Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེ་དང་བོད་དོན།

Posted on 2008-10-282008-10-28 By དགེ་རབ་ 3 Comments on རྒྱལ་བ་རིན་པོ་ཆེ་དང་བོད་དོན།

ཁོང་དགུང་ལོ་བཅུ་དྲུག་གི་སྟེང་ནས་ “བོད་ཀྱི་བསྟན་པ་ཆབ་སྲིད་”དམ་ ཡང་ན་ “བོད་ཀྱི་རྩ་དོན་”འདི་ཕྲག་པར་བཞེས་ནས་ད་བར་མི་ལོ་དྲུག་ཅུར་ཉེ་བ་ཕྱིན་ཡོད། བོད་མི་ཚོས་ཁོང་གི་བཀའ་སྲུང་ཅི་སྒྲུབ་ཅེས་བརྗོད་མོད། སྐབས་མང་པོར་ཐུགས་ཕམ་ཡོང་བ་དང་ཐུགས་དགོངས་ཚོམ་པ་བཟོས་ཡོད། ཡིན་ན་ཡང་། ཁོང་གིས་ཉིན་ནས་ཉིན་སྦྲེལ། ཟླ་ནས་ཟླ་སྦྲེལ། ལོ་ནས་ལོ་སྦྲེལ་ཏེ་ “བོད་”དང་ “བོད་མི་”འདིའི་གཟུགས་པོ། སེམས། རིག་གཞུང་། ཆོས་གང་ཡིན་ཡང་ད་དུང་ཉམས་མེད་པ་ཞིག་བཟོས་ཡོད། འདི་ནི་ཁོང་གི་གཟི་བརྗིད་རེད། འདི་ནི་ཁོང་གིས་གངས་ཅན་ཡུལ་ལ་བཞག་པའི་མཛད་རྗེས་རེད། ད་ནི་ང་ཚོ་བོད་མི་རིགས་འདི་ལ་མཚོན་ན། ཁོང་གིས་གནང་བ་དང་གནང་ཕྱོགས་དག་འགྲིག་སོང་དང་འགྲིག་མ་སོང་ཞེས་བརྗོད་འོས་པའི་གནས་ལུགས་ཤིག་མེད་ལ། བརྗོད་འོས་པའི་བཟང་སྤྱོད་ཅིག་མེད། ང་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་ ལུས་ངག་ཡིད་གསུམ་ལག་མཐིལ་དུ་བཞག་ནས་ཕྱག་འཚལ་ཏེ། “སྐྱབས་མགོན་ཆེན་པོ་ཐུགས་རྗེ་ཆེ། ད་ནི་སྐུ་ངལ་གསོ་རོགས་གནང་།”ཞེས་ཞུ་འོས། བོད་མི་རིགས་འདི་མི་ཞིག་ཡིན་ཚེ། བཟང་སྤྱོད་ཀྱི་ཆ་ནས་དེ་ལྟར་ཞུ་འོས།
དེ་ནས་བོད་དོན་གྱི་སྐོར་རེད། ཅི་ཞིག་བཤད་རུང་། ཅི་ཞིག་བྱས་རུང་ “བོད་མི་”ཞེས་པའི་ཚིག་འདིའི་ཁོངས་ན་ཡོད་པའི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མ་འདི་ལ་རང་དབང་ཡོད་པ་ཞིག་བཟོ་དགོས་པ་རེད། འདི་འཇིག་རྟེན་འདི་ནས་མ་ཡལ་བ་ཞིག་བཟོ་དགོས་པ་རེད། འདི་དུས་རབས་ཉེར་གཅིག་པའི་ནང་དུ་གྲ་མ་ཆག་གྲུ་མ་ཉམས་པར་གནས་པ་ཞིག་བཟོ་དགོས་པ་རེད། ད་ནི་ཚོགས་ཆེན་འཚོགས་ཀྱང་རུང་། མ་འཚོགས་ཀྱང་རུང་། བོད་མི་མི་རེ་ངོ་རེའི་ངོས་ནས། “སྐྱབས་མགོན་ཆེན་པོ་ཐུགས་ལྷོད་ལྷོད་བཞུགས་ཆོག ང་ཚོས་ང་ཚོའི་ལས་དོན་འདི་བྱེད་ཀྱི་ཡིན། ང་ཚོས་ང་ཚོའི་ལུང་པ་འདི་ལ་བཅིངས་འགྲོལ་གཏོང་གི་ཡིན།” ཞེས་དམ་བཅའ་ཞིག་འབུལ་རན་པ་རེད། ང་ཚོ་ལ་ལམ་ཁ་ཆེན་པོ་མང་པོ་བཤད་རྒྱུ་ཡོད། ད་ནི་ལམ་ཁ་ཆེན་པོ་དེ་ཚོ་བཞག་ནས་ལམ་ཁ་ཆུང་ཆུང་ནས་མགོ་འཛུགས་དགོས་པ་རེད། སོ་སོ་རང་ཉིད་ནས་མགོ་འཛུགས་དགོས་པ་རེད། སྐད། གོམས་གཤིས། རིག་གནས། ལོ་རྒྱུས། ས་ཞིང་། རྩྭ་ས། གྲོགས་པོ་སོགས་ནས་མགོ་བཙུགས་ཏེ་བོད་འདི་མ་ཉམས་པ་ཞིག་བྱེད་དགོས་པ་རེད། དེ་ནས་རེ་བ་ཞིག་འཇོག་དགོས་པ་རེད། དམིགས་ཡུལ་གཅིག་ལ་རེ་བ་རྒྱག་དགོས་པ་རེད། རེ་བ་རྒྱག་ས་ཞིག་ཡོད་ན་སེམས་ཤུགས་སླེབས་ས་ཞིག་ཡོད་པ་རེད། སེམས་ཤུགས་སླེབས་ས་ཞིག་ཡོད་ན་ལས་འགུལ་ཞིག་ལངས་གི་རེད། ལས་འགུལ་ཞིག་ཡོད་ན་དམིགས་ཡུལ་ལ་ཐག་ཉེ་རུ་འགྲོ་གི་རེད། རེ་བ་དེ་ནི་མཐའ་མ་ལ་ང་ཚོས་བོད་འདི་བཅིངས་འགྲོལ་གཏོང་རྒྱུ་དེ་རེད།

རྩོམ་རིག

Post navigation

Previous Post: ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
Next Post: ༢༠༠༨ བོད་མི་མང་ཛ་དྲག་ཚོགས་འདུར་རེ་བ།

Comments (3) on “རྒྱལ་བ་རིན་པོ་ཆེ་དང་བོད་དོན།”

  1. བོད་ཀྱི་བུ། says:
    2008-10-29 at 1:40 am

    ཁྱེད་རང་གིས་བཤད་པའི་ལམ་ཁ་ཆེན་པོ་དེ་དག་གང་ཡིན་ནམ། དེ་ནས་ང་ཚོས་འགོ་འཛུགས་བྱེད་སའི་ལམ་ཁ་ཆུང་བ་དེ་གང་ཡིན་ནམ། ཁྱེད་ཀྱིས་དམིགས་ཡུལ་ཞིག་འཛིན་དགོས་པ་རེད་ཟེར་བ་ལས་དམིགས་ཡུལ་འདི་འཛིན་དགོས་ཟེར་ནས་དམིགས་ཡུལ་ངོས་འཛིན་མི་བྱེད་དོན་གང་ཡིན། ངའི་རེ་བ་ལ་ཁྱེད་ཀྱིས་དམིགས་ཡུལ་དེ་ངོས་འཛིན་བྱས་ཏེ། དམིགས་ཡུལ་དེའི་ངོ་བོ་དང་རྒྱབ་ལྗོངས། དགོས་ཕན་སོགས་གསལ་བོར་བཤད་ན་ཁྱེད་ཀྱི་ཁ་བརྡར་དོན་སྙིང་ལྡན་པར་འདོད།

  2. ÇtôzÅ-q- says:
    2008-10-29 at 4:18 am

    དགེ་རབ་ཀྱི་རྩོམ་འདི་ལ་ངས་མོས་མཐུན་བྱེད་དགོས་ས་གཅིག་དང་དོགས་འདྲ་བྱེད་དགོས་ས་གཅིག་འདུག བོད་མི་རེ་རེའི་ངོས་ནས་ལས་འགུལ་གང་ཞིག་སྤེལ་ཐུབ་ཀྱིན་འདུག་བསམ་བློ་གཏོང་རྒྱུ་དང་ལམ་སྟོན་བྱ་དགོས་པ་དེ་བཞིན་རང་རང་གི་ས་ནས་མགོ་བཙུགས་ཏེ་ལས་ཀ་བྱེད་དགོས་ཞེས་པ་དེ་ཧ་ཅང་བདེན་པ་རེད། ཡིན་ན་རྒྱལ་བ་རིན་པོ་ཆེ་སྐུ་ངལ་གསོ་རོགས་ཞེས་ཞུ་དགོས་རེད་ཅེས་པ་དེ་མདོར་བསྡུས་ན་དགོང་པ་ཞུ་རོགས་ཞེས་པའི་དོན་རེད་དམ། ངས་བསམ་ན་རྒྱལ་བ་རིན་པོ་ཇི་སྲིད་རྒྱལ་བ་རིན་པོ་ཆེ་ཡིན་པ་དེ་སྲིད་དུ་རྒྱལ་བ་རིན་པོ་ཆེས་བོད་དོན་བསྒྲུབ་དགོས་ཀྱི་རེད་བསམ་གྱིན་འདུག ང་ཚོ་བོད་མི་རེ་ཡིན་པའི་ཆ་ནས་བོད་དོན་བསྒྲུབ་པའི་འགན་རེ་རེ་ཡོད་པ་བཞིན་རྒྱལ་བ་རིན་པོ་ཆེ་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་ཞིག་ཡོད་ཡོད་པ་རེད། དེ་བཞིན་རྒྱལ་བ་རིན་པོ་ཆེ་ལ་ལྷན་སྐྱེས་ཀྱི་ལས་འགན་ཞིག་ཀྱང་ཡོད་པ་མ་རེད་དམ། ནལ་སོན་མན་དྲ་ན་དགུང་ལོ་བརྒྱ་ལ་སོན་པའི་འཁྲུངས་སྐར་དུས་ཆེན་ད་ལོར་བསྲུངས་རྩི་བྱས་སོང་ང་། ཡིན་ན་ཡང་ཁོང་གིས་ད་དུང་ལྷོ་ཨ་ཧྥི་རི་ཁའི་ཆེད་དུ་ཕྱག་ལས་གནང་གི་འདུག་ག མདོར་ན་བོད་མི་ཆེ་ཆེ་ཆུང་ཆུང་སུ་ཡིན་ཡང་ལྷོད་ལྷོད་དུ་མ་འདུག་རོགས་ཞེས་ཞུ་དགོས་ངེས་རེད། དབུ་ཁྲིད་མཁན་གྱི་རྒྱལ་བ་རིན་པོ་ཆེས་དགོང་པ་ཞུས་པ་ཡིན་ན་དེ་ནས་རིམ་པ་བཞིན་ཚང་མས་དགོང་པ་ཞུས་ནས་བོད་དོན་འཐབ་རྩོད་བྱེད་མཁན་གཅིག་ཀྱང་ལུས་རྒྱུ་མ་རེད།

  3. ཀླུ་སྨྱོན། says:
    2008-10-29 at 10:00 pm

    གོང་ས་མཆོག་གིས་སྐུ་ནའི་བབ་ཀྱིས་བོད་དོན་ཕྱག་ལས་གནང་མ་ཐུབ་པའི་ཉིན་མོ་དེ་ནི་བོད་མི་དམངས་ཀྱི་དུས་རབས་འདིའི་ནང་གི་ཉི་མ་ནག་པོ་དེ་རེད། ཉི་མ་ནག་པོ་དེ་འདྲ་ཞིག་ཉི་མ་ནམ་ཞིག་ཤར་རྒྱུ་ལྡོག་ཏུ་མེད་ན་ཡང་། ངས་ཉི་མ་ནག་པོ་དེ་རུས་སྦལ་གྱི་འགྲོས་ལས་ཀྱང་དལ་བ་དང་དཔག་ཚད་བྱེ་བ་ཐེར་འབུམ་གྱི་ཕ་རོལ་ན་ཡོད་པའི་གསོལ་བ་སྨོན་ལམ་འདེབ་ཀྱིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme