Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།

Posted on 2018-07-052018-07-05 By tenzin 6 Comments on རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།

https://www.youtube.com/watch?v=SjB4iJ9zELI

བསྟན་འཛིན།

གཞས་འདི་ག་དུས་ཉན་ཡང་ཁོང་གི་བཞིན་རས་དྲན་བཞིན་འདུག ངས་གཞས་ཚིག་ནང་གི་ཆུང་འདྲིས་ཅེས་པའི་ཚིག་དེ་བླ་མར་ཁ་སྒྱུར་བྱས་མྱོང་། ང་ཚོས་ཕ་ཡུལ་བཞག ཕ་མ་བཞག རེ་བ་དང་དམིགས་ཡུལ་ཞིག་འཁྱེར་ནས་ཕྱི་ལ་ཡོང་བ་རེད། ཁོང་ཕར་ཕུད་པའི་ཚང་མ་ཆག་སྒོ་དང་འགྱོད་པ་ཁོ་ན་ཡིན། ཁོང་མཇལ་བ་དང་ཁོང་གི་གསུང་ཐོས་པ་འདིས་ཚང་མ་འགྲིགས་སོང་། འགྱོད་པ་མེད་ལ་དགའ་བ་ཁོ་ན་ལས་མེད། སྐྱེ་བ་ཇི་འདྲ་ཞིག་ལ། མི་རབས་ཇི་འདྲ་ཞིག་ལ། བོད་ཀྱི་ལོ་རྒྱུས་ཇི་འདྲ་ཞིག་གི་ནང་། མི་བཟང་ཁོང་ལྟ་བུ་མཉམ་དུ་བོད་པ་ཞིག་གི་སྐྱེ་བ་བླངས་ནས། དམིགས་ཡུལ་ཆེན་པོ་ཞིག བསམ་པར་མི་ཕོད། ཤོད་པར་མི་ཕོད་པའི་དམིགས་ཡུལ་ཆེན་པོ་ཞིག་ཡིད་ལ་བཅངས་ནས། ཉིན་ལྟར་རྨི་ལམ་ལྟ་བུའི་འཚོ་བ་ལ་རོལ་བ་འདི་བསོད་ནམས་མ་རེད་པས། དེ་མིན་བདག་ལྟ་བུའི་བླུན་པོ་ཞིག་ལ། རང་དབང་། འདྲ་མཉམ། ཆོལ་གསུམ་ཆིག་སྒྲིལ། ཆོས་ལུགས་རིས་མེད། འཛམ་གླིང་ཞི་བདེ། བདག་པས་གཞན་གཅེས་པ། བྱམས་པ། བརྩེ་བ། སྙིང་རྗེ། སྦྱིན་པ། གཞན་དོན། ངོ་མ་བཤད་མི་ཕོད། བསམ་མི་ཕོད་པའི་བསམ་བློ་འདི་འདྲ་རྣ་བར་ཐོས། ཀླད་པའི་ནང་ལ་བཙན་པོས་བཅུག ཁ་ནས་སྐྱོར་བའི་གོ་སྐབས་ཐོན། ཡིད་ལ་མྱོང་བའི་བསྐལ་བ་ཐོབ།  ངོ་མ་མི་ལུས་འདི་འདྲ་ཞིག་གི་ནང་ལ་བསྐྱལ་ཐུབ་པ་འདི་ཁྱེད་ཀྱི་བཀའ་དྲིན་ཁོ་ན་ཡིན། གཞན་འཛམ་གླིང་གི་ས་ཆ་ག་པར་ཕྱིན་ཡང་། ལྟོ་གོས་དང་གཏམ། འཐེན་འཁྱེར་དང་འཐབ་རྩོད་ཀྱིས་མི་ཚེ་འབུད་འགྲོ་བའི་སྐབས་འདིར། བླ་མ་བཟང་པོ་ཁྱེད་མཉམ་དུ་ཕུགས་བསམ་བཟང་པོ་འདི་འདྲ་ཞིག་དང་རེ་བ་བཟང་པོ་འདི་འདྲ་ཞིག་གིས་ཟིན་ནས། མི་ཚེ་སྐྱེལ་བ་ནི་ངོ་མ་འགྱོད་པ་ཡེ་ནས་མེད་པའི་མི་ཚེ་ཞིག་ཡིན། མདོར་ན། བདེ་སྐྱིད་ནི་སེམས་ཀྱི་ལོངས་སྤྱོད་ཡིན། ཁྱེད་མཉམ་དུ་སུ་ཞིག་གིས་ཀྱང་བསྐྲུན་མ་ཐུབ་པའི་སེམས་ཀྱི་བདེ་སྐྱིད་ཅིག་མྱོང་ཐུབ་བྱུང་། བཀའ་དྲིན་ཆེ་བདག་གི་དབུ་འཁྲིད། སྐུ་ངལ་བྱུང་སོང་ཨ་ཕ་ལགས། ད་དུང་བློ་ཁོག་ཆེན་པོས་རྨི་ལམ་འདི་འདྲ་ཅིག་གི་ནང་ལ་རྨི་ལམ་གྱི་ཕ་སར་ཁྱེད་མཉམ་དུ་ལོག་ཐུབ་པའི་སྨོན་ལམ་འདེབས། སྐུ་མཁྱེན། ཕར་ཙམ་གཞན་ལ་མ་ཕེབས་པར་བདག་ཅག་མཉམ་དུ་འཚོ་བར་ཞུ།

 

གླུ་གཞས།, སྣ་ཚོགས།

Post navigation

Previous Post: ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།
Next Post: མ་ཡུམ་དྲ་ཚིགས།

Comments (6) on “རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།”

  1. ལག་བརྡ། says:
    2018-07-06 at 1:42 am

    རྩོམ་འདི་ངོ་མ་སྙན་བྱུང་བས། བཀྲིན་ཆེ། རྒྱལ་བ་བསྟན་འཛིན་རྒྱལ་མཚན་སྐུ་ཚེ་བརྒྱ་དང་བཅུ་གསུམ་ངེས་པར་དུ་བཞུགས་སུ་གསོལ་བ་འདེབས་འདི་བཞིན་འགྲུབ་པར་ཤོག

  2. ཀརྡོ་གཉེར་ཕྱག་པ་ says:
    2018-07-06 at 3:04 am

    སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །
    ཡོན་ཏན་དམ་པ་ཀུན་བསགས་པ། །
    སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །
    རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །

    ཤར་ཕྱོགས་སྟག་ཚེར་གྲོང་གསེབ་ནང་། །
    ཤར་ཕྲུག་ལྷ་མོ་དོན་གྲུབ་༸ཁོང་། །
    དཔལ་ལྡན་ལྷ་མོས་ལུང་བསྟན་གྱིས། །
    བཅུ་གསུམ་པ་ཡི་ཡང་སྲིད་འཁྲུངས། །

    ལྟེ་ཁྲག་བོད་ནང་ཐོར་ན་ཡང་། །
    མཛད་རྗེས་རྒྱ་གར་ནང་ལ་མཛད། །
    ཛམ་གླིང་ཤར་ནུབ་ཀུན་ཕེབས་ནས། །
    ཞི་བདེའི་བདེ་སྐྱིད་ཀུན་ནས་བཀང་། །

  3. ཀརྡོ་གཉེར་ཕྱག་པ་ says:
    2018-07-06 at 3:10 am

    སངས་རྒྱས་ཀུན་གྱི་བརྩེ་གཟུགས། །
    བདག་གི་རྩ་བའི་བླ་མ། །
    སོ་ལྔར་འཁྲུངས་ནས་ད་ལོར། །
    གྱ་གསུམ་སོན་པར་དགའ་སྤོབས། །

    དགྲ་ཞུམ་གཉེན་དཔའ་སྐྱེ་བཞིན། །
    ད་དུང་བཅུ་ཁྲག་གསུམ་ལྷག། །
    བཞུགས་པའི་སྨོན་འདུན་དང་བཅས། །
    འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། །

  4. དགེ་འདུན་རྒྱ་མཚོ། says:
    2018-07-06 at 7:01 am

    གླུ་གཞས་དེའི་ནང་དོན་ཅི་ཡིན་མ་ཤེས་ཀྱང་ཁྱོད་ཀྱི་རྩོམ་ཡིག་འདི་བཀླགས་པས་དགའ་ཚོར་བྱུང་། བཀའ་དྲིན་ཆེ། མི་གསོན་པོ་ཞིག་གི་སྐད་ཆ་རེད་འདུག

  5. བསམ་ཤེས། says:
    2018-07-10 at 4:27 pm

    བསམ་བཞིན་བསམས་ན། ཁྱེད་ནི་འཇིག་རྟེན་ཀུན་གྱི་མིག་ཁོ་ན།
    ཉན་བཞིན་མཉན་ན། ཁྱེད་ནི་སངས་རྒྱས་ཀྱི་ཀུན་གྱི་ཚབ་ཁོ་ན།
    སྒོམ་བཞིན་བསྒོམས་ན། ཁྱེད་ནི་བདག་གི་མགོན་པོ་གཅིག་པུ་སྟེ།
    བཀའ་དྲིན་ཆེ་བུ་ལྷ་མོ་དོན་གྲུབ། བཀའ་དྲིན་ཆེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། བཀའ་དྲིན་ཆེ། བླ་མ་རྡོ་རྗེ་འཆང་། བཀའ་དྲིན་ཆེ། གངས་ཅན་པའི་མགོན་པོ།

  6. Abharu Jigwang says:
    2018-08-27 at 11:07 pm

    བཀའ་དྲིན་ཆེ་ང་ཡི་བླ་མ། ཐུགས་རྗེ་ཆེ་དྲིནཆེན་ཕ་མ།
    ཚེ་ཕྱི་མ་རྗེས་ས་ུའཛིན་གནང་རོགས།
    ནམ་ཡང་ཐུགས་ནས་མ་འདོར་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme