Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་དབང་ཀརྨ་པ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།

Posted on 2013-09-062013-09-06 By ཁ་བརྡ་ 40 Comments on རྒྱལ་དབང་ཀརྨ་པ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།

༼སྒྲུབ་རྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།༽
མཁོ་འདོན་པ་ཁྲི་གཡུང་དྲུང་།

1 (1)དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡བོད་ཆུ་སྦྲུལ་ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་སྟེ། ཕྱི་ལོ་༢༠༡༣ཟླ་༩་ཚེས་༤་རེས་གཟའ་ལྷག་པའི་ཉིན་༧སྒྲུབ་རྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་གནང་བའི་གནས་བསྡུས།
དེ་ཡང་ཕྱི་ཟླ་༩ ཚེས་ ཉིན་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་འཕྲིན་ལས་རྒྱ་མཚོ་ཁུ་ནུ་ལ་ཕེབས་བསུར་བཅར་དོན་བཞིན་ཟླ་༩་ཚེས་༤ཉིན་གྱི་སྔ་དྲོར་ས་གནས་ཨོ་ཆི་གྷར་Ochghatནས་བོན་གཞིས་ས་གནས་འཐུས་མི་ལྷན་ཚོགས་དང་། བོན་གཞིས་ས་གནས་འགོ་འཛིན། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་དྲུང་ཆེ་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ། སྨན་རིའི་གྲྭ་ཚང་གཉེར་པ་བཅས་ནས་ཕེབས་བསུ་ཞུས་ཤིང་བོན་གཞིས་ཐོབ་རྒྱལ་གསར་པའི་རྒྱལ་སྒོའི་མཚམས་ནས་བོན་གཞིས་མི་མང་དང་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་བཅས་ཀྱིས་ལྷ་བསང་གི་དུད་སྤྲིན་དང་རོལ་དབྱངས་བཅས་ཕེབས་བསུ་ཞུས།2 (1)

ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་གྱི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཕེབས་སྒོའི་མདུན་ཐང་ནས་སེམས་དཔའ་འདུས་མང་ཡོངས་ཀྱིས་སེར་ཕྲེང་དང་བཅས་ཏེ་ཚོགས་ཆེན་འདུ་ཁང་གི་སྒོ་འཁྱམས་སུ་གདན་ཞུས་ཀྱིས་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་དང་མཇལ་ཕྲད་གནང་ཞིང་། འདུས་མང་ཡོངས་ནས་ཆེ་བསྟོད་ཀྱི་གཤེན་རབ་མཆོད་རྔའི་མཆོད་འབུལ་གྲུབ་རྗེས་འདུ་ཁང་ནང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་མངའ་གསོལ་མཛད་ཅིང་གྲྭ་མང་རྣམས་ཀྱིས་ཁྲི་གསོལ་ཚིག་བཤད་གྱེར་འདོན་དང་འབྲེལ་༧སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་དོན་འགྲུབ་དང་༧བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་རྒྱ་མཚོ་རྣམ་གཉིས་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དེ་རྗེས་༧རྒྱལ་བ་སྨན་རིའི་བླ་བྲང་དུ་གདན་ཞུས་ཀྱིས་༧རྒྱལ་བ་སྨན་རི་བ་མཆོག་དང་སྒྲུབ་རྒྱུད་བསྟན་པའི་བདག་ཉིད་ཆེན་པོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་ཁོང་གི་ལྕམ་སྲིང་རྗེ་བཙུན་མ་དངོས་གྲུབ་དཔལ་འཛོམས་ལགས་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་བཅས་ལྷན་བཞུགས་ཀྱིས་ལྗགས་སྨིིན་གནང་ཞིང་དགྱེས་བརྩེའི་བཀའ་མོལ་མཛད།

ཉིན་གུང་ཕྱག་ཚོད་གཉིས་པ་ཙམ་གྱི་ཐོག་སྨན་རིའི་གཙུག་ལག་ཁང་མདུན་དུ་གདན་ཞུས་ཀྱིས་ཕེབས་བསུའི་མཛད་སྒོ་ལ་ཐོག་མར་བླ་ཁྲི་མཁན་པོ་དགེ་བཤེས་ཉི་གྲགས་པ་རིན་པོ་ཆེ་ལགས་ནས་ཕེབས་བསུའི་བཀྲ་ཤིས་བདེ་ལེགས་དང་འབྲེལ་༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་འབྲེལ་བའི་གཏམ་བཤད་གནད་སྨིན་གནང་ཞིང་། དེ་རྗེས་སྒྲུབ་རྒྱུད་བསྟན་པའི་བདག་ཉིད་ཆེན་པོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང་།6

དེ་ཡང་ཁོང་གིས་བཀའ་སློབ་ཀྱི་ནང་དོན་གནད་བསྡུས་“ད་ལན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདིར་ཕྲན་དངོས་སུ་བཅར་ཐུབ་པ་འདིར་ཧ་ཅང་གིས་སྐལ་པ་བཟང་པོ་བྱུང་། སྔར་ནས་༧རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིམ་བྱོན་རྣམས་ཕན་ཚུན་ལས་སྨོན་དང་འབྲེལ་འདྲིས་ཟབ་ཅིང་། ཕྲན་ནས་ཀྱང་གཤེན་བསྟན་ལ་དགའ་གུས་ཆེན་པོ་ཡོད་ཅིང་། བསྟན་པ་དར་རྒྱས་ཀྱི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བཞིན་ཡོད་”ཅེས་གསུངས་ཤིང་མཐར་ཡང་ཁོང་གིས་“ང་རང་ཚོ་དེ་རིང་འདིར་བཅར་བྱས།  མཇལ་ཐུབ་པ་དེ་ང་རང་གི་ཡིན་ན་ཡང་དམིགས་བསལ་གྱི་དོན་ཆེན་པོ་ཞིག་འགྲུབ་སོང་སྙམ་པ་ཞིག་དང་། སོ་སོ་མི་ཚེའི་ནང་གི་ད་གང་ཅིའི་དོན་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡིན། མ་འོངས་པར་ཡིན་ན་ཡང་གཡུང་དྲུང་བོན་གྱི་གདན་ས་འདིར་མཇལ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡིན།”ཞེས་གསུངས་ནས་བཀའ་སློབ་ཀྱི་མཇུག་གྲུབ་པར་བྱས།

མཇུག་མཐར་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་གནང་ཞིང་མཛད་སྒོ་མཇུག་གྲུབ་པར་བྱས་ཏེ་༧གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་བཅས་ལ་གཟིགས་སྐོར་གནང་།

ཕྱི་དྲོའི་ཕྱག་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་སྟེང་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་གཙོས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་ཕེབས་སྐྱེལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་དྲ་བའི་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་དུ་འབོད་པས་བགྱིས་པ་དགེ།

གསར་འགྱུར།

Post navigation

Previous Post: སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ།
Next Post: སེམས་ཀྱི་རྨ་ཁ།

Comments (40) on “རྒྱལ་དབང་ཀརྨ་པ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ།”

  1. དམུ་ཐག་གི་བུ་རྒྱུད། says:
    2013-09-06 at 12:35 am

    སྐྱབས་སུ་མཆིའོ། བོད་ཀྱི་བླ་ཆེན་ཁག་གི་མཛད་འཕྲིན་འདི་ལྟར་བསྐྱང་ན་ཕྱོགས་ཡོངས་ནས་ཕན་ཐོག་ཆེན་པོ་འདུག་པས་མུ་མཐུད་ནས་ཕན་ཚུལ་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རོགས།

  2. འཇིགས་མེད་བློ་གྲོས། says:
    2013-09-06 at 12:43 am

    རིན་ཐང་ལྡན་པའི་གནས་ཚུལ་བཀོད་པར་དགའ་བསུ་ཞུ། གཅན་ལྔ་རིན་ཆེན་ཁྲི་གསུངས་པའི་གཅན་ལྔའི་གོ་བ་གང་ཡིན་གསུངས་རོགས།
    ༸དཔལ་རྒྱལ་བ་སྨན་རི་བ་མཆོག་དང་༸དཔལ་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

  3. དྲན་དཀར་དཔལ་ཡོན་ says:
    2013-09-06 at 1:16 am

    ༸དཔལ་རྒྱལ་བ་སྨན་རི་བ་མཆོག་དང་༸དཔལ་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་དང་བཅས་པས་མཚམས་སྦྱར། འདི་དག་ནི་ད་ལྟའི་བར་དུ་རྒྱུན་ལྡན་རེད་ལ་རྒྱུན་ལྡན་ལས་ལྡོག་པའི་གནས་ཚུལ་འབྱུང་མི་སྲིད་པ་མིན་གྱང་རྒྱུན་ལྡན་གྱི་འཚོ་བར་སྣང་ཆུང་བྱེད་མི་རུང་བ་ང་ཚོས་ཚོར་དགོས་ཀྱིན་འདུག
    ང་ཚོ་མི་དམངས་རྣམས་ནི་འདྲ་མཉམ་དང་ཕན་ཚུན་གུས་བརྩི་དང་དྲང་བདེན་དགའ་ཧ་ཅང་དགའ། རྣམ་པ་བཀའ་དྲིན་མཐོང་ན་དགའོ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 2:02 am

    ཁ་བརྡ་དྲ་བའི་ཡར་རྒྱས་ལ། དགའ་བསུ་དང་། བཀྲ་ཤིས་བདེ་ལེགས་ཞུ། །

  5. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 2:06 am

    # 3 དྲན་དཀར་དཔལ་ཡོན་ Says:
    གནས་ཚུལ་འབྱུང་མི་སྲིད་པ་མིན་གྱང་་་་
    འདི།
    གནས་ཚུལ་འབྱུང་མི་སྲིད་པ་མིན་ཡང་་་་་་ མིན་ནམ། ལགས།

  6. དྲན་དཀར་དཔལ་ཡོན་ says:
    2013-09-06 at 2:27 am

    ཁ་དྲོ་བཀྲ་ཤིས། བཀའ་དྲིན་ཨ།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 2:29 am

    ༸དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། ༸དཔལ་རྒྱལ་བ་སྨན་རི་བ་མཆོག་རྣམ་གཉིས་ཀྱི། ༸སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཕྱོགས་ཀུནད་ཏུ། རྒྱས་པའི་སྨོན་འདུན་ཞུའོ།། །།

  8. རྟ་བདུན་དབང་བོ says:
    2013-09-06 at 4:17 am

    དཔལ་རྒྱལ་བ་ཀརྨ་པ་མཆོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོར་ཞབས་སོར་བཀོད་དེ་འཛམ་གླིང་བོན་གྱི་གཙུག་རྒྱན་སྨན་རིའི་ཁྲི་འཛིན་དང་མཇལ་ཕྲད་མཛད་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་བ་ནི་གང་གི་བླ་ན་མེད་པའི་གཟི་བརྗིད་ཅིག་རེད། དམ་པ་རྣམ་གཉིས་ཀྱི་སྐུ་ཚེའི་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱིས་བཞེད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་ཤོག།
    འཇིགས་མེད་བློ་གྲོས་ལགས། གཅན་ལྔའི་ཁྲི་ནི། སེང་གླང་རྟ་འབྲུག་ཁྱུང་ལྔ་ལ་གོ་དགོས་སྙམ།།

  9. ལུང་རྟོགས། says:
    2013-09-06 at 4:52 am

    དགའ་བསུ་ཡོད་ལ་རེ་བ་ཡང་ཡོད།

  10. རང་ཤར་རིག་གྲོལ་རྩལ says:
    2013-09-06 at 4:57 am

    ཨ་ཕྱི་ཆོས་སྒྲོན་ཟེར་བའི་དམ་ཉམས་འདིས། ག་དུས་ཡིན་ན་བོན་པོར་ཚོར་སྡུག་སྐད་རྒྱག་གིན་འདུག
    ངས་ལྟོས་ན་མི་འདིའི་སྐྱེ་བ་སྔོན་མ་བོན་པོས་འདུལ་ལ་བརྟེན་ནས་ཚར་བཅད་པའི་འདྲེ་ངན་ཞིག་ཡིན་ས་རེད། བོན་པོས་འདུལ་བརྟེན་ནས་འདྲེ་ངན་སྡིག་པ་ཅན་མང་བོ་ཚར་བཅད་པའི་ལོ་རྒྱུས་ཡོད་པ་རེད།།

  11. གངས་དཀར་ཤ་མེད། says:
    2013-09-06 at 5:37 am

    བོད་ཀྱི་སྐྱེ་ཆེན་དམ་པར་ཁོང་རྣམ་གཉིས་སྐུ་ཚེ་བརྟན་ཅིང་མཛད་པ་ལྷུན་གྱིས་གྲུབ་ཅིང་བཞེད་དགོངས་ཡོངས་སུ་འགྲུབ་པར་ཤོག

  12. བཀྲ་ཡེ་ཚང་། says:
    2013-09-06 at 8:45 am

    ཨ་ཕྱི་ཟེར་བ་དེ་སུ་ཡིན་ཤེས་སོང་།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 10:15 am

    དེ་རིང་འདིར། ངས་ནི། ཨ་ཕྱི་མཐོང་བགྱིད་ མི་འདུག འོནད་ཀྱང་། ཨ་ཕྱི་སུ་ཡིན། ངས་ནི། ཤེས་མ་སོང་བས་་་་་

  14. ཨ་ཕྱི་ཆོས་སྒྲོན says:
    2013-09-06 at 11:45 am

    ཨོོོ། ངས་བསྟོད་སྨད་གང་ཡང་བྱས་མེད་ཀྱང་། སི་ཀར་དང་ཨ་ནེ་སྟོད་འགག་སྔོན་པོ་ཅན་དེ་སྨན་རི་མ་ཡིན་ས་རེད། དེང་དུས་བོན་པོའི་གྲྭ་ཚང་དེ་དག་རིགས་པ་སྨྲ་བ་ཡིན་པར་དྲན་ཡོད་ཀྱང་ད་དུང་རྨོངས་རྒྱུགས་ཀྱི་ར་བ་ལས་འདས་མེད་པར་གསལ་ཐག་ཆོད་སོང་། །

  15. བཀྲ་ཡེ་ཚང་། says:
    2013-09-06 at 11:49 am

    ཀརྡོ་ལགས། ཨ་ཕྱིའི་མཆན་ཁ་བརྡ་ཚང་གིས་སུབ་ཚར་འདུག

  16. རང་བྱུང་རིག་པའི་རྡོ་རྗེ says:
    2013-09-06 at 12:25 pm

    རྒྱལ་བ་ཀརྨ་པ་མཁྱེན་ནོ། སྨན་རིའི་ཁྲི་འཛིན་མཁྱེན་ནོ། དམ་པ་རྣམ་གཉིས་ཀྱི་ཐུགས་དགོངས་འོ་ཆུ་བཞིན་འདྲེས་པ་ཤིན་ཏུ་ནས་ལགས་སོ།།

  17. ནུབ་ཕྱོགས་གངས་ཕྲུག says:
    2013-09-06 at 12:39 pm

    རྒྱལ་དབང་ཀརྨ་པ་སྨན་རི་གདན་ས་ཕེབས་པ་དགའ་སྤྲོ་བརྟས། ཡིན་ནའང་རྡ་ས་ཉེ་འཁྲིས་སུ་རང་གི་ཆོས་བརྒྱུད་གཅིག་པའི་དགོན་པ་ཤེས་རབ་གླིང་དུ་ཕེབས་མ་ཐུབ་པ་གང་ཡིན་ནམ?

  18. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 2:48 pm

    15 བཀྲ་ཡེ་ཚང་།
    ཀརྡོ་ལགས། ཨ་ཕྱིའི་མཆན་ཁ་བརྡ་ཚང་གིས་སུབ་ཚར་འདུག
    འདི་ལ།
    བཀྲ་ཡེ་ཚང་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུ། སུབ་འོས་པ་ཅིག་ཡིན་པར་ངེས་པས་སོ།། །།

  19. རང་ཤར་རིག་གྲོལ་རྩལ says:
    2013-09-06 at 3:40 pm

    གཅིག་ནི་ཨ་ཕྱི་ཆོས་སྒྲོན་གྱི་མཆན་ཉོག་དེ་བརྗོད་བྱ་འདི་དང་འབྲེལ་བ་མེད་དང་། གཉིས་ནི་བོན་པོར་ཟུར་ཟ་ཅུང་ཟད་ཅིག་བྱས་འདུག་པས། ཁ་བརྡ་དྲ་བས་བསུབས་པ་མིན་ནམ་སྙམ།།

  20. BONPO says:
    2013-09-06 at 8:04 pm

    ༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ད་ལམ་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་ཀྱི་པད་མོ་མངོན་པར་བཅག་ནས་གཡུང་དྲུང་བོན་གྱི་བླ་ཆེན་༧དཔལ་རྒྱལ་བ་སྨན་རི་བ་མཆོག་དང་ལྷན་དུ་ཞལ་མཇལ་བཀའ་མོལ་ལྷུག་པོར་གནང་སྟེ་བསྟན་འགྲོའི་དོན་ཆེན་བསྐྱངས་གནང་མཛད་པ་ལ་སེམས་ཁོངས་ནས་དགའ་བསུ་དང་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་མ་འོངས་པར་སྐུ་མཆོག་ཡང་ནས་ཡང་དུ་བོན་གྱི་དགོན་སྡེ་དང་འདུས་སྡེ་ཁག་ལ་ཕེབས་པའི་རེ་བ་དང་གསོལ་འདེབས་ཀྱང་ཞུ་བ་ཡིན། །
    ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ་། ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ། །

  21. མངའ་རིས་འཕྲིན་ལས། says:
    2013-09-06 at 8:23 pm

    བཀའ་བོན་གཉིས་ཀྱི་བསྟན་པའི་མངའ་བདག་རྣམ་པ་གཉིས་གསེར་ཞལ་ལྷན་རྒྱས་བྱུང་བ་དང་འབྲེལ། བཀའ་བོན་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ལོ་རྒྱུས་མི་ཉམས་རྒྱུན་འཛིན་གནང་བར་སྙིང་ནས་གུས་འདུད་དང་། སླར་ཡང་བཀའ་བོན་ཟུང་འབྲེལ་གྱིས་སྤྱི་བྱེའི་བསྟན་འགྲོར་སྨིན་པའི་མཛད་འཕྲིན་མཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་ཅིང་། བསྟན་པའི་མངའ་བདག་རྣམ་གཉིས་ཀྱི་དབུས་བཀའ་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་སོར་བཅུའི་འདབས་མ་སྤྱི་བོར་བཀོད་དེ་ཞུ་རྒྱུ་ཡིན།།

  22. བན་དེ་བ། says:
    2013-09-06 at 9:22 pm

    དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་རྒྱལ་བ་སྨན་རིའི་ཁྲི་འཛིན་རྣམ་གཉིས་ཞལ་མཇལ་གནང་རེས་དང་བཀའ་བོན་གཉིས་ཀྱི་རྗེས་འཛིན་པ་ཡོངས་ནས་ཕན་ཚུན་ཐུགས་མཐུན་དམ་གཙང་ཡོང་བའི་བཀའ་སློབ་ཟབ་མོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ། འདི་ལྟ་བུའི་མཛད་བཟང་ནི་ཆེས་མངགས་པར་འོས་པ་ཞིག་རེད་འདུག མ་འོངས་པ་ལ་དེ་བཞིན་ཆོས་རྒྱུད་གཞན་གྱི་བླ་ཆེན་མཁས་དབང་ཁག་ཕན་ཚུན་ལྟ་བ་བརྗེ་རེས་དང་དག་སྣང་འོ་ཆུ་འདྲེས་པའི་ཐབས་ལམ་འཚོལ་རྒྱུ་ནི་དུས་ལ་བབས་པའི་ལས་སྟངས་ཞིག་ཏུ་སེམས།
    འགའ་ཞིག་གིས་བཀའ་བོན་གཉིས་དབར་ལ་དམ་ཚིག་འཁྲུགས་གཞིར་བཏིང་མོད་དེ་ལྟར་ནམ་ཡང་འབྱུང་མི་སྲིད་ཅིང་བཀའ་བོན་གཉིས་ཀུན་ཏུ་མཛའ་མཐུན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

  23. ཁྲི་གཡུང་དྲུང་། says:
    2013-09-06 at 11:44 pm

    བཀུར་འོས་ཁ་བརྡ་རྩོམ་སྒྲིག་པ་གཙོས་མཆན་འགོད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཨ་ཕྱི་ཆོས་སྒྲོན་ལགས་བོན་ལ་ཧ་ཅང་སྡང་མཁན་ཞིག་ཡིན་སྲོལ་འདུག ཧ་ཅང་གིས་ཐལ་དྲག་ན་“བྱས་རྒྱུ་མང་ན་ཡོང་རྒྱུར་ཡོང་”ཟེར་བ་ཞིག་ཡོད་པས་ཐུགས་འཇགས་ཞུ།

  24. ཨ་ཕྱི་ཆོས་སྒྲོན says:
    2013-09-07 at 1:07 am

    ཨ་རོ་བོན་པོ་སྐྱག་ཤོར། འུར་མ་སྔ་ལོ། ཀརྨས་ནམ་ཡང་བོན་པོ་མཁྱེན་ནོ་ཟེར་ཀྱིན་མ་རེད། ཁ་ཡག་རེད་མ་གཏོགས་དངོས་ནས་ཡིན་ན་་་་་་་་
    བོན་གྱི་ཆག་སྒོ་ཆེ་ཤོས་སུ་ངོས་འཛིན་བྱས་ཡོད།

  25. རང་ཤར་རིག་གྲོལ་རྩལ says:
    2013-09-07 at 1:36 am

    འདྲེ་མོ་འདིས་ག་རེ་ལབ་ཀྱི་ཡོད། དང་བོ་ཁྱོད་སུ་ཡིན་ང་ོསྤྲོད་ཅིག་གནང་རོགས་ཞུ།
    དེ་ནས་ངེད་གཉིས་རྩོད་པ་ཞིག་བྱེད།།

  26. ཨ་ཕྱི་ཆོས་སྒྲོན says:
    2013-09-07 at 1:53 am

    ཨ༵་མ་འགྲོ་བ་ཡོངས་ལ་བརྩེ། །
    ཕྱི༵་ནང་གསང་བའི་མཁྱེན་རབ་ཅན། །
    ཆོས༵་ཀྱི་བགྲོ་གླེང་སྤེལ་མཁས་མ། །
    སྒྲོན༵་མེའི་རྒྱལ་མོ་ང་ཡིན་ནོ། །
    ཞེ་ས་མེད་པའི་རང་ཤར་ཁྱེད། །
    རྣམ་དཔྱོད་མེད་པའི་གཏམ་དུ་ཐལ། །
    རིག་གྲོལ་ཡིན་ན་ཆགས་སྡང་གི །
    རྗེས་སུ་མ་བསྐྱོད་བློ་གྲོས་ཅན། །
    རྐུན་མའི་རྒྱབ་ཤད་ཇག་པས་བྱས། །
    རྫུན་དང་གཡོ་སྒྱུས་འཁོར་ལོ་བསྐོར། །
    སྐྱེ་དགུའི་བདེ་སྐྱིད་མུན་ཀློང་བསྒྱུར། །
    འབྱུང་པོའི་རྩ་ལག་དགའ་སྤྲོ་བརྟས། །

  27. ཀརྡོ་གཉེར་ཕྱག་པ་ says:
    2013-09-07 at 2:07 am

    # 26 ཨ་ཕྱི་ཆོས་སྒྲོན Says:
    ཨ༵་མ་འགྲོ་བ་ཡོངས་ལ་བརྩེ། །
    ཕྱི༵་ནང་གསང་བའི་མཁྱེན་རབ་ཅན། །
    ཆོས༵་ཀྱི་བགྲོ་གླེང་སྤེལ་མཁས་མ། །
    སྒྲོན༵་མེའི་རྒྱལ་མོ་ང་ཡིན་ནོ། །་་་་་་་ཟེར། ཧཧཧཧཧཧཧ།

  28. རང་ཤར་རིག་གྲོལ་རྩལ says:
    2013-09-07 at 2:44 am

    ཁྱོད་ནི་ཞེ་སྡང་མེ་ལྟར་འབར་བ། འདོད་ཆགས་ཆུ་ལྟར་ཁོལ་བ། གཏི་མུག་མུན་པ་ལྟར་ཐིབ་པའི་དམ་ཉམས་ཁྱོད་ཀྱིས་འབྲི་གུང་ཨ་ཕྱི་ཆེ་མོ་མཚན་ལོག་པར་སྤྱད་ནས་གྲུབ་མཐའི་བར་ལ་དཀྲུགས་ཤིང་མ་འཕེན།།

  29. འབྲོང་བུ་སོག་ཚ། says:
    2013-09-07 at 11:27 am

    ཞེ་སྡང་མེ་ལྟར་འབར་བའི་ཨ་ཙ་མ།
    ཕྱི་མ་མྱལ་ཁམས་ཉུལ་བའི་སྡིག་རྒན་མ།
    ཆོས་བརྒྱུད་དབྱེན་དཀྲུག་བྱེད་པའི་བདུད་མོ་མ།
    མཐུན་སྦྲེལ་རྩད་ནད་གཏོར་བའི་དམར་མོ་ཁྱོད།

  30. ཨ་ཕྱི་ཆོས་སྒྲོན says:
    2013-09-07 at 12:23 pm

    ཨ་ཕྱི་མ་རྒན་སྨད་པའི་ནང་འཛིང་འཁན། །
    བཀའ་བསྟན་བརྐུ་བཤུས་བྱེད་པའི་ཁྲམ་པ་དང་། །
    བླ་བརྒྱུད་དམ་ཚིག་འགལ་བའི་རྫུན་རྒན་རྣམས། །
    གཤིན་བདུད་འདྲེ་ཕོ་ཞེས་པ་དེ་མིན་ནམ། །

  31. རང་ཤར་རིག་གྲོལ་རྩལ says:
    2013-09-07 at 3:16 pm

    ངས་ནི་འབྲི་གུང་ཨ་ཕྱི་ཆེ་མོ་ལ་གུས་པ་ལས་སྨད་པ་ཞིག་བྱེད་ཀྱིན་མེད། འོན་ཀྱང་དམ་ཉམས་ཁྱོད་ཀྱིས་ཨ་ཕྱི་ཆེ་མོས་མཚན་ལོག་པར་སྤྱད་འདུག་པས་ནམ་ཡང་བཏང་སྙོམས་སུ་འཇོག་མི་རུང་ངོ་།།

  32. འབྲོང་བུ་སོག་ཚ། says:
    2013-09-07 at 4:10 pm

    མ་ཡིན་ཡིན་ཁུལ་བྱེད་པའི་ཨ་ཕྱི་མ།
    ཆོས་མིན་ཆོས་སུ་རྫུས་པའི་རྫུན་མཁན་མ།
    བླ་སྤྲུལ་བར་དུ་དཀྲུག་པའི་གཡོ་འཕྲུལ་མ།
    བོད་མིན་བོད་དུ་བརྫུས་པའི་འབའ་མོ་ཁྱོད།

  33. dhoshul says:
    2013-09-08 at 7:28 am

    དཔལ་རྒྱལ་དབང་ཀརྨ་པ་མཆོག་སྨན་རིས་གདན་དྲངས་པ་བཟང་ཡང་གདན་དྲངས་པའི་རྒྱབ་ལྗོངས་འགའ་ཡིས་མ་འོངས་པའི་མཛད་ཕྲིན་ལ་གནོད་སྲིད་པ་རེད།

  34. dhoshul says:
    2013-09-08 at 7:31 am

    སྨན་རི་ཁྲི་འཛིན་བླ་མ་བཟང་པོ་ཞིག་ཡིན་ས་རེད། བོན་གྱི་བསྟན་པ་ལ་བྱས་རྗེས་ཅན་གྱི་བླ་མ་ཞིག་རེད་འདུག རྗེ་སུ་ཡི་རངས།

  35. dhoshul says:
    2013-09-08 at 7:58 am

    གཅན་ལྔ་སེང་གེ་དང་རྟ་གླང་པོ་འབྲུག་ཁྱུང་ལྔ་ཡིན་དུས་ཁྱུང་དེ་རྒྱབ་ཡོལ་གྱི་རྩེ་ལ་ཡོད་པ་ཡིན་ས་རེད། གདོང་ལྔའི་ཁྲི་ལབ་ན་མི་འགྲིགས་པ་ཡིན་ས་རེད། བོད་བརྒྱུད་ནང་བསྟན་རྣམས་ཀྱིས་གདོང་ལྔའི་ཁྲི་ལབ་པ་རེད་དེ་རྒྱ་གར་ནས་བྱུང་པ་བཤད་ཡོད་པ་རེད།གདོང་ལྔ་དང་གདོང་ཡང་འདྲ་མི་འདྲ་བཤད་ཡོད་པ་རེད།

  36. རྟ་བདུན་དབང་བོ says:
    2013-09-08 at 12:57 pm

    གདོང་ལྔ་ནི་སེང་གེ་གཅིག་ལ་གདོང་ལྔ་ཡོད་པར་གོ་དགོས་སམ། རྒྱ་གར་ན་སེང་གེ་གདོང་གསུམ་པ་ཡོང་གྲགས་རེད། སེང་གེ་གདོང་གསུམ་པ་དེ་ཆོས་རྒྱལ་ཨ་ཤོ་ཀ་ལས་བྱུང་བའི་མཚོན་དོན་ཞིན་ཡིན་སྙམ།།

  37. གཡུ་འབྲུག says:
    2013-09-08 at 6:53 pm

    ཤིན་ཏུ་ལེགས།

  38. སྤྲོས་བྲལ says:
    2013-09-08 at 9:09 pm

    ལེགས་སོ།།

  39. བོད་ཀྱི་བུ་ says:
    2013-09-11 at 7:07 am

    བོན་པོ་དེ་ཚོ་ལྟས་ངན་པ་ཞིག་རེད་འདུག་རང་གི་རང་གང་ལ་དད་པའི་ཆོས་ལ་ཡིད་ཆེད་ངེས་པ་རྙེད་པ་ཞིག་མེད་ཡོང་དུས་་ང་ནང་པ་ཡིན་བོན་པོ་ནང་པ་ངེས་པར་ཡིན་དགོས་ཟེར་བ་སོགས་ཀྱི་སྐད་ངན་ལུང་པ་གང་རྒྱབ། ད་ཡང་ཀརྨ་པ་ལ་རེ་བ་དང་སྐྱབས་འགྲོ་བྱས་ཡོང་གི་འདུག་ཀརྨ་པ་ཁོ་རང་རང་མགོ་མ་ཐོན་པར་བསྡད་ཡོད་རེད། བོན་པོ་གང་འདྲ་སེ་སྐྱབས་དགོས་རེད་དམ་ཀརྨ་པ་ལ་ཆུང་ས་ནས་བཤད་ན་་ཁོ་རང་བསྡད་སའི་དཀའ་རྒྱུད་པའི་དགོན་པ་ཞིག་ཀྱང་མེད་པར་ལོ་མང་པོ་དེའི་རིང་དགེ་ལུགས་པའི་དགོན་པ་ཞིག་ལ་གནས་ཚང་གཡར་ཏེ་བསྡད་ཡོད་པ་ཁྱེད་ཚོས་ཨེ་ཤེས་
    དགའ་ཞིག་གིས་ཀརྨ་པ་དཀའ་རྒྱུད་པ་ཡོངས་ཀྱི་གཙུག་རྒྱན་རེད་ཟེར་ང་ནི་རྐུབ་ནས་ཀྱང་གད་མོ་ཤོར་ཡོང་གི་འདུག་དཀའ་རྒྱུད་པ་ལ་ཆེ་བཞི་ཆུང་བརྒྱད་ཡོད་པ་ཨེ་ཤེས། ཆེ་བཞི་སོ་སོར་དབུ་ཡི་གཙུག་རྒྱན་རེ་རེ་ཡོད་པ་ཨེ་ཤེས་གཅིག་འོག་གཅིག་བསྡུ་བསམ་ན་ཡང་བསྡུ་མི་ཐུབ་པར་བསྡད་ཡོད་པ་ཨེ་ཤེས་རྡ་ས་ཆོས་རིགས་ལས་ཁུངས་ཀྱི་ཆོས་རྒྱུད་བཞི་ཐུན་མོང་གི་ཚོགས་པ་ཞིག་གཙུག་རྒྱུའི་ཐབས་ཤེས་ལོ་མང་པོ་དེའི་རིང་བྱས་ཀྱང་ད་ལྟ་བར་གཙུག་མི་ཐུབ་པའི་རྒྱུ་རྐྱེན་ཨེ་ཤེས། ཆོས་རྒྱུད་གཞན་གསུམ་གྱི་མཐུས་མི་ཚང་མ་དྲ་འགྲིག་བྱས་ཡོད་ན་ཡང་དཀའ་རྒྱུད་པ་གཅིག་པུས་མཐུས་མི་གཏང་མི་ཐུབ་པར་ལྷག་པའི་རྒྱུ་རྐྱེན་ཨེ་ཤེས། ཞིབ་འཇུགགང་ཡང་་མེད་པའི་རང་ལྟ་ཕྱོགས་འཛིན་གྱི་སྐད་ཆ་སྨྱོ་ལབ་མང་པོ་རྒྱབ་ནས་ཅི་ཕན་
    ད་བོན་པོ་གྱོང་པོ་ཡོད་པ་དང་རང་གི་རང་ལ་ཡིད་ཆེས་ཡོད་ན་ང་ནང་པ་ཡིན་ཟེར་ཨུ་ཚུགས་མ་རྒྱབ་པར་ཀརྨ་པ་དེ་བོན་པོ་ལ་ཕར་ཞུགས་ཐུབ་ཡག་གི་ཐབས་ཤེས་བྱེད་ཐུབ་ན་དགེ་མཚན་ཆེ་

  40. BONPO says:
    2013-09-11 at 1:16 pm

    སངས་རྒྱས་བཅོམ་ལྡན་འདས་ལ་སྡོད་སའི་མཁར་དང་ཁང་པ་བླ་བྲང་སོགས་ག་བར་འདུག། ཡོད་ན་སྟོན་ཤོག། དབེན་པའི་གནས་སུ་ལྗག་མའི་སྤྱིལ་བོ་ཕུབ། དག་པའི་དཀའ་ཐུབ་ཕགས་པའི་སྤྱོད་ལམ་སྲུང་། ཟེར་ནས་གསུངས་མི་འདུག་གམ། དེ་འདྲ་བའི་འཁོར་དང་རྒྱལ་སྲིད་རྩ་བཞིན་དོར་བའི་སྟོན་པའི་རྗེས་འཇུག་ཅིག་བྱེད་འདོད་ན་ཆོག་ཤེས་བྱོས། འདོད་རྔམ་ཆེན་པོ་རང་མ་བྱེད། རྒྱུ་ངོམ་དང་དཔུང་ངོམ་བྱེད་མ་ཡོང་རོགས། ཀརྨ་པ་དགུང་ལོ་ཆུང་ཆུང་ཞིག་ལ་མི་རྒན་གླང་གོག་འདྲ་བ་ཚོས་བཤད་པ་མང་པོ་མ་བྱས་ན་ཡག་བར་སེམས། འགྲོ་སྟངས་ཡོད་པ་བྱོས། བན་རྟགས་བསྟན་མ་ཡོང་ཨ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme