Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་དབང་ཚང་ཐུགས་མ་ཕམ།

Posted on 2015-11-072015-11-07 By ཁ་བརྡ 37 Comments on རྒྱལ་དབང་ཚང་ཐུགས་མ་ཕམ།

འབའ་སྲས།

 
སྐུ་ཡི་ཁྱུ་མཆོག་གཞོན་པའི་དུས་ནས་བཟུང་།།
གངས་རིའི་བདེ་སྡུག་རི་ཆེན་བཏེགས་བྱས་ཏེ།།
འཛམ་གླིང་སྒང་ལ་བརྟན་པའི་མཛད་པ་ཆེ།།
བདག་གི་རྒྱལ་བ་དམ་པའི་ཐུགས་མ་ཕམ།།

གསུང་གི་ལེགས་བཤད་འཛད་མེད་ཆར་དུ་བསྙིལ།།
བྱམས་བརྩེ་མཚོ་ཡི་མེ་ཏོག་ཟུམ་པ་མེད།།
ཇི་སྙེད་མཛད་པ་གང་ཞིག་རང་རིགས་དོན།།
སྤྱན་རས་གཟིགས་དབང་མཆོག་གི་ཐུགས་མ་ཕམ།།

ཐུགས་རྗེའི་ཉི་འོད་མ་མཐོང་འུག་པ་འགའ།།
བསླུ་བྲིད་མུན་པའི་འོག་ལ་མགོ་འཁོར་ནས།།
གཞན་གྱི་མགྲིན་པའི་ཚབ་བྱས་སྒྲ་སྒྲོགས་པ།།
རྨོངས་པའི་དབང་གྱུར་རྒྱལ་བ་ཐུགས་མ་ཕམ།།

གང་ལ་ཕན་པ་བདེ་ལེགས་འབྱུང་བའི་གཞི།།
རྩི་ཡི་དྭངས་མ་བདུད་དུ་འགྱུར་བ་གང་།།
སྐལ་བ་ཤིན་ཏུ་དམན་པའི་སྐྱོན་ཕྱིར་ན།།
འཕགས་མཆོག་ཕྱག་ན་པད་མོ་ཐུགས་མ་ཕམ།།

རྨོངས་པའི་བློ་ཅན་འགའ་ཡི་གཟུགས་བརྙན་དང་།།
སྐུལ་བ་ངན་པའི་གཏམ་གྱི་མགྲིན་ཚབ་པ།།
སྒྲ་སྡུད་འཕྲུལ་ཆས་འདྲ་བའི་བྱིས་བློ་ཅན།།
ཐུགས་ཕམ་གནང་རན་མེད་དོ་རྒྱལ་དབང་ཚང་།།

རང་ལུས་རང་གི་རྐང་བར་ཐོག་ཡོད་ཀྱང་།།
མགོ་བོ་གཞན་གྱི་དབང་དུ་གྱུར་བ་འགའ།།
རང་ཚུགས་གཏན་ནས་མེད་པའི་མི་ཕྱིར་ན།།
ཐུགས་ཕམ་གནང་རན་མེད་དོ་རིན་པོ་ཆེ།།

བོད་ཡུལ་མུན་པའི་ཀློང་ནས་སྐྱོབ་པ་པོ།།
བདེ་སྐྱིད་སྣང་བ་ས་ལ་འཕྲོ་མཛད་པ།།
གངས་རིའི་ཉི་མ་ཆེན་པོ་ཁྱོད་ཕྱིར་ན།།
སྲིན་འབུ་མེ་ཁྱེར་དག་ལ་ཐུགས་མ་ཕམ།།

གང་གི་མཚན་སྣེ་གསེར་གྱི་རྨུ་ཐག་ལ།།
མ་འཇུས་སུ་ཡིས་རྐང་བའི་རྡུལ་ཕྲན་ཙམ།།
འཇོག་སའི་ས་ཞིག་སུས་ཀྱང་བརྙེད་དཀའ་ན།།
ཁ་བཤད་སྟོང་བ་ཚོ་ལ་ཐུགས་མ་ཕམ།།

རང་ཅག་ཨ་མདོའི་ཡུལ་དུ་གཏམ་ཞིག་མཆིས།།
ར་མ་འཕགས་པས་ར་ཁང་མི་ཤིགས་དང་།།
བོང་བུ་འདར་བས་ས་རྒྱ་མི་ཆོད་ཅེས།།
གཏམ་འདི་ཤིན་ཏུ་བདེན་ནོ་ཐུགས་མ་ཕམ།།

ཁྱི་རྒན་ལྟོ་ཡིས་རྒྱགས་ན་བདག་པོར་ཟུག །
ར་མ་བདེ་སར་མི་འདུག་བྲག་ལ་འགོ །
གཏམ་དཔེ་འདི་ཡང་གནད་ལ་འཕོགས་པ་སྟེ།།
མི་གཟུགས་ཁྱི་མགོ་ཅན་ལ་ཐུགས་མ་ཕམ།།

བུ་ཕྲུག་ངན་པས་ཕ་མའི་དྲིན་མི་ཤེས།།
ཕྱུགས་ཟོག་དགའ་བོས་བདག་པོའི་དྲིན་མི་བརྗེད།།
དེང་དུས་མི་འགའ་དུད་འགྲོར་མི་དོ་བས།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཐུགས་མ་ཕམ།།

གང་གིས་ཐུགས་ཕམ་ཡོད་ཅེས་བརྙན་ཐུང་ཞིག །
གྱི་ན་བ་ངས་ཁ་སང་མཐོང་བས་ན།།
མིག་ལ་མཆི་མ་དབང་མེད་ཤོར་བཞིན་དུ།།
དེ་རིང་ཐུགས་ཕམ་མ་གནང་ཞུ་གསོལ་ཕུལ།།

ཞེས་དེང་དུས་ཀྱི་སྙན་ངག་སྨྲ་བའི་ཁྲོད་ཀྱི་གྱི་ན་བ་འབའ་སྲས་སམ་ཁ་སྒང་བསམ་གཏན་རྒྱ་མཚོ་མིང་ཅན་གྱིས་ནུབ་ཕྱོགས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་ནས་ལས་ཞོར་དུ་འགོ་བརྩམས་ཤིང་མེ་འཁོར་ནང་རྒྱུན་མཐུད། རང་ཁྱིམ་དུ་མཇུག་གྲུབ་པར་བྱས་པ་འདིས་ཀྱང་གངས་རིའི་ར་བའི་དོན་གྱི་བདག་པོ་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བ། རང་ཅག་བསོད་ནམས་ལྡན་པ་དག་གི་མེ་ཏོག་གང་ལ་འཕོགས་པའི་ལྷ་སྐལ། དོན་གྱི་སླད་དུ་མཚན་ནས་སྨྲས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གང་ཉིད་ཀྱི་ཚད་མེད་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཇི་སྙིད་པ་མཁའ་རུ་ཇི་ལྟར་ཁྱབ་པ་དེ་ལྟར་གནས་པར་གྱུར་ཅིག་གུ ། །།

སྙན་ངག

Post navigation

Previous Post: འཁྲེང་སེམས། (གླུ་གཞས།)
Next Post: བོད་ལུགས་གསོ་རིག་སེམས་ཁམས་ཀྱི་རྣམ་གཞག

Comments (37) on “རྒྱལ་དབང་ཚང་ཐུགས་མ་ཕམ།”

  1. འབའ་སྲས། says:
    2015-11-07 at 12:22 pm

    ཡིག་ནོར་འགའ་ཤོར་འདུག དགོངས་དག་ཞུ།

  2. འབའ་སྲས། says:
    2015-11-07 at 12:22 pm

    རྒྱལ་དབང་ཚང་ཐུགས་མ་ཕམ།

    སྐུ་ཡི་ཁྱུ་མཆོག་གཞོན་པའི་དུས་ནས་བཟུང་།།
    གངས་རིའི་བདེ་སྡུག་རི་ཆེན་བཏེགས་བྱས་ཏེ།།
    འཛམ་གླིང་སྒང་ལ་བརྟན་པའི་མཛད་པ་ཆེ།།
    བདག་གི་རྒྱལ་བ་དམ་པའི་ཐུགས་མ་ཕམ།།

    གསུང་གི་ལེགས་བཤད་འཛད་མེད་ཆར་དུ་བསྙིལ།།
    བྱམས་བརྩེ་མཚོ་ཡི་མེ་ཏོག་ཟུམ་པ་མེད།།
    ཇི་སྙེད་མཛད་པ་གང་ཞིག་རང་རིགས་དོན།།
    སྤྱན་རས་གཟིགས་དབང་མཆོག་གི་ཐུགས་མ་ཕམ།།

    ཐུགས་རྗེའི་ཉི་འོད་མ་མཐོང་འུག་པ་འགའ།།
    བསླུ་བྲིད་མུན་པའི་འོག་ལ་མགོ་འཁོར་ནས།།
    གཞན་གྱི་མགྲིན་པའི་ཚབ་བྱས་སྒྲ་སྒྲོགས་པ།།
    རྨོངས་པའི་དབང་གྱུར་རྒྱལ་བ་ཐུགས་མ་ཕམ།།

    གང་ལ་ཕན་པ་བདེ་ལེགས་འབྱུང་བའི་གཞི།།
    རྩི་ཡི་དྭངས་མ་བདུད་དུ་འགྱུར་བ་གང་།།
    སྐལ་བ་ཤིན་ཏུ་དམན་པའི་སྐྱོན་ཕྱིར་ན།།
    འཕགས་མཆོག་ཕྱག་ན་པད་མོ་ཐུགས་མ་ཕམ།།

    རྨོངས་པའི་བློ་ཅན་འགའ་ཡི་གཟུགས་བརྙན་དང་།།
    སྐུལ་བ་ངན་པའི་གཏམ་གྱི་མགྲིན་ཚབ་པ།།
    སྒྲ་སྡུད་འཕྲུལ་ཆས་འདྲ་བའི་བྱིས་བློ་ཅན།།
    ཐུགས་ཕམ་གནང་རན་མེད་དོ་རྒྱལ་དབང་ཚང་།།

    རང་ལུས་རང་གི་རྐང་བར་ཐོག་ཡོད་ཀྱང་།།
    མགོ་བོ་གཞན་གྱི་དབང་དུ་གྱུར་བ་འགའ།།
    རང་ཚུགས་གཏན་ནས་མེད་པའི་མི་ཕྱིར་ན།།
    ཐུགས་ཕམ་གནང་རན་མེད་དོ་རིན་པོ་ཆེ།།

    བོད་ཡུལ་མུན་པའི་ཀློང་ནས་སྐྱོབ་པ་པོ།།
    བདེ་སྐྱིད་སྣང་བ་ས་ལ་འཕྲོ་མཛད་པ།།
    གངས་རིའི་ཉི་མ་ཆེན་པོ་ཁྱོད་ཕྱིར་ན།།
    སྲིན་འབུ་མེ་ཁྱེར་དག་ལ་ཐུགས་མ་ཕམ།།

    གང་གི་མཚན་སྣེ་གསེར་གྱི་རྨུ་ཐག་ལ།།
    མ་འཇུས་སུ་ཡིས་རྐང་བའི་རྡུལ་ཕྲན་ཙམ།།
    འཇོག་སའི་ས་ཞིག་སུས་ཀྱང་བརྙེད་དཀའ་ན།།
    ཁ་བཤད་སྟོང་བ་ཚོ་ལ་ཐུགས་མ་ཕམ།།

    རང་ཅག་ཨ་མདོའི་ཡུལ་དུ་གཏམ་ཞིག་མཆིས།།
    ར་མ་འཕགས་པས་ར་ཁང་མི་ཤིགས་དང་།།
    བོང་བུ་འདར་བས་ས་རྒྱ་མི་ཆོད་ཅེས།།
    གཏམ་འདི་ཤིན་ཏུ་བདེན་ནོ་ཐུགས་མ་ཕམ།།

    ཁྱི་རྒན་ལྟོ་ཡིས་རྒྱགས་ན་བདག་པོར་ཟུག །
    ར་མ་བདེ་སར་མི་འདུག་བྲག་ལ་འགོ །
    གཏམ་དཔེ་འདི་ཡང་གནད་ལ་འཕོགས་པ་སྟེ།།
    མི་གཟུགས་ཁྱི་མགོ་ཅན་ལ་ཐུགས་མ་ཕམ།།

    བུ་ཕྲུག་ངན་པས་ཕ་མའི་དྲིན་མི་ཤེས།།
    ཕྱུགས་ཟོག་དགའ་བོས་བདག་པོའི་དྲིན་མི་བརྗེད།།
    དེང་དུས་མི་འགའ་དུད་འགྲོར་མི་དོ་བས།།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཐུགས་མ་ཕམ།།

    གང་གིས་ཐུགས་ཕམ་ཡོད་ཅེས་བརྙན་ཐུང་ཞིག །
    གྱི་ན་བ་ངས་ཁ་སང་མཐོང་བས་ན།།
    མིག་ལ་མཆི་མ་དབང་མེད་ཤོར་བཞིན་དུ།།
    དེ་རིང་ཐུགས་ཕམ་མ་གནང་ཞུ་གསོལ་ཕུལ།།

    ཞེས་དེང་དུས་ཀྱི་སྙན་ངག་སྨྲ་བའི་ཁྲོད་ཀྱི་གྱི་ན་བ་འབའ་སྲས་སམ་ཁ་སྒང་བསམ་གཏན་རྒྱ་མཚོ་མིང་ཅན་གྱིས་ནུབ་ཕྱོགས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་ནས་ལས་ཞོར་དུ་འགོ་བརྩམས་ཤིང་མེ་འཁོར་ནང་རྒྱུན་མཐུད། རང་ཁྱིམ་དུ་མཇུག་གྲུབ་པར་བྱས་པ་འདིས་ཀྱང་གངས་རིའི་ར་བའི་དོན་གྱི་བདག་པོ་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བ། རང་ཅག་བསོད་ནམས་ལྡན་པ་དག་གི་མེ་ཏོག་གང་ལ་འཕོགས་པའི་ལྷ་སྐལ། དོན་གྱི་སླད་དུ་མཚན་ནས་སྨྲས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གང་ཉིད་ཀྱི་ཚད་མེད་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཇི་སྙིད་པ་མཁའ་རུ་ཇི་ལྟར་ཁྱབ་པ་དེ་ལྟར་གནས་པར་གྱུར་ཅིག་གུ ། །།

  3. གྲགས་པ། says:
    2015-11-07 at 1:08 pm

    བཀླགས་པ་ཡིན། ཡིག་ནོར་མང་པོ་བྲིས་འདུག རིག་གཞུང་ལ་ཤ་ཚ་མེད་པ་འདྲ།

  4. གནམ says:
    2015-11-07 at 2:44 pm

    བཟང་གི། བདེན་གི།

  5. འབའ་སྲས། says:
    2015-11-07 at 3:30 pm

    ཧུན།

  6. གྲགས་པ། says:
    2015-11-07 at 4:48 pm

    རྒན་ལགས། གོང་གི་ཡི་གེའི་ནང་། ད་དུང་ཡིག་ནོར་འགའ་ཤས་ཤིག་འདུག

  7. དོན་ལྡན་གླིང་པ says:
    2015-11-07 at 9:32 pm

    བཀུར་བར་འོས་པའི་འབའ་སྲས་ལགས། ཁ་པར་ནང་དུ་ཡི་གེ་བཏགས་པའི་ཚེ་ན་ཡིག་ནོར་བྱུང་བ་ནི་ཀུན་ཤེས་རེད། དེ་ལ་དེ་ཙམ་གྱིས་གནད་འགག་ཏུ་མི་མཐོང།

    གང་ལྟར་ཡང་སེམས་འགུལ་ཐེབས་པའི་ལེགས་རྩོམ་དེ་འདྲ་སྤེལ་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ལྟ་བུའི་གོ་སླ་ལ་ཀློག་བདེ་བའི་སྙན་ངག་དེ་འདྲ་འབྲི་མཁན་དཀོན་པོ་རེད། དེང་སྐབས་སྙན་ངག་པ་ཡིན་ཟེར་དུས་ལམ་སེང་རྡོ་བཅག་བཙན་སྒྲིག་ལྟ་བུ་གོ་དོན་མེད་ཅིང་ཀློག་མི་བདེ་བའི་སྙན་ངག་འབྲི་མཁན་མང་པོ་རེད། དེ་ཡིས་བོད་ཀྱི་རྩོམ་རིག་ལ་ཞབས་འདེགས་ཡིན་ནམ་ཞབས་འདྲེན་གང་ཡིན་ངས་བརྗོད་པར་དཀའ།

  8. ལུང་རྟོགས། says:
    2015-11-07 at 9:35 pm

    ངོ་མ་རེད།

  9. འགར་སྲས། says:
    2015-11-07 at 9:49 pm

    ཐུགས་ཕམ་བྱུང་དོན་ཁ་སང་བརྟན་བཞུགས་ལ་མདོ་སྟོད་སྤྱི་འཐུས་དང་ཆོས་རྒྱུད་སྤྱི་འཐུས་ཀྱི་གདོང་འབག་གྱོན་མཁན་རྣམས་ཕེབས་མེད་པ་དེས་རེད་གསུང་མཁན་འདུག བདེན་པ་རེད་དམ།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-07 at 11:19 pm

    ལེགས་སོ། ལེགས་སོ། དེ་དེ་བཞིན་ནོ། ཞེས་པ་དེ་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-11-07 at 11:57 pm

    ༸མཆོག་གིས།
    སྐུ་དྲག་རིགས་ལས་ཐུགས་མ་ཕམ། །
    མའོའི་རིགས་ལས་ཐུགས་མ་ཕམ། །
    དོལ་ཚོགས་རིགས་ལས་ཐུགས་མ་ཕམ། །
    ཆོ་མེད་རིགས་ལས་ཐུགས་མ་ཕམ། །

  12. ལེགས་བཤད་ says:
    2015-11-08 at 1:27 am

    མངོན་པར་བསྟོད་དོ། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

  13. འཇམ་གཅེས། says:
    2015-11-08 at 4:05 am

    འདི་ལྟ་བུའི་རྩོམ་ཡིག་སྤེལ་བར་བརྐྱངས་ཕྱག་འཚལ་དགོས་བྱུང་རུང་ཐེ་ཚོམ་སྤུ་རྩེ་ཙམ་ཡང་མེད་འཚལ་ངེས་ཡིན། བཀའ་དྲིན་ཆེ། མི་ངན་རེ་འགའ་ངུས་ན་ངུས།

  14. ཡོ་བསྲང་། says:
    2015-11-08 at 6:55 am

    དོན་གནད་ལ་འཁེལ་འདུག
    ཚིག་སྦྱོར་ད་དུང་སྐྱར་བསྒྲིགས་ཞིག་བྱས་ཚེ།
    ??? རེད།

  15. ཨ་ཁུ་ནོར་བུ་ says:
    2015-11-08 at 8:12 am

    རེད་རེད་ བསམ་མེད་་ ནུས་མེད་ཁ་ཤས་ཀྱི་དེ་ལྟར་ཞུས་པ་ལ་ཐུགས་ཕམ་རིན་མིན་འདུག་ ཁོང་ཚོས་ཁྱེད་ལ་དེ་ལྟར་བཤད་ཆོག་པ་དེའང་ཁྱེད་ཀྱི་རྒྱན་ཆ་ཡིན། རྗེས་སུའང་དེ་འདྲ་ཡོང་སྲིད་པས་ཐུགས་ཕམ་གནང་དགོས་དོན་མེད་ ཁྱེད་སྐུ་ཚེ་བརྟེན།

  16. བསོད་ནམས། says:
    2015-11-08 at 8:20 am

    རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་ཐུགས་ཕམ་དགོས་པ་ལས་ཀ་གང་ཡང་བྱས་ཡོད་པ་མ་རེེད།དེ་བྱས་མཁན་རྒྱལ་བ་རིན་པོ་ཆེ་ཉེ་འཁྲིས་མི་ངན་ཁ་ཤས་ཀྱིས་བོད་ཀྱི་དོན་དག་ངོ་མ་ཡར་ལ་མ་ཞུས་པར་སྤྱི་ཚོགས་སྟེང་གི་གད་སྙིགས་མང་བོ་ཁོང་ལ་ཡར་ཞུས་ནས་རེེད། ལྷག་པར་འབའ་སྲས་ཟེར་བའི་གྲྭ་ལོག་འདི་ཚོས་བོད་ཕྱི་ནང་དང་ཆོལ་ཁ་ཆོས་ལུགས། དབུ་མ་རང་བཙན་བར་དཀྲུགས་ནས་ཡི་གེ་གད་སྙིགས་བཟོས་བཞིན་པ་ཤེས་གསལ་རེད།

  17. ལུང་རྟོགས། says:
    2015-11-08 at 9:48 am

    རྒྱལ་བཙོང་བ་ཟེར་བ་ལས་ལྷག་པའི་ཐུགས་ཕམ་དགོས་པ་ཞིག་སུས་བཤད་ཤེས་སམ། ད་དུང་ཉེས་པ་ཡོད་ཚད་སྐུ་མདུན་ལ་དད་པ་དང་རྒྱབ་སྐྱོར་བྱེད་མཁན་ཚོའི་མགོ་ལ་གཡོག་གྲབ་བྱེད་པ་ནི་གུང་ཕྲན་གྱི་ངན་ཇུས་མིན་ན་ཅི།

  18. གཅན བཟོད་རྒྱམ། says:
    2015-11-08 at 12:19 pm

    སྙན་ངག་ཟེར་ན་གང་ཤེས། ད་རྒན་བསམ་གཏམ་གྱིས་སྙན་ངག་ཚང་མ་ར་འདི་མོ་ཉག་ཉོག་ཅིག་ཏུ་གྱུར་འདུག ཉོན་སོང་།

  19. གླིང་གཅེར་བུ། says:
    2015-11-08 at 1:32 pm

    ཧུན་ཧུན། འབའ་སྲས་ཟེར་བའི་ལུག་འབའ་འབའ་བྱེད་མཁན་འདི་ཚོ་སྙིང་རྗེ། སྙན་ངག་ཡིན་ཅན་པོ། རྒན་པོ་རྩ་མི་ཚང་བ་ཞིག་རེད་ཡ།

  20. རྒོད། says:
    2015-11-08 at 1:45 pm

    འབའ་སྲས་ཁྱོད་གཏན་ནས་ཉོག་ཐ་ལོ། ཁྱི་རྒན་ཞིག་གི་ཟོལ་མ་བཅས་ན་ཡག་གི

  21. ཆུ་ཐིགས་སྔོན་མོ says:
    2015-11-08 at 2:50 pm

    སྙན་ངག་གི་ཉམས་ཤིག་མི་འདུག་་་་དེང་སང་ཇོ་ཇོར་ཡིག་ནོར་བཙོང་རྒྱུ་མང་གི་ཡ་་

  22. ཞོལ་གཡག་འབྲོང་རྒྱུད། says:
    2015-11-08 at 2:54 pm

    རེད་རེད། སྐུའི་གཅེན་པོས་གཅུང་པོ་བཟང་པོས་བོད་བཙོང་སོང་ཟེར་དུས་ཐུགས་མ་ཕམ། ཀླུ་བྱམས་ཀྱིས་ངས་དེ་ལྟར་ལབ་མྱོང་མེད་འོབ་ཀྱང་སྲིད་དོན་མཚན་རིག་གི་ཁྱབ་ཁོངས་ནས་མ་འོངས་པར་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་ལོ་རྒྱུས་འབྲི་ན་རང་བཙན་མི་དགོས་ཟེར་མཁན་ཚང་མ་རྒྱལ་བཙོང་བའི་ཁོངས་སུ་འགྲོ་ཡི་རེད་ཞེས་བཤད་པ་རེད། བྱས་ཙང་སུས་རྒྱལ་བཙོང་བ་རེད་ཞུས་ཡོད་མེད་ཀྱི་གནས་དོན་ལ་མ་བལྟས་པར་གང་ཟག་གི་ངོ་གདོང་བལྟས་ཏེས། དྲང་བདེན་དང་འདྲ་མཉམ་ལས་གཡོལ་འགྲོ་མཁན་དག་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་མཁན་དང་བཀའ་དྲིན་འཇལ་མཁན་ཞིག་ནམ་ཡང་མ་རེད། འདི་རིགས་ནི་སྐབས་འཚོལ་རིང་ལུགས་པའི་དད་པ་ལོག་སྤྱོད་པ་ཞེ་གཅིག་རེད་ལ། འདི་ཚོས་༧རྒྱལ་བ་རིན་པོ་ཆེས་འཇིག་རྟེན་ཀུན་ཁྱབ་སེམས་འཁུར་གྱིས་ཡ་རབས་བཟང་སྤྱོད་སེམས་ལྡན་སྤྱི་ལ་ཁྱབ་དགོས་པའི་བཀའ་སློབ་ཀྱི་ཟུར་ཙམ་ཡང་གོ་མ་མྱོང་རང་མདོག་དམར་བརྗེན་དུ་བསྟན་འདུག་པ་དེ་རེད།

  23. ཀརྡོ་གཉེར་ཕྱག་པ་ says:
    2015-11-08 at 3:01 pm

    ཀླུ་མཁར་བྱམས་ནི། བོད་པའི་མི་གཞན་གྱི་དམར་གསོད་གཏོང་མཁན་ལག་དམར་བ་ཞིག་ཡིན་པ། བོད་ཀྱི་གཡག་ལྷས་ཁོ་བཙོན་འཇུག་འགྲོ་ཕྱིར་དོང་གྲོགས་མཛད་པ་ཡིན་ཤས་ཆེ། ཧཧཧཧཧཧཧཧ།།

  24. ཞོལ་གཡག་འབྲོང་རྒྱུད། says:
    2015-11-08 at 5:09 pm

    རྐརྡོ་འདི་དེ་འདྲའི་ལྐུགས་པ་ལ། ཀྲུང་གོས་ཆབ་སྲིད་དང་མ་འབྲེལ་བའི་བོད་པ་ནང་ཁུལ་གཡག་གཅིག་བརྐུས་པར་མི་བཅོ་བརྒྱད་བཙོན་འཇུག་ཁྲིམས་ཐག་གཅོད་པའི་ལམ་ལུགས་ཤིག་མེད་ལ། ནང་ཁུལ་རྩ་སའི་དོན་དུ་ཕན་ཚུན་ཕུ་ནུ་དམར་གསོད་ཀྱི་ནང་དམེའི་དོན་རྐྱེན་མང་པོ་བྱུང་ཡོད་ཀྱང་ལོ་མང་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ལོ་རྒྱུས་གོ་མྱོང་མེད་པས། ཆབ་སྲིད་དང་མ་འབྲེལ་བའི་བོད་རིགས་ནང་ཁུལ་རྐུན་ཇག་ནི་ཨ་ཅང་ཅང་ཕན་ཚུན་དམར་གསོད་བཏང་ཡང་ཀྲུང་གོར་དགོས་རྒྱུ་དེ་རང་ཡིན་པས་ཁྲིམས་ཐག་བཅད་དགོས་པའི་རྒྱུ་མཚན་གཏན་ནས་མེད། མ་གཞི་གྲོས་ཚོགས་ཀྱི་ཟིན་ཐོར་འཁོད་ཟིན་པའི་མི་གསོད་ལག་དམར་གྱི་གནས་དོན་དེ་མི་བརྩད་པར་ཀླུ་བྱམས་ཀྱིས་གཡག་གཅིག་བརྐུས་ཡོད་མེད་བརྩད་དགོས་པའི་རྒྱུ་མཚན་ཅི་རེད། མ་གཞི་འདི་ཚོ་དད་པ་ལོག་སྤྱོད་པའི་གཙོ་འཛིན་སྤེན་ཚེའི་རྐུབ་གཡོག་མིན་ན་ཅི་རེད།

  25. ཞོལ་གཡག་འབྲོང་རྒྱུད། says:
    2015-11-08 at 5:10 pm

    མི་ལོ་བཅོ་བརྒྱད་ལ་བཅོས།

  26. ཀརྡོ་གཉེར་ཕྱག་པ་ says:
    2015-11-08 at 10:43 pm

    ་་་་་་་་་་་་་་་ #24 ཞོལ་གཡག་འབྲོང་རྒྱུད། ་ལགས་ཀྱིས་སྤེལ་དོན།:
    November 8th, 2015 at 5:09 pm
    རྐརྡོ་འདི་དེ་འདྲའི་ལྐུགས་པ་ལ། ཀྲུང་གོས་ཆབ་སྲིད་དང་མ་འབྲེལ་བའི་བོད་པ་ནང་ཁུལ་གཡག་གཅིག་བརྐུས་པར་མི་བཅོ་བརྒྱད་བཙོན་འཇུག་ཁྲིམས་ཐག་གཅོད་པའི་ལམ་ལུགས་ཤིག་མེད་་་་་་་་་་་་་་་་་་་་་་

  27. ཀརྡོ་གཉེར་ཕྱག་པ་ says:
    2015-11-08 at 10:47 pm

    གལ་སྲིད་ཀླུ་མཁར་བྱམས་ཀྱིས། གཡག་བརྐུས་ནས་བཙོན་ཁང་ནབ་ལ་ཕྱིན་ཡོད་ན། མི་ཞབས་འདྲེན་པ། ནང་པ་ཞབས་འདྲེན་པ། བོད་རིགས་ཞབས་འདྲེན་པ། ཨ་མདོའི་ཞབས་འདྲེན་པ། གསར་འབྱོར་བའི་ཞབས་འདྲེན་པ། བོད་ཀྱི་སྲིད་སྐྱོང་འོས་མིར་དྭང་ལངས་མཁན་ནང་གི་ཞབས་འདྲེན་པ་རེད་གདའ། ཨ་ཚོགས་ཀྱི་རྒྱུགས་ཁྱི་ཚོ།།

  28. ཀརྡོ་གཉེར་ཕྱག་པ་ says:
    2015-11-08 at 11:44 pm

    ངས། འཇམ་ནོར་དང་། ཟླ་ནོར། ལྷག་བསམ་དང་ཀླུ་བྱམས་སོགས། བོད་མིའི་ནང་གི་ཆོས་དད་མེད་མཁན་གྱི་མི་སྣ་མི་དེ་ཚོར་དྭོགས་པ་དང་། ལས་བྱེད་དམ། འགོ་འཁྲིད་དུ་འགྲོ་མི་ཐུབ་པའི་ལམ་སྟོན་བྱེད་བཞིན་པ་ལས། ཁོང་ཚོར་མི་དགའ་བའི་རྒྱུ་མཚན་གཞན་གང་ཡང་མེད། ཁོང་ཚོས་བྲིས་པའི་བསམ་ཚུལ་ལ་ཉན་རྒྱུ་ཡང་དགའ་པོ་ཡོད་ཀྱང་། དེ་ལ་མོས་མཐུན་ནི། ངས་སྐྱེ་བ་རྗེས་དེས་ཀྱང་ངོས་ལེན་བྱ་མི་སྲིད་སྙམ་མོ། ཧཧཧཧ།།

  29. ལུང་རྟོགས། says:
    2015-11-09 at 3:39 am

    ཀླུ་བྱམས་ཀྱིས་སྲིད་དོན་རིག་པའི་ཁྱབ་ཁོང་གཅིག་གཅིག་ཉིག་ཉིག་ཟེར་བ་ནི་ཐད་ཀར་རྒྱལ་བཙོང་བ་རེད་ཅེས་ལབ་མ་ནུས་པར་སྐད་ཆ་ཟོལ་གྱིས་བཤད་པ་ཙམ་རེད། དོན་ལ་ཆབ་སྲིད་རིག་པའི་ཁྱབ་ཁོང་ནས་བཤད་ན་རྒྱལ་བཙོང་བ་ཆགས་ཀྱི་རེད་ཟེར་དུས་རྒྱལ་བཙོང་བ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཀླུ་བྱམས་གཡག་རྐུན་དང་ཆབ་སྲིད་བཙོན་པ་ཅི་ཡིན་མི་ཤེས་ཀྱང་། གལ་ཏེ་ཆབ་སྲིད་བཙོན་པ་ཡིན་པའི་དབང་དུ་བཏང་ཡང་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རུང་བའི་ངེས་པ་ཅི་ཡང་མེད། དཔེར་ན་དེང་སང་ཨོ་སི་ཊུར་ལི་ཡར་ཡོད་པའི་ཆབ་སྲིད་བཙོན་པ་འགའ་རེ་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་འགྲོན་ལ་འགྲོ་ཡི་ཡོད་པའི་སྐད་ཆ་ཡོད་པ་ལྟ་བུ་རེད།

  30. ཀརྨ་བློ་གསལ་ says:
    2015-11-09 at 4:03 am

    ཀརྡོ་གཉེར་ཕྱག་འདིས་ཅི་གང་མགོ་མ་ཚོས་པའམ། ཡང་ན། རྒྱ་དངུལ་ལེན་མཁན་ཚོའི་འོག་ཏུ་ཤོར་འདུག ཀླུ་མཁར་བྱམས་ཀུན་གླེང་ཟེར་བའི་དེབ་དེ་ཀློག་དང་། དེའི་ནང་དུ་གསར་བརྗེ་ངོ་ལོག་པ་དང་མྱུལ་མའི་ཉེས་ཆད་བཅད་པའི་ཡིག་ཆ་བཀོལ་འདུག ཡིག་ཆའི་ནང་ཀླུ་མཁར་བྱམས་རྒྱ་གར་ནས་ཕྱིར་བོད་ནང་ལོག་པའང་གསལ་ཡོད་པར་མ་ཟད། ད་དུང་ལོ་གཉིས་ལྷག་ལ་གསང་རྒྱ་བྱས་ནས་གར་ཡོད་ཤེས་མེད་པ་གསལ་འདུག གཡག་རྐུ་མཁན་ཞིག་གསང་རྒྱ་བྱས་ནས་ཡོངས་གྲགས་མ་ཡིན་པའི་ཁྲིམས་ཐག་གཅོད་དགོས་དོན་འདུག་གམ། ཡིན་ནའང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བོད་མི་ངོ་རྒོལ་བྱེད་མཁན་ཚོའི་མགོར་མངོན་ལྐོག་གཉིས་ཀ་ནས་ཞ་མོ་མང་པོ་གཡོགས་མྱོང་། སྔར་ཆུ་བཞི་སྒང་དྲུག་གིས་གཙོས་པའི་དམག་རྒྱག་མཁན་ལ་ཇག་པ་བཏགས་ཡོད། དེའི་རྗེས་ནས་གོང་ས་མཆོག་ལ་ཆོས་གོས་གྱོན་པའི་སྤྱང་ཀི་བཏགས་ཡོད། ལྷ་སའི་གྱེན་ལངས་ལ་བཅོམ་འཕྲོག་རྡུང་གསུམ་བཏགས་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མི་གསོད་ཀྱི་ཉེས་པ་བཀལ་ཡོད། བླ་མ་བགྲོངས་དོན་ལ་དངུལ་བུན་ཆད་ཚུལ་བཀལ་ཡོད། འདི་དག་སྒྲུབ་དགོས་ན་བོད་པའི་ཁ་ནང་ནས་བཤད་དགོས། དེ་ལྟར་བྱེད་དུ་བཅུག་ཡོད། མིང་རྫུན་བཀོལ་མཁན་འདི་དག་ཁྲོད་རྒྱ་དངུལ་ལེན་མཁན་ཁེངས་བསྡད་ཡོད།

  31. ཀརྨ་བློ་གསལ་ says:
    2015-11-09 at 4:14 am

    ལུང་རྟོགས་འདི་ལོང་པ་ཞིག་རེད། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་ཉིན་རྟག་པར་བོད་པ་སྐྱ་སེར་གཉིས་ཀ་རུ་བསྒྲིགས་ནས་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཞུས་ནས་རྒྱ་གཞུང་ལ་ངོ་རྒོལ་མི་བྱེད་པའི་སད་ཡིག་རྒྱག་གིན་པ་མ་མཐོང་ངམ། ཨོ་སི་ཁྲི་ལི་ཡ་ནས་བོད་ནང་བསྐྱོད་པར་རྒྱའི་ལག་འཁྱེར་ལེན་དགོས་ཀྱི་མེད། རྒྱའི་ལོ་གསར་ལ་མཉམ་ཞུགས་བྱེད་མཁན་རེ་འགའ་བྱུང་ཡོད་ཀྱང་དེ་ནི་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཚོ་རེད། དབུ་མའི་ལམ་རྒྱའི་རྩ་ཁྲིམས་འོག་ཏུ་འཛུལ་གྱི་ཡིན་ཞེས་ཁས་འཆེས་ཟིན་པས། རྒྱའི་གཞུང་ཚབ་ཁག་ནང་སོང་ནས་ཕྱི་བསྐྱོད་ལག་འཁྱེར་ཞུས་ནས་རྒྱ་གཞུང་ལ་དེང་ཕྱིན་ངོ་རྒོལ་མི་བྱེད་པར་སད་ཡིག་རྒྱག་མཁན་དང་རྒྱའི་ལོ་གསར་ལ་ཞུགས་མཁན་ཚོར་ཉེས་པ་ཡོད་ན་དབུ་མའི་ལམ་གྱི་ནག་ཉེས་རེད། དེ་མིན་ན་དབུ་ལམ་ནོར་འདུག་ཅེས་དགོངས་དག་ཞུས། དེ་ནས་བོད་པ་ཚོར་དེ་ལྟར་བཤད་ཆོག

  32. ལུང་རྟོགས། says:
    2015-11-09 at 10:00 am

    ཀར་བློ། ལྡི་ལི་རྒྱ་ནང་གཞུང་ཚབ་ཁང་གི་སྒོ་རྩར་སྐྱ་སེར་གཉིས་ཀ་བང་སྒྲིག་ནས་ལག་ཁྱེར་ཞུ་བ་ནི་རང་དོན་གི་ཆེད་དུ་རེད། དེ་དབུ་མའི་ལམ་གྱི་དགོངས་དོན་མ་རེད། དབུ་མའི་ལམ་གྱིས་རྒྱ་ཡི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག་ལ་འཛུལ་གྱི་ཡིན་པར་ཁས་བླངས་ཡོད་ཀྱང་ཆ་རྐྱེན་གང་ཡང་མེད་པར་འཛུལ་གྱི་ཡིན་ལབ་མེད། བོད་ལ་མིང་དོན་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་རེད་ལ་དེའི་དོན་དུ་རྒྱ་གཞུང་ལ་ངོ་རྒོལ་ཡང་བྱེད་ཆོག་གི་ཡོད་པ་རེད། རྒྱ་ཡི་གཞུང་ཚབ་ཁང་ནང་ལ་སྐུ་འགྲོན་འགྲོ་མཁན་དེ་དག་ནི་སྒེར་གྱི་ཁེ་ཕན་ཆེད་དུ་རྒྱ་གཞུང་ལ་མགོ་སྒུར་བ་ཡིན་པས་རྒྱལ་བཙོང་བ་ངོ་མ་ནི་མི་དེ་ཚོ་རེད། དབུ་མའི་ལམ་གང་ཡང་ནོར་མེད་དབུ་མའི་ལམ་ལ་ཁ་གཡར་ནས་སྒེར་གྱི་ཁེ་ཕན་ཆེད་རྒྱ་གཞུང་ལ་འབྲེལ་བ་བྱེད་མཁན་དེ་དག་ནོར་བ་རེད།

  33. སྤྱང་ཤོག says:
    2015-11-09 at 10:26 am

    སྔོན་ཐེ་ཝན་ལ་འབྲེལ་བ་བྱེད་མཁན་རྣམས་ད་ལྟ་ཁོ་ཚོ་ལ་ཁེ་སང་རག་ཡོད། ད་ལྟ་རྒྱ་ནག་ལ་འབྲེལ་བ་བྱེད་མཁན་དོལ་ཚོགས་དང་བཅས་པ་ལ་མ་འོངས་པར་ཁོ་ཚོ་ལ་ཁེ་སང་རག་ཡོད། ལམ་དབུ་མ་ལ་འབངས་མི་སེར་གྱི་དད་པ་དང་དག་སྣང་སྦྱར་ཡོད་པས་དཀོན་མཆོག་གི་གཟིགས་རོགས་གནང་།

  34. ལྷ།བྱ་འཕུར་མ། says:
    2015-11-09 at 11:19 am

    འབའ་སྲས་དགེ་བོ་འདི་ཡིས།།
    ས་འོག་མེ་འཁོར་ནང་ནས།།
    སྙན་ངག་ཉ་ཉོག་བྲིས་པ།།
    དགེ་བོ་རྣམས་པས་བསྟོད་འདུག།

    ཧ་ཧ་ཧ

  35. ནད་མེད་ཚེ་རིང། says:
    2015-11-09 at 11:24 am

    རྒྱ་ནག་གཞུང་ཚབ་ནས་ལག་འཁྱེར་ཞུས་ནས་ཕ་ཡུལ་དུ་བསྐྱོད་མཁན་ནང་རིགས་མི་འདྲ་བ་འགའ་རེ་ཡོད་པས་ཚང་མ་རྒྱའི་འོག་ལ་སྡད་འདོད་ཡོད་པ་མ་རེད་ཟེར་ན་ཆོག འོན་ཀྱང་རྒྱ་གཞུང་གི་མཛད་སྒོར་བཅར་མཁན་ཚང་མ་རྒྱལ་ཚོང་བ་རེད་ཟེར་ན་སྐད་ཆ་ཐལ་ཆ་ཆེན་པོ་རེད། དེའི་ནང་བོད་མི་འགའ་རེ་ནས་བོད་ནང་ཤེས་རིག་གོང་འཕེལ་གཏོང་ཆེད་ལས་འཆར་གང་ལེགས་ལག་བསྟར་བྱ་བཞིན་ཡོད་པ་མཐོང་རྒྱུ་ཡོད། ཁོང་རྣམས་བོད་ནང་ལས་འཆར་མུ་མཐུད་འགྲོ་ཐུབ་སླད་མ་འདོད་བཞིན་དུ་མཛད་སྒོར་མ་བཅར་རང་བཅར་ཆག་གི་ཡོད་པ་ཚང་མས་མཁྱེན་དགོས་རེད་གདའ།

  36. ཀརྡོ་གཉེར་ཕྱག་པ་ says:
    2015-11-09 at 12:22 pm

    #30 ཀརྨ་བློ་གསལ་ལགས།
    ཁུངས་མེད་ལུང་མེད། མ་བཤད་ན། མི་མཛེས་སམ། ལགས།

  37. ཀརྨ་བློ་གསལ་ says:
    2015-11-10 at 5:18 am

    ཀརྡོ་གཉེར་ཕྱག་ངོས་ལེན་དྲང་པོར་ཞུས་དང་། བསམ་བཞིན་མ་ཡིན་པར་ནོར་འཁྲུལ་ཤོར་བ་ཡིན་ན་གུ་ཡངས་གཏོང་ཆོག དེ་མིན་སད་ཡིག་བརྒྱབ་ནས་རྒྱ་དངུལ་བླངས་ནས་ལས་ཀ་དེ་རིགས་སྒྲུབ་ཀྱིན་ཡོད་ན་འཆོར་ས་ཡོག་མ་རེད། རྒྱ་གར་དང་བལ་བོའི་གཞུང་ཚབ་ཁང་དུ་སོང་ནས་སད་ཡིག་རྒྱག་མཁན་ཚོའི་ཡིག་ཆ་མི་འགྱངས་པར་རྒྱ་གཞུང་གིས་བོད་པ་ཚོར་བོད་རྒྱ་ཁོངས་ཡིན་པར་ངོས་ལེན་ཡོད་པའི་སྒྲུབ་བྱེད་དུ་བཀོལ་ངེས་ཡིན། དེ་དུས་ཆ་ཚང་གསལ་པོ་དག་པོ་ཆགས་ཡོང་གི་རེད་ལ། ལོ་རྒྱུས་ནང་བསྐལ་བ་མ་སྟོང་པར་དུ་ལྷག་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme