Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་པོ་མྱ་ངན་མེད་ཀྱི་སྐབས་ཙམ་མ་ཟད་རྒྱ་ནག་ཏུ་ཡང་གསང་སྔཊ་མ་དར་བའི་སྐོར།

Posted on 2013-04-262013-04-26 By ཁ་བརྡ་ 12 Comments on རྒྱལ་པོ་མྱ་ངན་མེད་ཀྱི་སྐབས་ཙམ་མ་ཟད་རྒྱ་ནག་ཏུ་ཡང་གསང་སྔཊ་མ་དར་བའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

རྨོརྻའི་༡རྒྱལ་པོ་མྱ་ངན་མེད་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་ཕོ་ཉ་བཀྱེ་སྐབས། རྒྱལ་བསྟན་དར་བའི་ཤར་ལྷོ་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཏུ་༼ཉན་ཐོས་༽སྡེ་པ་མ་གཏོགས། ཐེག་ཆེན་༼དར་ཁྱབ་དེ་ཙམ་༽མེད་པའི་རྒྱུ་མཚན་༼ཡང་ཡོད་དེ། སྤྱིར་དེ་བཞིན་གཤེགས་པ་ཞལ་བཞུགས་དུས་ནས་ཀྱང༌། ཐེག་ཆེན་ཉམས་སུ་ལེན་པ་པོ་རྣམས་རྣམ་པར་མི་མངོན་པའི་ཚུལ་དུ་བཞུགས་བཞིན་པའི་སྟེང༌། ལྷག་པར་རྒྱལ་པོ་དེ་ནི་སྒམ་ཚུགས་ཤིན་ཏུ་བརྟན་པར་བརྟེན། བཀའ་ཉེས་ཕོག་མི་སྲིད་པའི་ངེས་པའང་མེད་པའི་ཕྱིར་༽དང༌།
རྒྱ་ནག་གི་སློབ་དཔོན་ཐང་༼སྲན་གཙང་གིས་༽སྡེ་སྣོད་གསུམ་པ་སོགས་ཀྱིས་མདོ་སྐོར་མ་གཏོགས། གསང་སྔགས་ཁུར་མ་འོངས་པའི་རྒྱུ་མཚན་དང༌། ༼ཞེས་པའི་ལན་ནི། རྒྱ་ནག་གི་སློབ་དཔོན་གྱིས་འཁྱེར་མ་ཡོང་བ་ཙམ་གྱིས་རྒྱ་གར་དུ་མེད་པར་སྒྲུབ་མི་ནུས་པ་དང༌། ནཱ་ལེན་དྲ་ནས་དར་བའི་ཆོས་བརྒྱུད་གཅིག་མཚུངས་ཀྱི་ནང་ནས་ཚད་མའི་སྐོར་ལ། སློབ་དཔོན་ཕྱོགས་གླང་གིས་རིག་སྒོ་མ་གཏོགས་རྒྱ་ནག་ལ་བསྒྱུར་མེད་པའི་ཕྱིར་དང༌། ཡང་རྣམ་པ་གཅིག་ཏུ་ན་ཆོས་རྒྱལ་མྱང་མེད་ཀྱི་སྐབས་སུ་ཐེག་ཆེན་དར་བའི་སྒྲུབ་བྱེད་ཀྱང་ཡོད་དེ། ལམ་རིམ་ཆེན་མོ་མཆན་བཞི་སྒྲགས་ལས། དེ་ལ་དཔལ་ནཱ་ལེནྡྲ་འདི་སྔོན་ཤཱ་རིའི་བུའི་འཁྲུངས་སར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཐེག་ཆེན་གྱི་གླེགས་བམ་བཞུགས་པའི་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས། དེར་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ། ཐོ་བཙུན་སྐུ་མཆེད། ཀླུ་སྒྲུབ་སོགས་ཀྱིས་ཐེག་ཆེན་གྱི་ཆོས་འཆད་ཉན་གྱི་སྒོ་ཤིན་ཏུ་རྒྱས་པར་མཛད་པ་རྒྱས་གར་གྱི་དགེ་འདུན་གྱི་སྡེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་གསུང༌། ཞེས་སོ།།༽

བོད་དར་རྫོགས་ཆེན་གྱི་ཆོས་སྐོར་དུས་ཕྱིས་སུ་ཡང་རྒྱ་ནག་ན་མཇལ་རྒྱུ་མེད་པའི་རྒྱུ་མཚན་བཅས་ལ་ཐུགས་བསམ་དྲང་མོར་བཞེས་ན། གོ་བ་ནངས་ལངས་པ་ལྟུ་བུ་རེ་འཆར་རྒྱུ་ཡོད་མོད། ཕྱོགས་ལྷུང་གི་རེ་ལྡེ་ནག་པོས་མགོ་གཏུམས་མཇུག་གཏུམས་བྱས་པའི་མི་དག་ལ་ཅི་ཆ། ༼ཞེས་པ་དེ་ལའང་ལན་འདི་འདྲ་ཞིག་འདེབས་པར་བྱ་སྟེ། རྒྱ་ནག་ཏུ་མཇལ་རྒྱུ་མེད་པ་ཙམ་གྱིས་མེད་པར་ངེས་ན། རྒྱ་ཡིག་ཏུ་བཞུགས་པའི་བཀའ་བསྟན་དང༌། བོད་ཡིག་ཏུ་བཞུགས་པའི་བཀའ་བསྟན་གཉིས་ཀྱི་ནང་དུ་ཡོད་མེད་སྣ་ཚོགས་པ་ཞིག་ཡོད་པ་རྣམས་ཀྱང༌། དེའི་(རྒྱུ་མཚན་བཅས་ལ་ཐུགས་བསམ་དྲང་མོར་བཞེས་ན། གོ་བ་ནངས་ལངས་ལ་ཉི་མ་ཤར་བ་ལྟུ་བུ་རེ་འཆར་རྒྱུ་ཡོད་མོད། ཕྱོགས་ལྷུང་གི་རེ་ལྡེ་ནག་པོས་མགོ་གཏུམས་མཇུག་གཏུམས་བྱས་པའི་མི་དག་ལ་ཅི་ཆ།)༽
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། དབྱིན་ཡིག་གི་གུག་རྟགས་()འདིའི་ནང་བཀོད་པའི་ཡི་གེ་རྣམས་ནི། བསྒྲགས་རྩོམ་འདིའི་ཚིག་ཕྲེང་ལུང་འདྲེན་གྱི་ཚུལ་དུ་ཐད་ཀར་དྲངས་པ་ཞིག་ཡིན། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།

རྩོམ་རིག

Post navigation

Previous Post: རྟ་མགྲིན་ཚེ་བརྟན་གྱི་གླུ་གཞས་གསར་པ། ༼པན་ཆེན་ལགས༽
Next Post: ཞོགས་ལྗོངས་ལས་བཏུས་པའི་མེ་ཏོག་ཚོམ་བུ།

Comments (12) on “རྒྱལ་པོ་མྱ་ངན་མེད་ཀྱི་སྐབས་ཙམ་མ་ཟད་རྒྱ་ནག་ཏུ་ཡང་གསང་སྔཊ་མ་དར་བའི་སྐོར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-04-27 at 5:58 am

    བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། ་་་་་ ལྷའི་དབང་པོ་རྒྱ་བྱིན་གྱིས་་་་་ གཟུངས་དེ་གང་་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐྰ། ཨོམ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ་་་་་་་་་་་་་་་་

  2. བན་དེ་བ། says:
    2013-04-27 at 6:50 am

    རྒན་ཀ་རྡོ་ལགས་ཤུགས་རྒྱབ་ན་མ་གཏོགས་དེ་མིན་མཆན་བུ་བ་རྣམས་ཀྱིས་སྟོན་པས་གསུངས་པ་བསྒྲུབ་ཐུབ་ཁག་ནས་མཆན་བུ་བཀོད་མ་སོང་ཁྱེད་ཀྱིས་ཤུགས་རྒྱབ་གནང་རོགས།

  3. རི་རྒྱལ་ཏི་སེ། says:
    2013-04-27 at 10:13 pm

    རྒན་ཧ་ིམ་ལ་ཡའི་འཕྲུལ་སྨྱུག་དང༌། རྒན་ཀརྡོ་ལགས་ཁྱེད་རང་གཉིས་ཤུགས་རྒྱབ་ན་མ་གཏོགས། གཞན་གཞིས་བྱེས་གཉིས་ཀྱི་མཁས་པ་ང་ཡིན་ཟེར་མཁན་ཡོད་དོ་ཅོག་ནས། ཚ་བ་མདའ་སྨྱུག་པ་ལ་མགོ་འབུལ་ལུས་ཆ་ཚང་བྱས་ཟིན་པ་རེད། ད་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་དེ་བཟང་ས་དང༌། སེམས་ཅན་ལ་ཕན་ཐོག་ཡོད་ཚུལ་ཤོད་བཞིན་པ་རྣམས་ནི། དེ་བའི་ལུགས་ཀྱི་ཤེས་རབ་སྙིང་པོ་ཟེར་འདོན་པ་ཞིག་འདོན་རྒྱུ་ཡོད་པ་དེ་དང་གཅིག་པ་གཅིག་ཟང་འདུག་གོ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-04-28 at 5:20 am

    གསང་སྔགས་གསུང་སའི་གནས་མཐོ་ཤོས་ཅིག་ནི། བདུད་འཇོམས་ཆོས་འབྱུང་ལས།
    ས་བཅུའི་རྒྱུན་མཐའི་འཕགས་ཆེན་རྣམས་ལ་སྣང་བའི་གཞན་སྣང་གིས་བསྡུས་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་ཞིང་ཁམས་ཁྱད་པར་ཅན་གྱི་འོག་མིན་དུ་རིགས་དྲུག་པའི་རྣམ་པ་དང་། རིགས་ལྔའི་སྟོན་པའི་རྣམ་པས། རིག་པ་ཁྱད་པར་ཅན་གྱི་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས། འཇམ་དཔལ་སོགས་དབང་པོ་དང་ཡུལ་སྣང་དག་པའི་འབྲས་བུའི་སེམས་དཔའ་རྣམས་ལ། བརྗོད་དུ་མེད་པའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགོངས་པ་བརྡའི་སྒོ་ནས་རྟག་རྒྱུན་གྱི་འཁོར་ལོ་བསྐོར་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2013-04-28 at 5:33 am

    ཡང་དེ་ཉིད་ལས།
    དེ་བཞིན་དུ་བྱང་སེམས་དགུ་པ་ལ་སྣང་བའི་བཏགས་པའི་འོག་མིན་ཙམ་པོ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་དང་། རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཕོ་བྲང་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀ་དང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། པདྨ་གར་གྱི་དབང་ཕྱུག་སོགས་དང་།
    གཞན་ཡང་ཧེ་བཛྲ་དང་། ཙཀྲ་སམྦ་ར་དང་། དུས་ཀྱི་འཁོར་ལོ་སོགས་རྡོ་རྗེའི་གནས་གང་སྟོན་པ་དེའི་གཙོ་བོའི་རྣམ་པ་དང་། རྣམ་འགྱུར་ལས་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས། ནྰ་ད་མི་ཤིགས་པའི་སྒྲས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ།
    བདེར་འདུས་རྩ་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། ཅེས་དང་།
    དགྱེས་རྡོར་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་པའི་གསུངས་པའི་ཚུལ་གྱིས་སོ། །

  6. ཀརྡོ་གཉེར་ཕྱག་པ་ says:
    2013-04-28 at 5:42 am

    ཡང་དེ་ཉིད་ལས།
    དེ་དང་མཚུངས་པར་དགའ་ལྡན་དང་། རི་རབ་ཀྱི་རྩེ། ཨོ་ཌི་ཡ་ན། ཤམྦྷ་ལ་སོགས་ཀུན་རྗོབ་ཀྱི་གནས་རྣམས་སུ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོ་སྒྱུར་བའི་རྣམ་པས་བསྟན་ཀྱང་རུང་སྟེ། གསང་སྙིང་ལས།
    དེ་ཚེ་མི་མཐུན་སྣ་ཚོགས་ལ། །
    སོ་སོར་འདྲ་བར་སྣང་བ་ནི། །
    དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །
    ལས་ཀྱི་དབང་གིས་སོ་སོར་སྣང་། །ཞེས་གསུངས་པ་བཞིན་ནོ།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-04-28 at 6:43 am

    དགོངས་པ་ལུང་བསྟན་པའི་མདོ་ལས།
    སངས་རྒྱས་གཞན་ནས་མི་འཚོལ་བའི། །
    ངེས་པའི་ཐེག་པ་ཅིས་མི་གསུང་། །
    ཞེས་ཞུས་པའི་ལན་དུ།
    རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །
    མ་འོངས་དུས་སུ་འབྱུང་བར་འགྱུར། །
    ཞེས་གསུངས་པ་བཞིན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་ཆོས་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བྰི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོས། མངོན་པར་ཤེས་པས་གནས་ལངྐའི་ཡུལ་གྱི་རི་མ་ཡའི་རྫུ་འཕྲུལ་གྱི་བྱ་བས་འདུས་ནས་སྟོན་པ་མྱ་ངན་འདས་པར་མྱ་ངན་གྱིས་ངུས་པས།
    ལུང་བསྟན་དུས་སུ་བབ་ནས་ཕྱག་ན་རྡོ་རྗེས་མངོན་སུམ་དུ་སྣང་བར་མཛད་ནས། རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ། སྔོན་སྟོན་པས་འོག་མིན་ལ་སོགས་པར་གསང་སྔགས་ཀྱི་ཐེག་པ་བསྟན་པ་རྣམས་ཡར་ཡང་བཟླས་ཏེ་སྟོན་པར་མཛད།

  8. རི་རྒྱལ་ཏི་སེ། says:
    2013-04-28 at 7:00 am

    བློ་གྲོས་དང་ལྡན་པའི་དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཀྱིས་འདིར་བཀོད་པའི་གསང་སྔགས་ཀྱི་བསྟན་པ་དར་ཚུལ་གསུངས་པ་རྣམས་ནི་གཟུགས་མེད་ཀྱི་གྲིབ་སོའམ། ལྷ་སྒྲུང་གི་རྣམས་པ་ཞིག་ལས་མ་འདས་ཀྱང༌། དངོས་སུ་ཁ་ཡོད་ལག་ཡོད་གཅིག་ཡིན་པ་བཀོད་རྒྱུ་ཡོད་ཚེ། རྒྱ་གར་འཕགས་པའི་ཡུལ་དུ་ཆོས་རྒྱལ་མྱང་ངན་མེད་ཀྱི་དུས་སུ་གསང་སྔགས་ཙམ་མ་ཟད། ཐེག་པ་ཆེན་པོ་ཡོོད་པའི་སྒྲུབ་བྱེད་བཀོད་རྒྱུ་ཡོད་དགོས་པ་དང༌། ད་དུང་དེའི་སྟེང་དུ་རྒྱ་ནག་ཏུ་གསང་སྔགས་བྱུང་ཡོད་པའི་གཏན་ཚིག་གང་རུང་རེ་གསུངས་རྒྱུ་ཡོད་ན། སྐབས་སུ་བབ་པའི་གཏམ་དང༌། །དུས་སུ་བབ་པའི་ཆར། །ཞིག་ཏུ་ངེས་པ་ནི་ཁྱེད་ནས་མི་མཁྱེན་ག་ལ་ཡིན་སྙམ་མོ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-04-28 at 7:01 am

    ཡང་ཆོས་འབྱུང་དེ་ཉིས་ལས།
    ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་རྒྱུད་རྣམས་སྟོན་པས་གཏད་ཀྱང་ཟེར། ཕྱག་ན་རྡོ་རྗེས་གཏད་ཀྱང་ཟེར་ཏེ། གང་ལྟར་ཡང་རྒྱལ་པོས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་སྲོག་ཆག་ཕྲ་མོ་ཡན་ཆད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་།
    དེ་ནས་ཨོ་རྒྱན་གྱི་ཡུལ་སྟོངས་པ་མཚོར་གྱུར་ཏེ་ཀླུས་གང་བ་ལ། གསང་བདག་གིས་རྒྱུད་རྣམས་བསྟན་ཅིང་སྨིན་པར་མཛད་པས། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླང་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོ་གླིང་ཞེས་གྲགས།
    མཚོ་དེ་ཡང་བསྐམས་སྟེཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤས་གསང་བ་འདུས་པ། ཀླུ་སྒྲུབ་ཀྱིས་དགྱེས་རྡོར། ཀུ་ཀུ་རི་པས་མ་ཧྰ་མ་ཡ་དང་འཇིགས་བྱེད་སོགས་གྲུབ་ཐོབ་རྣམས་ཀྱིས་རྒྱུད་ཕལ་ཆེ་བ་ཞིག་འདི་ནས་བླངས་པ་སོགས་ཡུལ་གཞན་དག་ནས་ཀྱང་བླང་ཏེ་དར་རོ། །

    ཁ་བརྡར་བྲིས་པའི་དགེ་བ་འདིས། །
    གསང་སྔགས་ནང་བསྟན་ཡུན་གནས་ཤོག །

  10. བན་དེ་བ། says:
    2013-04-28 at 9:14 am

    ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། གར་དྲང་དྲངས་ཡིན་པའི་ཕྱིར་རོ།
    རིག་པའི་རྒྱབ་བརྟེན་མེད་ན། ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་རོ།

  11. རི་རྒྱལ་ཏི་སེ། says:
    2013-04-28 at 1:44 pm

    སྤྱིར་ལན་ཞིག་རྒྱག་དགོས་ཚེ་ཆེས་མཆོག་ཏུ་གྱུར་པའི་ལན་ནི། ཁས་ལེན་ནང་འགལ་སྟོན་རྒྱུ་དེ་ནི་ཟློག་ཏུ་མེད་པའི་ལན་འདེགས་ཤིག་ཡིན་པར་རློམ་ལ། ཕྱི་ནང་གི་གྲུབ་མཐའ་མཐོ་དམན་གང་འདྲ་ཞིག་ལ་ལན་ཞུ་དགོས་ཀྱང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསུངས་པ་བཞིན། ཐེག་དམན་གྱི་ཆོས་ཐེག་དམན་གྱི་ཆོས་སུ་སོང་བ་དང༌། ཐེག་ཆེན་དང་དེའི་ནང་སྲེས་གསང་སྔགས་ལ་ཡང་དེ་དེ་བཞིན་དུ་སོང་བ་ཞིག་ཡིན་དགོོས་པར་བརྟེན། དེ་དང་དེའི་གྲུབ་མཐའ་དེར་གྲགས་པ་དེ་རྣམས་བཀོད་དེ། གང་དང་གང་སྒྲུབ་དགོས་པ་དེ་རྣམས་དེ་དང་དེའི་སྟེང་ནས་སྒྲུབ་གལ་ཆེ་བ་མ་གཏཽགས། རང་རློམ་ང་རྒྱལ་གྱི་དྲེགས་པས་ཚིག་རྩུབ་ཀྱིས་འཁོར་ལོ་བསྐོར་ཏེ། མུན་ནག་མདའ་འཕེན་གྱི་བརྟུལ་ཞུགས་བཟུང་ནས། དགྲ་ཤར་ལ་བཞག་སྟེ། གཏོར་མ་ནུབ་ལ་རྐྱང་རྐྱང་འཕེན་པའི་དྲ་གྲོགས་གང་མང་ཞིག་ཀྱང་མཆིས་སོ།།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-05-12 at 2:58 am

    ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme