོད་པ་ཚོས་སྐད་ཆ་བཤད་མི་དགོས་པ་དེ་འདྲ་མཁས་མདོག་སྟོན་ནས་བཤད་ཀྱི་འདུག་པས། འདི་ཚོས་སྲིད་དོན་ཚན་རིག་ཟེར་བ་ཞིག་མི་ཤེས་ཁོ་ཐག་རེད་འདུག་ཨང་སྙམ་པ་ལན་དུ་མར་དྲན། །

  7. ཀརྡོ་གཉེར་ཕྱག་པ་ says:
    2013-06-24 at 2:53 am

    ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ད་ལྟ་ཚང་ཡོད་མེད་མི་ཤེས་ཀྱང་། གོ་སྐབས་མུ་འཐུད་ནས་དམ་འཛིན་གྱིས། རེ་བ་དང་འཆར་གཞི། འབྲེལ་ལམ་དང་ཡིད་ཆེས། ཕྱི་གསལ་དང་ནང་གསལ་བཟོ་དགོས་པ་ནི། ༸སྐུ་ཕྱྭའི་དོགས་གནད་ལ་ཐུག་ཡོད་པ་ནི། ཀུན་གྱིས་མཐོང་ཐུབ་ཅིག་རེད་དོ།།

  8. སྤོབས་པ་མཐའ་ཡས། says:
    2013-06-24 at 3:07 am

    དེ་རེད། ངས་སྔོན་མ་ནས་ལབ་བཞིན་ཡོད། འདི་ནས་བོད་མི་མང་པོ་ཞིག་གིས་བོད་རང་བཙན་ཟེར་ནས་འཁྲེགས་པོར་སྡོད་ཐུབ་པ་ཡིན་ན་རྒྱ་མི་ལྷོད་མ་སོང་ན་ཡང་དམ་རུ་འགྲོ་གི་མ་རེད། འཁྲེགས་འཛིན་བྱས་ནས་ཁོ་ཚོར་ཕན་ཐོགས་མེད་པ་རེད། རྒྱལ་བ་རིན་པོ་ཆེ་ལ་སྐུར་འདེབས་བྱ་རྒྱུ་ཉུང་དུ་འགྲོ་གི་རེད། མགོ་འབུལ་ལུས་འབུལ་བྱེད་མདོག་བྱས་བསྡད་ན་རྒྱ་མི་ཧམ་ཤེད་འཕར་བ་མ་གཏོགས་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་བོད་ཟེར་ན་རྒྱ་ཡུལ་ཟེར་ན་དེ་ལ་ཕར་ལོག་མི་ཐུབ་པར་ལུས་ཡོད་པ་མ་རེད། སྔོན་མ་ཡིན་ན་ལོག་སྟངས་ལ་ཆ་རྐྱེན་ཞིག་དགོས་ཟེར་གི་ཡོད་པ་རེད། དེང་སང་མི་ཤེས། རྒྱལ་བ་རིན་པོ་ཆེའི་བཀའ་མོལ་ལ་འགྱུར་་ཆེན་པོ་འགྲོ་གི་འདུག

  9. རང་དབང་ཨ་རྡུ་མན། says:
    2013-06-24 at 4:54 am

    གོང་ས་མཆོག་བོད་ལ་་ཕེབས་ན་ཤུགས་ལྡན་ཚོགས་པས་གྱོང་གུད་རག་གི་ཟེར་ནས་ཧམ་བཤད་དེ་དེང་སང་འགྲོ་ས་མེད་པ་མ་ཟད་སྐད་ཆ་དེ་འདྲའི་རིགས་དེ་བཤད་ཡག་མང་དྲག་པའི་རྐྱེན་གྱིས་ད་ལྟའི་དུས་ལ་བོད་ཟེར་ཡག་དེ་འཇུ་ས་བསྟན་ས་མེད་པ་ཆགས་པ་རེད། ད་དུང་ཡིན་ནའང་དེ་འདྲ་ལབ་ནས་སྡད་ན་ལས་རྒྱུ་འབྲས་མགྱོགས་པོ་འཁོར་ཡོང་། གོ་དྲུག་ནས་བཟུང་ད་བར་གོང་ས་མཆོག་དང་ཟམ་གདོང་བླ་མ་གཙོས་པའི་བོད་གཞུང་མ་ལག་དང་བཅས་པས་ཤུགས་ལྡན་ཚོགས་པར་བརྙས་བཅོས་དང་མཐོང་ཆུང་ཁྱད་གསོད་རྐྱང་བྱས་པའི་ཉེར་ལེན་ལ་བརྟེན་ནས་་་་འཛམ་གླིང་འདི་ནང་དེ་སྔར་བྱུང་མ་མྱོང་བའི་ཆེས་ཐབས་སྡུག་དང་མ་རབས་ཐ་ཤལ་གྱི་བྱ་བ་ངན་པ་་་་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་དབར་འགལ་ཟླ་བྱུང་བ་འདི་ནི་མི་རབས་མང་པོར་ལྷག་སྡད་ཡག་གི་འགལ་ཟླ་ཆེས་པོ་ཞིག་བཟོས་ཡོད་པ་ནི་མིག་ལྡན་གྱི་སྐྱེ་བོ་ཞིག་ཡིན་ཕྱིན་ཆད་འགྲེལ་བརྗོད་གནང་མི་དགོས་པར་ཤེས་རྟོགས་ཐོག །ད་དུང་ཡང་དེ་ལས་སྡུག་པའི་ལས་ངན་འཚབ་ཆེན་གཞོན་ནུ་དང་མི་དམངས་དབར་འགལ་ཟླ་བཟོ་བཞིན་ཡོད་་་་་དེ་ཚོ་ཚང་མ་སྒྲིག་འཛུག་ནས་བསམ་བཞིན་དུ་བཟོས་པ་ཤ་སྟགས་རེད། སོང་ཙང་གངས་ཅན་པའི་ཕོ་རྒོད་ཤིག་ཡིན་ན་སྐད་ཆ་དེ་འདྲའི་བཤད་ཡག་གི་དུས་སྐབས་རྩ་བ་ནས་མ་རེད། ང་ཚོར་དགོས་པ་ནི་སྤུ་ཟླ་དབར་གྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་ཡ་དེ་རེད། དེ་མིན་བོད་རིགས་ནང་ཁུལ་དུ་མཐུན་སྒྲིལ་གཏན་ནས་མེད་པ་ཞིག་ལ་རྒྱ་བོད་དབར་མཐུན་སྐོར་བཤད་སྡོད་པ་ཡིན་ན་ཕན་ཐོག་གང་ཡང་ཡོ་མ་རེད། སོང་ཙང་རྣམ་པ་ཚོ་སུ་ཡིན་རུང་བཀའ་མོལ་གནང་དུས་ཡིད་གཟབ་གནང་རོགས་གནང་།

  10. ལུང་རྟོགས། says:
    2013-06-24 at 6:17 am

    དོལ་འདྲེ་ཨ་རྡུ་མན། བོད་མི་ནང་ཁུལ་མཐུན་སྒྲིལ་གཏོར་མཁན་དོལ་ཚོགས་རེད། དོལ་རྒྱལ་བ་ཚོས་གདུག་འདྲེ་དང་བླ་མ་གཉིས་ནས་གདུག་འདྲེ་གདམ་པས་མ་ཟད་གདུག་འདྲེའི་དོན་དུ་མི་གསོད་ཁྲག་སྦྱོར་བྱེད་པ་དེ་མི་དྲན་ནམ། ད་དུང་ཧམ་པ་ཆེ་མདོག་ལ། ཉེས་པ་ཡོད་ཚད་གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ལ་གཡོག་ཁུལ་བྱེད།

  11. བློ་ཚེ། says:
    2013-06-24 at 9:08 am

    བོད་ནང་ན་བོད་རིགས་མང་ཤོས་ཀྱིས་བྱ་ཁུ་བྱུག་གི་གནམ་ཆུ་རྒུགས་པ་ནང་བཞིན་༧་རྒྱལ་བ་རིན་པོ་མ་མཇལ་ན་ཤི་ན་ཡང་མིག་བཙུམ་མ་ཐུབ་ནས་གནས་ཡོད་གལ་སྲིད་ཁོང་ཞིང་ཁམས་གཞན་ལ་མ་ཕེབ་གོང་དུ་བོད་ལ་ཕེབ་ཐུབ་ན་ང་ཚའི་ངོས་ནས་གསར་འགྱུར་དེ་བའི་སྙན་ཙམ་མི་ཚེ་འདི་ལ་གོ་ཡ་མེད། ཡིན་ན་ཡང་བོད་ནང་ནས་དོལ་རྒྱ་མཆོད་མཁན་དེ་ཚོ་གཟུག་པོ་ལ་འདར་སིག་རྒྱག་གིས་ཡོད་རྒྱུ་རེད།

  12. རང་དབང་ says:
    2013-06-25 at 6:26 pm

    ༦-༢༢-༢༠༡༣ ལོའི སྔོ་དྲོ་ཕྱག་ཚོད་དགུ་པའི་ཐོབ་དོལ་ཚོ་བ་བདེ་ཆེན་སྤྲུལ་སྐུ་ཟེར་བ་ཁོང་ལ་བོད་ནས་ཕེབས་པའི་རང་ལྗོངས་ལྗོངས་དཔོན་པོ་པད་མ་འཕྲིན་ལས་ཟེར་བ་ཁོང་གི་དགའ་བསུ་ཞུ་འདུག་་་་་་་་་རྒྱའི་རྒྱུགས་ཁྱི་ཡིན་པ་གསལ་པོ་རེད་་་་་བོད་རིགས་སྤུན་ཟླའི་སྐུ་ཚབས་འབྱོར་བ་བཤད་ཡོད་ཀྱང་་་་་་་་ཁྱི་རྒན་ཁོ་ལྟ་བུ་ལ་དགའ་བསུ་ཞུ་བ་ནོར་བ་ཆེན་པོ་རེད་་་་་་བོད་མི་ཚོ་ཐུགས་བསམ་ཡག་པོ་བཞེགས་རོགས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme