Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་ཡབ་སྲས་ཀྱི་ཆེད་རང་སྲོག་དོར་དགོས་བྱུང་ཡང་བློ་འགྱོད་མེད།

Posted on 2017-10-04 By ཁ་བརྡ 1 Comment on རྒྱལ་བ་ཡབ་སྲས་ཀྱི་ཆེད་རང་སྲོག་དོར་དགོས་བྱུང་ཡང་བློ་འགྱོད་མེད།

ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།
 
བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དགའ་ལྡན་བག་གྲོ་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་ཉེ་ཆར་ཕྱི་ཟླ་དགུ་པའི་ཟླ་དཀྱིལ་ཙམ་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་ནང་མི་མང་དང་སློབ་ཕྲུག་གྲ་བཙུན་རྣམས་ལ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་ཡང་སྲིད་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་གོ་རྟོག་སྤེལ་བའི་གཏམ་བཤད་གནང་ཡོད་པ་དང་ཁ་ས་ཕྱི་ཟླ་བཅུ་པའི་ཕྱི ཚེས་༢ ཉིན་གདན་ས་བཀྲིས་ལྷུན་པོར་གཏམ་བཤད་གནང་ཏེ་མཇུག་སྒྲིལ་གནང་ཡོད་པ་དང་སྐབས་དེར་བཀྲིས་ལྷུན་པོའི་དགོན་པའི་ངོས་ནས་ཁོང་ལ་ཆེ་བསྟོད་གཟེངས་རྟགས་དང་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་བྲིས་ཤིག་ཀྱང་གནང་སོང་ལ། དེ་བཞིན་དུ་རྣམ་གྲོལ་གླིང་དགོན་པས་ཀྱང་ཁོང་ལ་དྲན་རྟེན་གཟེངས་བསྟོད་ཤིག་གནང་འདུག

ཁོང་གི་གཏམ་བཤད་བརྗོད་གཞི་ནང་རྒྱལ་བ་རིན་པོ་ཆེ་དང་པན་ཆེན་རིན་པོ་ཆེའི་དབར་ཡང་སྲིད་ངོས་འཛིན་བྱེད་རེས་ཀྱིས་མཚཽན་པའི་གྱི་འབྲེལ་བའི་སྐོར་དང་་པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བོད་རྒྱལལ་ཁབ་མི་རིགས་རིག་གཞུང་སྐད་ཡིག་བཅས་ཀྱི་ཆེད་སྐུ་ངལ་ཇི་ལྟར་སྐྱོན་ཚུལ་དང་མཐར་ཁོང་གི་སྐུ་སྲོག་ཡན་ཆད་རྒྱ་ནག་གི་ལག་ཏུ་ཤོར་བའི་གནད་དོན་དང་དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་ལྷག་པར་དུ་ཁོང་རང་ཉིད་ཀྱང་དེ་སྔོན་ཞི་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད་མཐར་སྲོག་ཁྲིམས་བཅད་ཀྱང་༸ ཀུན་གཟིགས་༸ པན་ཆེན་བཅུ་པ་ཆེན་པོ་མཆོག་གིས་བཀའ་དྲིན་ལ་རྟེན་ནས་རང་སྲོག་ཐར་བ་སོགས་ངོ་སྤྲོད་གནང་བ་མ་ཟད་ད་དུང་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་རྒྱ་གཞུང་གིས་པན་ཆེན་ཡང་སྲིད་རྫུན་མ་ངོས་འཛིན་བྱས་་ཤིང་གོང་ས་སྐྱབས་མགོན་ཐམས་བཅད་མཁྱེན་པ་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བྱས་ཏེ་ད་བར་གནས་སྟངས་ཇི་བྱུང་གསལ་ཁ་མེད་པ་བཅས་ཀྱི་་གནས་སྟངས་སྐོར་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱང་གནང་སོང་།

སྐུ་ཞབས་བག་གྲོ་ལགས་སུ་ཐེངས་འདིར་ཁོང་བོད་མིའི་གཞིས་ཆགས་ཁག་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་སྐོར་ལ་གོ་རྟོག་སྤེལ་བའི་གཏམ་བཤད་གནང་དགོས་དོན་གྱི་དམིགས་ཡུལ་སྐོར་ལ་བཅར་དྲི་ཞུ་སྐབས་དེ་ནི་སྔ་ལོ་ཕྱི་ཟླ་བཞི་པ་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ལྔ་བཅུ་ཙམ་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་བོད་དོན་སྐོར་ཞུ་གཏུགས་བྱས་ཤིང་སྐབས་དེར་ཕྱི་རྒྱལ་མི་རིགས་དང་རྒྱ་གར་མི་མང་ནང་པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་མཐོང་རྗེས་བློ་ཕམ་ཆེན་པོ་བྱུང་དེར་རྟེན་རྗེས་སུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུང་བཅས་ལ་གནད་དེ་སྙན་གསན་ཞུས་པ་དང་སྦྲགས་ད་རེས་བོད་མིའི་ས་གནས་ཁག་ནང་༸པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་སྤེལ་བ་བརྒྱུད་རིམ་པ་རྒྱ་གར་མང་ཚོགས་དང་ཕྱི་རྒྱལ་མི་རིགས་ལ་གསལ་བཤད་ཡོང་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་ངོ་སྤྲོད་གནང་སོང་ལ་དེ་ལྟར་ཁོང་གིས་གཏམ་བཤད་སྐབས་བོད་མི་ཚོར་དེ་ལྟར་རེ་སྐུལ་ཡང་གནང་གི་འདུག

སྐུ་ཞབས་བག་གྲོ་ལགས་ཀྱིས་གཞིས་ཆགས་མང་ཚོགས་དང་སློབ་ཕྲུག་བཅས་ནང་པནཆེན་རིན་པོ་ཆེའི་སྐོར་ལ་གསུང་བཤད་གནང་སྐབས་མི་ཚོགས་ཧ་ཅང་ཆེ་བ་མ་ཟད་ཚང་མས་དོ་སྣང་ཆེན་པོས་ཉན་གྱི་འདུག་ལ་ཚང་མ་་སེམས་འགུལ་ཆེན་པོ་ཐེབས་ཏེ་མིག་ཆུ་གཏོང་མཁན་ཡང་མི་ཉུང་བ་ཞིག་འདུག སྐུ་ཞབས་བག་གྲོ་ལགས་ཀྱིས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་བྱས་ན་ཐེངས་འདིར་ལྷོ་ཕྱོགས་གཞིས་ཆགས་ཁག་ནང་པན་ཆེན་རིན་པོ་ཆེའི་སྐོར་ལ་ངོ་སྤྲོད་གཏམ་བཤད་གནང་པ་ནི་་ད་རེས་ཐེངས་དང་པོ་ཆགས་ཡོད་པ་དང་ལྷོ་ཕྱོགས་ཁུལ་ལ་མ་ཕེབས་སྔོན་བཞུགས་སྒར་རྡ་ས་གངས་སྐྱིད་བོད་ཁྱིམ་སློབ་གྲ་ནས་དབུ་འཛུགས་ཀྱིས་བྱང་ཕྱོགས་ས་ཁུལ་གྱི་བོད་མིའི་འདུས་སྡོད་ས་གནས་ཁག་༣༠་ལྷག་ནང་ལ་སྐོར་སྐྱོད་གཏམ་བཤད་གནང་ཏེ་ད་བར་དུས་ཡུན་ཟླ་བ་གཉིས་ལ་ཉེ་བ་འགྲོ་བཞིན་ཡོོད་པ་རེད་འདུག་་་་མུ་་མཐུད་ལྷོ་ཕྱོགས་ཧུན་སུར་རབས་རྒྱས་གླིང་དང་ཀོ་ལི་གྷལ་མོན་གྷོ་འདོད་རྒུ་གླིང་བཅས་ལྷོ་ཕྱོགས་གཞིས་ཆགས་གཞན་ཁག་ནང་ཕྱོགས་བསྐྱོད་ཀྱིས་གཏམ་བཤད་གནང་རྒྱུ་མ་ཟད་དེ་རྗེས་ལ་དགས་ཁུལ་བོོད་མིའི་གཞིས་ཆགས་ནང་གཏམ་བཤད་གནང་རྒྱུ་རེད་འདུག

གསར་འགྱུར།

Post navigation

Previous Post: དེང་གི་ཨ་ཅ་ཚོ་ལ་བསྲིངས་བའི་སེམས་ཀྱི་གསང་བ།
Next Post: རྒྱུན་ཤེས་ཀྱི་སྐོར་ལ་རྩོད་པ་བྱ་རྒྱུ་དེ་བླུན་རྩེད་ཅིག་ཏུ་མཐོང་།

Comment (1) on “རྒྱལ་བ་ཡབ་སྲས་ཀྱི་ཆེད་རང་སྲོག་དོར་དགོས་བྱུང་ཡང་བློ་འགྱོད་མེད།”

  1. ཀརྡོ་རབ་འབྱམས་པ་ says:
    2017-10-22 at 9:24 am

    ༸པཎ་ཆེན་རིན་པོ་ཆེ་མཆོག་གིས།
    https://www.facebook.com/utsangcholkha/posts/1862590737318801?pnref=story

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme