Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་དབང་ཀརྨ་པའི་རྟོགས་བརྗོད་ཞིང་མཆོག་ལེགས་ལམ།

Posted on 2015-11-202015-11-20 By ཁ་བརྡ 7 Comments on རྒྱལ་དབང་ཀརྨ་པའི་རྟོགས་བརྗོད་ཞིང་མཆོག་ལེགས་ལམ།

འདབ་པ་ཚེ་དབང་མགོན་པོ།

 
བསྐལ་པ་གྲངས་མེད་ཕ་རོལ་སྔོན་ནས་ས་བཅུའི་སྤོ་ལ་མངོན་གཤེགས་ཀྱང་།།
སྙིང་རྗེའི་དབང་གིས་འགྲོ་ལ་བརྩེ་བས་སླར་ཡང་སྲིད་འདིར་བྱོན་ཚུལ་དེ།།
འདས་པའི་རྒྱལ་བ་ཇི་སྙེད་མཆིས་པ་དེ་སྙེད་དག་དང་ཁྱད་མེད་ལ།།
མཚན་དཔེ་སྐུ་ཡི་ཆུ་སྐྱེས་ཚོམ་བུ་མདོ་ཁམས་ལྷ་ཐོག་ཡུལ་ན་བཞད།།

གང་ཁྱོད་བལྟམས་པའི་ཞིང་མཆོག་དེ་ལ་བཀྲ་ཤིས་རྟགས་མཚན་ཕྱོགས་ཀུན་ཁྱབ།།

ཡུལ་གྱི་གདུལ་བྱར་དམ་པའི་ངང་ཚུལ་བཅོས་མིན་གཤིས་ཀར་རྗེན་པར་གསལ།།
སྔོན་བསགས་བག་ཆགས་ཉམ་ཆུང་འགྲོ་ལ་མ་ཡིས་བུ་ལ་བརྩེ་བ་ལྟར།།
ལོ་ངོ་བདུན་ཙམ་དཀྱུས་མའི་ཚུལ་གྱིས་བསྟན་དང་འགྲོ་བའི་དོན་མཛད་དོ།།

གློ་བུར་ལས་དེ་རྒྱལ་མཆོག་གོང་མའི་བསླུ་མེད་ཚད་མའི་ཞལ་ཆེམས་དང་།།
ཀྭན་ཏིང་གོ་ཤྲི་ཡབ་སྲས་རྣམ་གཉིས་འཁྲུལ་བྲལ་གཟིགས་པའི་ཡེ་ཤེས་ངོར།།
བོད་ཀྱི་སྤྲུལ་སྐུ་ཐོག་མར་གྲགས་པའི་འཇིག་རྟེན་དབང་ཕྱུག་ངོས་འཛིན་གཞུག །
ཆོས་བརྒྱུད་རིས་མེད་བླ་ཆེན་རྣམས་ཀྱིས་དཔྱད་གསུམ་དག་པའི་རྒྱབ་སྐྱོར་སྟེང་།།

དུས་མཁྱེན་གདན་ས་འོག་མིན་མཚུར་མདོར་ན་རིམ་གསེར་ཁྲིར་མངའ་གསོལ་སྐབས།།
རྒྱ་བོད་གསེར་ཐམ་སྐུ་ཡི་གཡས་གཡོན་ཨུཏྤལ་རྣ་རྒྱན་ལེགས་ཕྱུངས་ཏེ།།
ཚོགས་སྡེ་ཁག་གི་ལས་སྣེས་གཙོས་པའི་དད་ལྡན་མི་དམངས་ཁྲི་ཕྲག་གིས།།
དད་པའི་སྤུ་ལོང་རླུང་གིས་གཡོ་བཞིན་རྟེན་འབྲེལ་མཛད་སྒོ་ལེགས་གྲུབ་རྗེས།།

བསླབ་པ་ལམ་གྱི་ངང་ཚུལ་བཟུང་སྟེ་རིགས་ཀྱི་གཙོ་བདག་བཤེས་གཉེན་མདུན།།
འདོན་དང་རྟ་དབྱངས་འབུད་རྡུང་དཀྲོལ་གསུམ་མཐོང་བ་རྒྱུད་པའི་ཕྱག་ལེན་དང་།།
སྒྲ་སྒྱུར་མར་པའི་ཡབ་སྲས་བརྒྱུད་པའི་ཕྱག་ཆེན་ཆོས་དྲུག་ལ་སོགས་པར།།
ལུང་རིག་དག་པའི་སྦྱངས་པ་དེ་ནི་རི་རྒྱལ་རྩེ་མོར་རབ་བཀོད་ཅིང་།།

གདོང་དམར་བོད་པས་སྐྱབས་དང་རེ་ས་རྨི་ལམ་ཚུན་ཆད་ཁྱེད་ལ་བཅོལ།།
རྒྱ་ནག་གཞུང་གིས་ཆབ་སྲིད་ལས་གནས་ཁྱོད་ལ་འབུལ་རྒྱུའི་སྟ་གོན་བགྱིས།།
དེ་དང་དེ་འདྲའི་མཛད་ཚུལ་ངང་ལ་རེ་ཞིག་ཕྲིན་ལས་བསྐྱངས་པའི་མཐར།།
ཀ་རབས་གོང་མའི་དོན་བརྒྱུད་འཛིན་པའི་དུས་བཟང་ཐུགས་ངོར་ཤར་བའི་རྐྱེན།།

རྒྱལ་མཆོག་གོང་མ་ཞིང་གཤེགས་ཞབས་ཀྱི་གདན་ས་ཆེན་པོ་དེ་ཉིད་དང་།།
དོན་བརྒྱུད་མི་ཉམས་ལེགས་པར་འཛིན་པའི་བཀའ་བརྒྱུད་གྲུབ་ཆེན་སྲས་པོ་ཁག །
དབང་ལུང་མན་ངག་རབ་ཏུ་ཕྱུགས་པའི་དམ་ཚིག་གཙང་མའི་བླ་སྤྲུལ་སོགས།།
ཡིད་ལ་བརྣགས་པའི་འདོར་མེད་དོན་དེ་མྱུར་བར་འགྲུབ་ཆེད་མཛད་ཚུལ་ལ།།

ཤར་ཕྱོགས་ཡུལ་ན་ཤིན་ཏུ་གྲགས་པའི་ཧི་མ་ལ་ཡི་རི་བོའི་ཕྲག །
ཚ་གྲང་བཀྲེས་སྐོམ་དང་དུ་བླངས་ཏེ་ཞབས་སོར་ཉིན་གྲངས་འཁོད་པའི་རྗེས།།
བལ་ཡུལ་རྒྱལ་ཁམས་སྐད་ཅིག་བརྒལ་ཞིང་བཞུགས་སྒར་རྡ་རམ་ས་ཉིད་ལ།།
བགེགས་སོགས་བར་ཆད་རྩད་ནས་མེད་པའི་སྐུ་ཁམས་བདེ་འབྱོར་ལེགས་གྲུབ་བོ།།

ཕོ་བྲང་ནང་མར་སྐྱབས་མགོན་མཆོག་དང་རིས་མེད་ཆོས་བརྒྱུད་བླ་ཆེན་དང་།།
གསེར་ཞལ་དགྱེས་འཛོམས་བསྐལ་བཟང་བྱུང་བས་གུས་འདུད་དར་ཁ་ཕན་ཚུན་འབུལ།།
ཕྱག་ཟུང་འཇུས་པའི་པར་རིས་ཁག་རྣམས་གསར་འགྱུར་བརྒྱུད་ལམ་ཡོངས་སུ་ཁེངས།།
འཛམ་གླིང་ས་ཕྱོགས་གང་ཞིག་ཡིན་ཡང་ཉིད་ཀྱི་གནས་ཚུལ་ཡིག་བཞིན་བགྲངས།།

དབང་ཆེན་དཔོན་དང་ཤེས་ཡོན་ཅན་རྣམས་གང་ཁྱེད་མཇལ་ཕྱིར་གཤོར་མཁན་མང་།།
གཟུར་གནས་སྐྱེ་བོ་གྲངས་ཀྱིས་མི་ལོངས་ཁྱོད་ལ་རེ་ལྟོས་བྱེད་མཁན་མང་།།
གང་ལྟར་མགོན་ཁྱོད་འཕགས་ཡུལ་ཞབས་སོར་བཀྲ་ཤིས་བདེ་འབྱོར་འཁོད་པ་དེས།།
འཛམ་གླིང་ཧྲིལ་པོ་ཡུད་ཙམ་ཉིད་ལ་གཡོ་འགུལ་གཉིས་པ་བྱས་ཙ་ན།།

གུ་དོགས་ཅན་ལ་སྙིང་ཁར་ཟུག་གཟེར་བསྟུད་མར་སྐྱེ་བའི་འགོ་ཙམ་ཞིང་།།
གཟུར་གནས་སྐྱེ་བོར་རེ་བའི་འཕར་མ་སླར་ཡང་ཐེངས་གཅིག་སླེབ་འགོ་བརྩམས།།
ཚ་གྲང་རེག་བྱས་གཅིག་གིས་གཅིག་བཅོམ་ཆོས་ཉིད་དོན་ལ་གནས་ཙ་ན།།
ཡུན་རིང་སྙིང་ལ་ལེགས་པར་བརྣགས་པའི་ཐུགས་དགོངས་རྣམས་ཀྱང་རྒྱང་དུ་བྲལ།།

གངས་རིའི་ས་ནས་འཕགས་ཡུལ་ཉིད་ལ་སྐྱབས་བཅོལ་འོང་མཁན་ཆེས་མང་ཡང་།།
བཞུགས་སྒར་ས་ནས་སྟོད་རྒྱུད་གྲྭ་ཚང་ཡང་བཅོལ་ཕེབས་མཁན་ཁྱེད་ཉིད་ཙམ།།
དེ་དང་དེ་འདྲའི་གནས་སྟངས་ཉིད་ལ་རེ་བའི་དོན་རྣམས་ཡིབ་བཞིན་པར།།
ཅི་ཡང་ཡིད་ལ་སེམས་པར་མི་བྱེད་བཟོད་པའི་ཕ་རོལ་ཕྱིན་རྫོགས་པ།།

དེ་བས་ཀྭན་ཏིང་ཏཱ་ཡི་སི་ཏུ་པདྨ་དོན་ཡོད་གྲུབ་པ་དང་།།
གོ་ཤྲི་རྒྱལ་ཚབ་མི་འགྱུར་གོ་ཆ་རྣམ་གཉིས་གཙོས་པའི་ཡབ་སྲས་མདུན།།
གོང་མའི་དོན་བརྒྱུད་ཆད་ལྷག་མེད་པའི་གདམས་ངག་ཇི་སྙེད་མཆིས་པ་རྣམས།།
བུམ་པ་གང་བྱོའི་དཔེ་ཡི་ཚུལ་དུ་ལེགས་པར་གསན་ནས་ཡོངས་གྲུབ་ཅིང་།།

མདོ་བསྔགས་དོན་ལ་རྩེ་མོར་སོན་པའི་མཁན་ཆེན་མཁན་ཆུང་རྣམ་པའི་དྲུང་།།
གཞུང་ཆེན་ཁག་ལ་གསན་བསམ་འཕར་མ་སླར་ཡང་ལེན་གཅིག་མཛད་པ་དང་།།
ཆོས་བརྒྱུད་རིས་མེད་མཁས་པའི་དྲངས་ནས་བགྲོ་གླེང་ལྷུག་པོར་བགྱིས་པའི་ཕྱིར།།
ལྟ་བའི་གནད་ལ་སྒྲོ་འདོགས་ཆོད་དེ་གྲུབ་པའི་རྒྱལ་ཁམས་མཐོན་པོར་གཤེགས།།

དེང་རབས་མི་ཡི་བློ་དང་མཐུན་པའི་སྐད་རིགས་མི་གཅིག་དུ་མ་དང་།།
རང་བྱུང་ཁམས་ལ་ཞིག་ཏུ་འཇུག་པའི་སྐྱེས་དངོས་ཚན་རིག་ལ་སོགས་པར།།
དུས་ཚོད་གང་ཁོམ་འབད་པ་ཆེན་པོས་སྦྱངས་པ་མཐར་ཕྱིན་མཛད་ཙ་ན།།
མཁས་པའི་གྲལ་ནང་ལྷན་ཅིག་བཞུགས་དུས་ཀུན་གྱི་བསྔགས་པའི་ཡུལ་དུ་གྱུར།།

རྒྱལ་མཆོག་གོང་མའི་གདན་ས་ཉིད་ལ་ཕེབས་རྒྱུའི་ཆོག་མཆན་མི་སྤྲོད་ཅིང་།།
མདོ་བསྔགས་གཞུང་ལ་སློབ་གཉེར་བགྱིད་སའི་བཤད་གྲྭ་འཛུགས་ཡུལ་མི་གནང་བ།།
རང་ཉིད་བཞུགས་སའི་གཟིམ་ཁང་འགྲིག་ཙམ་རྒྱག་སའི་ས་ཡང་མི་བསྟེར་བ།།
མདོར་ན་ཕར་འགྲོ་ཚུར་འོང་བདེ་བའི་རང་དབང་ཙམ་ཡང་མེད་ན་ཡང།།

ཡོད་མཁན་དག་ལས་རྣམ་པར་རྒྱལ་ནས་བཀའ་བརྒྱུད་སང་གྷའི་སྨོན་ལམ་དང་།།
གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་སའི་བཀའ་བརྒྱུད་དགུན་ཆོས་ཆེན་མོ་གཉིས།།
རང་བྱུང་ཁམས་ལ་གཅེས་སྤྲས་བྱེད་སའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་སོགས།།
སྤྱི་ཚོགས་ཁྲོད་དུ་གཟེངས་སུ་ཐོན་པའི་ཁྱེད་ཀྱི་མཛད་བཟང་འབད་མེད་འཆར།།

ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ལག་གདང་གཅིག་ཏུ་སྦྲེལ་བའི་དར་ཆེན་འཕྱར།།
རྒན་རབས་རྣམས་ལ་ཐུགས་ཀློང་ཟབ་མོས་དྲན་འཕྲུལ་དབེན་པའི་གུས་ཤིང་འདུད།།
ཉག་ཐག་འགྲོ་ལ་ནོར་སོགས་བསྟབས་ནས་སྦྱིན་པའི་ཕ་རོལ་ཡོངས་སུ་རྫོགས།།
ཤེས་རིག་སྤོངས་པའི་མཁས་པ་རྣམས་དང་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེས།།

ཉེ་ཆར་དུས་ཀྱི་སྐྱ་རེངས་གསར་པའི་སྐད་ཅིག་བསྙོན་མེད་འཆར་བའི་སྐབས།།
ཨ་རི་ཡོ་རོབ་རྒྱལ་ཁམས་གཉིས་ནང་ཆིབས་བསྒྱུར་བཀའ་དྲིན་ལེགས་བསྩལ་ནས།།
བྱམས་བརྩེས་བརྒྱན་པའི་ཁོར་ཡུག་གནད་དེ་བརྗོད་གཞིར་བཟུང་བའི་བཀའ་སློབ་ཁག །
ནུབ་ཕྱོགས་སྐྱེ་བོའི་སེམས་ཁམས་ངོས་ལ་ལྕེ་ཡི་བདུད་རྩིར་འགྱུར་ཙ་ན།།

མགོན་པོ་གང་ལ་བསྔགས་པའི་གཟེངས་རྟགས་རིན་ཐང་ཅན་རྣམས་ལེན་མང་འབུལ།།
དེའི་ཕྱིར་ཁྱེད་ཀྱིས་མཛད་བཟང་ཁག་གིས་ཤར་ནུབ་སྐྱེ་བོའི་སྒོ་གསུམ་འཕྲོགས།།
ངེས་པའི་དོན་ལ་རྒྱལ་སྲས་ཡིན་ཡང་དྲང་པོའི་དོན་དུ་མི་གཟུགས་ཤིག །
དེས་ན་ཕྱི་ནང་གནོན་ཤུགས་ཆེ་ཡང་གྲགས་པའི་མཚན་སྙན་འབར་སོང་ལགས།།

ཞེས་པའི་རྩོམ་ཐུང་འདི་ནི་རྒྱལ་དབང་ཀརྨ་པའི་སྐུའི་འཁྲུངས་སྐར་ལ། རྟེན་འབྲེལ་གྱི་མེ་ཏོག་ཚོམ་བུའི་དོད་དུ་དད་པའི་ངང་ལ་སྒོ་ཀུན་ནས་གཏོར་བར་དམིགས་ཏེ། རྡ་སའི་ཁུལ་མེན་ལར་གྷེན་ཇིའི་རང་ཁྱིམ་དུ་བྲིས་པར་དགེའོ། །

སྙན་ངག

Post navigation

Previous Post: ༧རིན་ཆེན་དྲུག་པས་སྡེ་སྲིད་མཆོག་ལ་གཟིགས་སྟངས་ག་འདྲ་རེད།
Next Post: ཐང་ཧྲུའུ་གླེགས་བམ་༧༧༧ ནང་འཁོད་པའི་བོད་གནས།

Comments (7) on “རྒྱལ་དབང་ཀརྨ་པའི་རྟོགས་བརྗོད་ཞིང་མཆོག་ལེགས་ལམ།”

  1. བསམ་འཕེལ་ says:
    2015-11-20 at 10:00 am

    “གུ་དོགས་ཅན་ལ་སྙིང་ཁར་ཟུག་གཟེར་བསྟུད་མར་སྐྱེ་བའི་འགོ་ཙམ་ཞིང་།།”

    རྩོམ་དེའི་ནང་གི་ན་ཚ་ཆ་ཚང་གོང་གི་ཚིག་དེའི་ནང་འདུག།

    བོད་མིའི་སྤྱི་ཚོགས་དེ་གྲཱ་ལོག་དེ་ཚོས་སྐྱིད་པོ་བཞག་ས་མ་རེད།

  2. རང་བཙན་བུ། says:
    2015-11-20 at 11:24 pm

    ༸རྒྱལ་དབང་མཆོག་དང་བོད་གཞུང་གཉིས་ཀྱིས་གཅེས་པར་བསྐྱངས་པའི་བཀའ་དྲིན་ལས།།
    འཇིག་རྟེན་འདི་ན་ཀརྨ་པ་ཞེས་མཚན་སྙན་དགུང་དུ་འཕག་པའི་སྐབས།།
    ཁྱེད་ལ་ཞེན་མདོག་གྲྭ་ལོག་འགའ་དང་གྲྭ་གཟུགས་མིང་ཅན་རེ་འགའ་ཡིས།།
    དགུང་དུ་འཕྱུར་བའི་མཚན་བཟང་རྒྱལ་མཚན་ཐང་ལ་གཡུག་ཉེའི་མཚམས་སུ་བསླེབས།།

    ཡོང་གླིང་ཀརྨ་མཆོག་སྤྲུལ་རྣམ་གཉིས་ཕན་ཚུན་ཐུགས་སྣང་གཤིན་གྱུར་ཀྱང་།།
    མི་ངན་ལ་ལའི་རྒོལ་འཛིང་ཞིག་གི་ལག་ཆར་འགྱུར་ཉེའི་སྔ་ལྟས་འཆར།།
    མཆོག་སྤྲུལ་རྣམ་གཉིས་ཕྱག་ཟུར་སྦྲེལ་ཏེ་མི་ལྷོད་༸རྒྱལ་བསྟན་འཛིན་པའི་སླད།།
    འཇིག་རྟེན་ཀུན་གྱི་གཙུག་གི་ནོར་བུ་རྒྱལ་དབང་མཆོག་གི་དགོངས་བཞེས་སྒྲུབས།།

    ཀུན་གྱིས་དོར་འོས་ཐལ་བའི་རྡུལ་འདྲའི་མི་ངན་ལ་ལའི་གཡོ་བྱུས་དང་།།
    ཅོལ་ཆུང་གུ་དོག་སེམས་ཆུང་ཞེན་མདོག་སེམས་མེད་ལ་ལའི་སྐད་ཆ་ལ།།
    ཉིད་སྐུ་ཟུང་གིས་ཚད་མར་མི་འཛིན་བདག་ལ་ཡིད་ཆེས་ངེས་རྙེད་ཀྱང་།།
    སྐབས་འགར་འདི་འདྲ་མང་བར་གྱུར་ན་ད་ནི་ཅི་ཞིག་གནང་ཡོང་སྙམ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 1:00 am

    མདོ་བསྔགས་གཞུང་ལ་
    འདི།
    མདོ་སྔགས་གཞུང་ལ་
    ཡང་།
    མེན་ལར་གྷེན་ཇིའི
    འདི།
    མེག་ལོར་གྷནྗ
    རང་བཞིན་བརྗོད་པའི་རྒྱན་ཅན་གྱི་བྱུང་རབས་རང་བཞིན་གང་ཡིན་བརྗོད་པ་ནི། ཤིནད་ཏུ་ཡིད་རངས་པའི་གནས་སུ་མཐོང་ལགས། བཀའ་དྲིན་ཆེའོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 5:21 am

    དྲ་གྲོགས་པདྨ་ལགས།
    མེ་ཏོག་པདྨ་མིན་པའི་པདྨ་ཁྱོད། །
    ཡུམ་གྱི་པདྨ་མིན་པའི་པདྨ་ཁྱོད། །
    ཁ་བརྡའི་པདྨ་ནག་མོ་པདྨ་ཁྱོད། །
    ཁྲག་དོག་མིག་གི་པདྨ་དྲ་གྲོགས་ཁྱོད། །

  5. ཁྱུང་སེ། says:
    2015-11-21 at 5:49 am

    ཀརྡོ་ལགས་པདྨས་ཀརྨ་xxགཉིས་ལ་དབྱེད་འབྱེད་བྱེད་པ་དང་ཁྱེད་ཀྱིས་བན་བོན་གཉིས་དབར་ལ་དབྱེ་འབྱེད་ཀྱི་ཕྲག་དོག་བྱེད་པ་གཉིས་ལ་ཁྱད་པར་ཨེ་འདུག མེད་ན་དེ་ག་རང་རེད། ཡོད་ན་ངས་བྱས་པ་ཕྲག་དོག་མིན། གཞན་གྱིས་བྱས་པ་ཕྲག་དོག་ཡིན་པར་འདོད་ན་ཞུ་རྒྱུ་ཅང་མེད།།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 7:16 am

    ངས་རྒྱལ་དབང་ཀརྨ་པ་དང་། བོན་པོའི་བླ་མ་ཁྲི་ཐོག་པ་གཉིས་ལ་ཕྲག་དོག་བྱེད་མི་སྲིད། ཡིན་ནཡང་། པདྨ་ལགས་དང་། ཁྱུང་སེ་གཉིས་ལ་ཕྲག་དོག་བྱེད་སྲིད་པ་རེད། ཕྱེད་ཀུ་རེ་ཡིན།

  7. ལུང་རྟོགས། says:
    2015-11-21 at 7:25 am

    ཀར་རྡོ་འདི་རྩོམ་རྩལ་ལེགས་པོ་རེད། ཀརྨ་པ་མཛད་འཕྲིན་རྒྱས་ཡོང་དུས་ཕྲག་དོག་གིས་མཚན་སྨོད་ཞུ་མཁན་དག་ནི་སྙིང་རྗེ་བའི་གནས་རེད། པད་མ་ནག་པོས་ཁ་ནག་ནང་ནས་གཏམ་ནག་སྣ་ཚོགས་སྒྲོགས་བྱེད་ཀྱང་། ཀརྨ་ནག་པོའི་མཛད་འཕྲིན་དཀར་པོ་འཛམ་གླིང་གོ་ལའི་ཁྱོན་ལ་ཁྱབ། །པད་ནག་སེམས་ནག་སྡུག་གི་མུན་པ་ནག་པོའི ནང་ལ་འཐུམ་པའི་དུས། །དམྱལ་བ་ནག་པོའི་གཏིང་རྡོར་ལྷུང་དུས་འགྱོད་པ་ནག་པོ་སྐྱེས་ཀྱང་འཕྱི།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme