Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།

Posted on 2012-07-042012-07-04 By ཁ་བརྡ་ 19 Comments on རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ ༦ ཚེས ༢༧ ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་སྒ་སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་དུ་ཁྱིམ་ཚང་ ༧༠ ཙམ་གྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་རྒྱུ་ནོར་བཙན་ཕྲོགས་བྱས་དང་བྱེད་བཞིན་པའི་གཉའ་གནོན་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད། རང་ས་རང་དབང་དང་། རང་རྒྱུ་རང་དབང་གི་སྐད་འབོད་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ། ཕ་ཚེ་འདས་པདྨ་དོན་གྲུབ་ཀྱི་བུ་མོ་རང་ལོ་ ༤༠ ཡས་མས་ལ་སོན་པ་ བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་བཙན་ཕྲོགས་ཀྱིས་བོད་མི་ཚོར་གཉའ་གནོན་བྱེད་བཞིན་པའི་གནས་ཚུལ་དེར་སེམས་ཀྱིས་མ་བཟོད་པར་རང་ལུས་ལ་མེ་སྦར་ཏེ་མཆོངས་ཡོང་སྐབས། རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཟི་ལིང་སྨན་ཁང་དུ་བཙན་འཁྱེར་བྱས་འདུག སྐབས་དེར་སྤུན་མཆེད་བཀྲ་ཤིས་གཡང་འཛོམས་ལགས་དང་། ཨ་ཞང་བཀྲ་ཤིས་དོན་གྲུབ་ལགས་གཉིས་ཀྱང་མདུན་དུ་མཆོངས་ནས་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་འཇུ་བཟུང་གཅར་རྡུང་གིས་བཙན་ཁྲིད་བྱས། སྐབས་དེར་ས་གནས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁོང་གཉིས་གློད་གྲོལ་མ་བཏང་ན་ཚང་མས་རང་ལུས་མེར་བསྲེག་གཏོང་གི་ཡིན་ཞེས་སྐད་འབོད་བརྒྱབ་པས་གློད་ཙམ་བྱུང་ཡང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་གནས་འདུག།
རྒྱས་པ་སྦྲེལ་ཐག་འདི་ནས་གཟིགས་གནང་རོགས།

གསར་འགྱུར།

Post navigation

Previous Post: གང་ན་ཡོད།
Next Post: ཀ་ཕྲེང་ལ་བརྒྱུས་པའི་ཁ།

Comments (19) on “རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།”

  1. བོད་ཀྱི་བུ says:
    2012-07-04 at 3:15 am

    ཡུལ་ཤུལ་གྱི་ས་འགུལ་ནི་རྒྱ་ནག་གི་ངོས་ན་བཤད་ན་གོ་སྐབས་ཞིག་བཟུང་ཡོད། དེ་ནི་བོད་མིའི་ལག་ནས་ས་ཆ་བཙན་འཕྲོག་གི་གོ་སྐབས་ཀྱི་གོ་སྐབས་རེད་། བོད་མི་རྒྱ་ནག་འགོ་ཁྲིད་ལ་འབྲེལ་བ་མེད་མཁན་ཡུལ་ཤུལ་གྱི་གནས་སྡོད་མི་ཚང་ཚང་མིའི་་ལག་ནས་ས་ཆ་འཕྲོག་ཡོད་། དེ་འདྲའི་ས་ཆ་མང་པོ་ནི་རྒྱ་མི་མང་པོ་གནས་པོ་བྱེད་ས་རེད་། དེ་ནི་ས་གནས་ཀྱི་གྱོང་རེད་ལ་བོད་མི་རིགས་ཀྱི་གྱོང་རེད། ད་ནི་བོད་ཀྱི་གྲོང་ཁྱེར་རེ་རེ་ལྷ་ས་ནང་བཞིན་རྒྱ་མིའི་བཟུང་བཞིན་པ་རེད་། དེ་འདྲ་རྒྱལ་ཚོགས་ལ་རེ་བསྐུལ་འདྲ་ཞུ་ས་ཨི་ཡོད་ན།།།།

  2. བཙན་བྱོལ་བ་ says:
    2012-07-04 at 4:34 am

    སྙིང་རྗེ། ཡུལ་ཤུལ་བ་ཚོ། དང་པོ་ས་ཡོམ་གྱི་གོད་ཆག དེ་ནས་ཡང་ས་ཆ་བཙན་འཕྲོག །རྗེས་སུ་ཅི་ཞིག་འབྱུང་རྒྷུ་ཡིན་ན།

  3. བོད་ཕྲུག་ says:
    2012-07-04 at 7:48 am

    སོ་སོ་མེ་བསྲེགས་པ་ལས་རྒྱ་མི་ཅིག་མེ་ལ་བསྲེགས་་ཐུབ་ན་དེས་ལས་ཕན་པ་ཆེ་མཐོང་
    གང་ཡིན་ཟེར་ན་མི་སྲོག་སྟོང་གཅོད་པ་ལས་རང་སྲོག་པ་སྡིག་པ་ཆེ་། མ་ཚད་བོད་ནང་ལ་
    རང་སྲོག་གཏང་མཁན་མང་དྲགས་པ་ལས་ཉུང་ཡོད་མ་རེད་
    ད་དུང་རྒྱ་ནག་ལ་ཕན་གནོད་བྱུང་ཡོད་མ་རེད་། ག་སྲིད་རྒྱ་མི་ཅིག་བསོད་ཐུབ་ན
    རྒྱ་ནག་ནང་རྟོག་ཙམ་ཡོལ་འགུལ་བྱུང་གི་རེད་བསམ་གྱིས་འདུག།

  4. རིག་པའི་བུ says:
    2012-07-04 at 8:08 am

    བོད་བཙན་པོ་གདོང་རྒྱུད། དཔའ་པོ་གདོང་རྒྱུད། འཐབ་རྩོད་བྱེད་སྟངས་དེ་ལྟར་རེད། བློ་ཁོག་མེད་ན་མཉེས་བཅོས་བྱེད་མཁན་ཡང་ཨ། མཉེས་བཅོས་ཙམ་རྩ་མེད་བཟོ་ངེས་རེད། དེ་ནི་ཎ་ལན་ཊའི་ལོ་རྒྱུས་ལས་ཤེས།

  5. ཀརྨ་ཡེ་ཤེས། says:
    2012-07-04 at 8:32 am

    ལས་ངན་ཚོས་རིན་ཐང་ཆེན་ཆུང་གི་སྐད་ཆ་བཤད་པ་ལས་མ་ཎི་རེ་བསྔོ་ན་ཡག་ག
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།
    ཨོཾམཎིཔདྨེཧཱུྂ།

  6. དྭངས་བླངས་པ says:
    2012-07-04 at 12:39 pm

    བོད་ཕྲུག་ལགས། མི་ངན་ཁ་ནས་གཏམ་ངན། བྱ་ཁྭ་ཏའི་ཁ་ནས་སྐྱག་དྲི་བྲོ། ཟེར་བ་བདེན་པ་འདྲ། མེ་སྲེག་གི་ཐད་ཁྱོད་རང་གི་ཡག་པོ་དང་སྡུག་པོ་གཉིས་ཆར་བཤད་པའི་ཐོབ་ཐང་ཡོད་མ་རེད། དེ་ལས་ཁ་བཙུམ་ནས་བསྡད་ན་ཡག་པོ་འདུག། ངས་ནི་གདུང་སེམས་མཉམ་བསྐྱེད་མཐའ་གཅིག་ཏུ་ཡོད།

  7. དྭངས་བླངས་པ says:
    2012-07-04 at 1:30 pm

    འདི་ནས་འཆི་འཕོས་གྱུར་མ་ཐག། དག་པའི་ཞིང་ཁམས་བདེ་བར་ཅན། པདྨའི་སྙིང་པོས་ཟེའུ་འབྲུ་ལས། བརྫུས་སྟེ་སྐྱེ་བར་ལེན་པ་ཤོག། སྐྱོན་གྱི་མ་གོས་སྐུ་མདོག་དཀར། རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། སྤྱན་རས་གཟིགས་གྱི་ལམ་སྣ་དྲོངས། ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ ཨཱོཾ་མ་ཎི་པདྨེ་ཧཱུཾ།

  8. ཁྱུང་དཀར says:
    2012-07-04 at 3:28 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོབས་པར་ཤོག །

  9. བོད་ཕྲུག་ says:
    2012-07-04 at 6:35 pm

    དྭངས་བླངས་པ་ལགས་་་་བོད་མི་ཚང་མ་མ་རྫོགས་པར་དུ་ཁ་བཙུམ་ནས་འདུག་བསམ་གྱིས་ཡིན་ནམམ?. མི་ངན་ཁྱེད་རང་རེད་རྒྱ་མིས་སོ་པ་ཡིན་ས་རེད་། བོད་རིགས་སྤུན་ཟླ་ཅིག་གིས་སྲོག་མ་ཤོར་ན་དགའ་གི་རེད་། བོད་མི་རིགས་ཉུང་ཉུང་རེད་།

  10. རྟ་བདུན་དབང་བོ says:
    2012-07-04 at 10:16 pm

    སྙིང་རྗེ་ད་སྨོན་ལམ་འདེབས་རྒྱུ་ལས་གཞན་ཐབས་ཤེས་ཡོད་པ་མ་རེད། སླད་མར་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་སྲེག་མི་བྱེད་པའི་སྨོན་འདུན་དང་བཅས་ཚེ་ལས་འདས་པ་འདིའི་སེམས་ཀྱི་སྡུག་བསྔལ་ཅད་བྲལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་ཤོག་ཅིག །

  11. གངས་དཀར་ says:
    2012-07-04 at 10:58 pm

    སྙིང་རྗེ་བོད་མི་རིགས་འདིའི་ལས་དབང་ ཁྱད་པར་ཡུལ་ཤུལ་བ་མི་ཤི་རྒྱུ་ཟད། ས་ཆ་ཤོར་།མ་འོངས་པ་རྒྱ་མིའི་བྲན་གཡོགས་སུ་གྱུར་། དྲྭ་གྲོགས་རྣམས་འདི་ལ་བགྲོ་གླེང་ཞིག་གནང་དང་།

  12. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-05 at 1:22 am

    ཀྱེ་མ། གཞི་ལུས་བོད་མི་དམར་བོའི་འོག་ཏུ་གནས།
    ལུས་སེམས་སྡུག་བསྔལ་ཚད་མེད་མ་བཟོད་པར།
    ཤིན་ཏུ་སྐྱེ་བའི་ཕུང་བོ་མེར་བསྲེགས་ཏེ།
    སྐད་ཅིག་ཉིད་ལ་ཐལ་བར་གྱུར་འདི་སྐྱོ།

    དལ་འབྱོར་ལྡན་པའི་མི་ལུས་རིན་ཆེན་འདི།
    གཅེས་པར་བཟུང་ལ་ནམ་ཡང་ཆུད་མ་ཟོན།
    གནས་སྐབས་རིང་ལ་དམར་བོས་དྲག་གནོན་འོག
    བཟོད་པར་མཛོད་ལ་ལུས་སྲོག་འཚོ་བར་བརྩོན།

    ནམ་ཞིག་གངས་ཅན་བོད་ཀྱི་ཡུལ་ཁམས་སུ།
    སྐྱིད་པའི་ཉི་མ་རིམ་གྱིས་འཆར་ནས་ཅིང།
    གྲུ་འཛིན་བདག་པོས་ཞབས་ཟུང་བཀོད་པར་ངེས།
    ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་ཤིག་ཡོད།

    དེ་དུས་ཁྱེད་ཚོར་བདེ་སྐྱིད་ཕུན་ཚོགས་ནི།
    རྫོགས་ལྡན་སྐལ་བའི་དཔལ་ལ་ཅོ་ཡང་འདྲི།
    ཟབ་མོ་དམ་ཆོས་བདུད་རྩི་ལོངས་སུ་སྤྱོད།
    ཐར་བའི་སྐམ་སར་སླེབས་པའི་དུས་ཤིག་ཡོད། །

  13. བོད་ཕྲུག་ says:
    2012-07-05 at 4:49 am

    རང་བྱུང་རིག་པའི་རྡོ་རྗེ་མཚན་དེ་བེད་སྤྱོད་མ་གནང་རོགས་ཞུ་
    གང་ཡིན་ཟེར་ན་མཚན་འདི་ནི་་་་་་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་༡༦ པའི་མཚན་རེད་
    དེ་བེད་སྤྱོད་མ་གནང་རོགས་ཞུ་
    རྟོག་ཙམ་བདེ་པོ་མི་འདུག་་་་་དཔེ་ན་་་འདི་ཐོག་་བསྟན་འཛིན་རྒྱལ་མཚོ་ཟེར་ནས་་མཆན་བུ་རྟགས་པ་ཡིན་གང་འདྲ་ཡོད་ས་རེད་
    བསམ་བློ་གཏང་རོགས་ཞུ་། མི་ཁྱེད་རང་ཕལ་ཆེན་འགྲིག་མི་འདུག་

  14. གངས་དཀར་ says:
    2012-07-05 at 9:30 am

    བོད་ཕྲུག་ལགས་། ཁྱོད་རང་རྒྱལ་བ་ཀརྨ་པ་དང་སྐྱབས་མགོན་རིན་པོ་ཆེ་གཉིས་འགྲན་མ་བསྡུར་ན་དགའ་གི་རེད། མི་ཁྱོད་ཚོའི་རིགས་བསམ་བློ་གཏོང་གཏང་ཁེ་འཚར་འདུག

  15. དྭངས་བླངས་པ says:
    2012-07-05 at 10:03 am

    བོད་ཕྲུག་སྟེ་རྒྱ་ཕྲུག་ལཊ། ངས་བོད་རིགས་སྤུན་ཟླ་ཚོར་མེ་སྲེག་གཏོང་རོགས་ཞུས་མེད། རྒྱུ་མཚན་ནི་ང་རང་མེ་ལ་སྲེག་པའི་བློ་སྟོབས་དེ་མེད་དུས་གཞན་གྱི་བློས་གཏོང་གི་བོད་ཀྱིས་རྩ་དོན་ལ་བྱས་རྗེས་འཇོག་ཆེད
    ་དེ་བྱོས་ཟེར་བའི་ཐོབ་ཐང་དེ་ངར་མེད། མེ་སྲེག་མ་གཏོང་རོགས་ཡང་ཞུས་མེད། བོད་ལ་རང་དབང་དང་ཆོས་དད་རང་མོས་སོགས་ཐོབ་རྒྱུ་རེ་བའི་རང་འགན་རང་སྲུང་གི་ལས་འགུལ་དེར་བཀག་འགོག་བྱེད་པའི་ཐོབ་ཐང་ཀྱང་ངར་མེད། ཁྱེད་ཀྱི་ཡག་པོ་གསུངས་འདུག། སོ་སོ༼ར་རྗེས་འཇུག་༽ཆད༽་མེ༼ར་རྗེས་འཇུག༽ཆད༽་བསྲེགས་པ་ལས་རྒྱ་མི་༼ག་སྔོན་འཇུག༽ཆད༽ཅིག་མེ་ལ་བསྲེགས་་ཐུབ་ན་དེས་༼ས༽ལྷག༽ལས་ཕན་པ་ཆེ་མཐོང་ཟེར་ན་ཞི་བའི་ལས་འགུལ་དེར་དྲག་པོས་ངོ་བོ་འགྱུར་ཐབས་ལས་གཞན་ཅི། མི་སྲོག་སྟོང་གཅོད་པ་ལས་རང་སྲོག་༼གཅོད་༽ཆད་འདུག༽པ་སྡིག་པ་ཆེ། ཟེར་ན་གཞུང་གང་གི་ནང་དུ་ཡོད་རེད། རྒྱ་མིའི་སོ་པ་སུ་ཡིན་ཧ་གོ་གི་འདུག་བ། རྣམ་དཔྱོད་མེད་པར་དང་དག་ཆ་མེད་པར་དང། ལྷག་བསམ་མེད་པའི་མིའི་སྐད་ཆ་ཟེར་ན་དེ་རེད། ཁྱེད་རང་དངོས་གནས་བོད་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན། ཁྱོད་རང་གི་བྲིས་པ་དེ་ཚོར་ཡང་བསྐྱར་ཀློག་དང་ཧ་གོ་ཐུབ། ཤ་ཞེན་མེད་མཁན་སྤྱི་ཚོགས་དཀྲུགས་མཁན་རྒྱ་དངུལ་ཟ་མཁན་དེ་འདྲ་ཡིན་ན། ད་ཁྱེད་ཀྱི་བྲིས་པ་དེ་ནོར་མི་འདུག། ཆད་ལྷག་གྱི་ཁེངས་པའི་དཀྲུགས་ཤིང་ཅན། ད་མི་སུས་ཀྱང་ཁ་ཡ་མ་བྱེད་ཨ།

  16. རྟ་བདུན་དབང་བོ says:
    2012-07-05 at 11:58 am

    ང་ཚོར་རང་སྲོག་གཏོང་མཁན་ཚོར་བཀག་འགོག་བྱེད་རྒྱུ་ཐོབ་ཐང་མེད་ནའང་འབོད་སྐུལ་བྱེད་རྒྱུ་ཐོབ་ཐང་ཡོད་པར་མ་ཟད་ལས་འགན་ཡང་ཡོད་པ་རེད། གལ་སྲིད་ཁྱོད་ཀྱི་སྤུན་ཟླས་ད་རྒྱ་མིས་འོག་ཏུ་འཚོ་བ་ལས་རང་སྲོག་གཅད་ན་དགའ་བར་འདུག་པས། ང་ཡང་རང་སྲེག་གཏོང་གི་ཡིན་ཞེས་བརྗོད་ན། ཁྱོད་ཀྱིས་འགོག་གམ་མི་འགོག
    ཡང་ན་ཁྱེད་རང་དཔའ་བོ་རེད་ཅེས་བརྗོད་ཀྱི་ཡིན་ནམ། ངས་བལྟས་ན་དེ་ལ་ནམ་ཡང་རྒྱབ་སྐྱོར་བྱེད་སྲིད་རྒྱུ་མ་རེད་སྙམ། །

  17. དྭངས་བླངས་པ says:
    2012-07-05 at 12:40 pm

    རྟ་བདུན་དབང་པོ་ལཊ། བདེན་པ་རེད། ངའི་སྤུན་མཆེད་ཞིག་གི་དེ་ལྟར་སྔོན་ལ་གསུངས་ནས་ལས་འགུལ་སྤེལ་ན་ངས་ཏན་ཏན་བཀག་འགོག་བྱེད་ངེས། ཡིན་ན་ཡང་གང་ཡང་མ་ལབ་ནས་མེར་སྲེག་བློ་བུར་དུ་གཏོང་ན་དེར་ཡག་པོ་མ་རེད་ཟེར་མཁན་ཞིག་བྱུང་ན་ངས་ཐོག་མ་ཟེར་མཁན་དེས་ལྕེ་བཅད་ནས་བཞག་པ་ཐེ་ཚོམ་མེད། ཁྱེད་ཀྱི་གསུངས་ན་བཀག་འགོག་བྱེད་པའི་ཐོབ་ཐང་མེད་ན་ཀྱང་འབོད་བསྐུལ་བྱེད་པའི་ཐོབ་ཐང་ཡོད་ཟེར། ད་འོ་ན་གང་འདྲའི་བྱས་ནས་འབོད་བསྐུལ་བྱེད། ༼༡༽རང་ལུས་མེ་སྲེག་དེ་ཡག་པོ་མ་རེད། ད་མ་བྱེད་རོགས་ཟེར་ནས་བཀག་གམ། ༼༢༽རང་མེད་མ་བྱེད་རོགས་ཟེར་ནས་བཀག་སམ༼༣༽སྤྱི་དོན་མི་འགྲུབ་ལ་རང་སྲོག་བཅད་པ་དོན་མེད་རེད་ཟེར་ནས་བཀག་བམ༼༤༽དེ་སྔོན་མེ་སྲེག་གཏོང་བ་ཚོར་དོན་མེད་རེད། རང་སྲོག་བཅད་པ་དེ་སྡིག་པ་བསཊ་པ་རེད་ཟེར་ནས་བཀག་རྩིས་ཡོད་པས། དེ་ལྟར་ཡིན་ན་སྔོན་གཤེགས་གྱི་དཔའ་བོ་དམ་པ་དེ་ཚོར་ཁྱེད་ཀྱི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་གི་ཡོད། དེ་ལྟར་དུ་གསུངས་ན་སྔོན་གཤེཊ་གྱི་ཁྱེད་ལྟར་ན་རང་མེད་བྱེད་མཁན་ཚོའི་སྤུན་ཉེ་དགའ་ས་མ་ཚད་དེ་དང་ཉེར་བའི་ཡུལ་ལུང་དང་རྒྱལ་ཞེན་ཅན་གྱི་བོད་རིཊ་ཚོའི་མདུན་དུ་གང་འདྲའི་འབྲེལ་བཤད་རྒྱབ་རྩིས་ཡོད། མ་ཚད་འཛམ་གླིང་མདུན་དུ་སྐད་གྲགས་ཡོད་པ་དེ་ཚོ་གང་འདྲའི་མེད་པ་གཏོང་རྩིས་ཡོད་རྒྱ་ནག་གི་རྒྱུག་ཁྱི་ལཊ། ངའི་སྤུན་མཆེད་ལྟར་བུའི་དེ་ལྟར་ལས་འགུལ་བློ་བུར་དུ་སྤེལ་ཡོད་ན་ངས་དེར་རྒྱལ་གཅེས་དཔའ་བོའི་མཚན་སྙན་མ་ཐོག་ན་བོད་པ་ཚོར་ཁྲེལ་མེད་དུ་བརྩི་བ་ལས་གཞན་མེད།

  18. དྭངས་བླངས་པ says:
    2012-07-05 at 1:01 pm

    དྲྭ་གྲོགས་རྟ་བདུན་དབང་པོ་སྟེ་ཉི་མ་ལཊ། ངས་ཁྱེད་ཀྱི་གཏམ་ལན་བསྒུག་ནས་བསྡད་ཡོད་ལཊ།

  19. རྟ་བདུན་དབང་བོ says:
    2012-07-05 at 1:55 pm

    ངས་བཤད་རྒྱུ་ནི་མེ་སྲེག་གཏོང་བ་ལས་ཐབས་ལམ་གཞན་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམས་བགྲོད་སོགས་ལ་འབད་ན་ལེགས་སོ་ཞེས་བརྗོད་པ་ཡིན། སྔོན་ལ་ཡང་དེ་ལྟར་སྤེལ་བ་ཡིན། མུ་མཐུད་ནས་དེ་ལྟར་ཞུ་འདོད་ཡོད། དེ་གང་ཡིན་ཞེས་ན་ད་ལྟའི་རྒྱ་མའི་གནས་སྟངས་ལ་དཔག་ན་བོད་མི་ཅི་ཙམ་གྱིས་རང་སྲེག་བཏང་ཀྱང་འགྱུར་བ་འགྲོ་དཀའ་བར་འདུག་སྙམ་ཏེ་དེ་ལྟར་ཞུ་བ་ཡིན། རྒྱ་ཡུལ་དུ་མི་མང་དྲག་པས་དཀའ་ངལ་ཡོད་ཕྱིར་ང་ཚོ་མི་རེ་གཉིས་ཤི་བ་ལ་དུད་འགྲོ་ཞིག་ཤི་བ་ལས་གཞན་དོ་སྣང་བྱེད་རྒྱུ་མ་རེད། དེས་ན་ང་ཚོ་བོད་མི་སེམས་ཤུགས་ཅན་ཚོའི་སྐུ་ཚེ་འཚོ་ཞིང་བཞུགས་ནས་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པ་སྨོས་ཅི་དགོས། ངས་མི་གཅིག་གི་སྐུ་སྲོག་སྐྱོབ་ཐུབ་ན་མི་ཁ་ཤས་ཀྱི་རྣར་ཅུང་ཟད་ཅིག་ཕོག་པ་དེ་ངེས་པར་དུ་བཟོད་ཐུབ། ངས་བསམ་བློ་དེ་སྔོན་ལ་བཏང་སྟེ་ཞུ་བ་ཡིན་མ་གཏོགས་ཡིད་ལ་གང་ཤར་ཐོལ་བྱུང་དུ་སྨོས་པ་ཞིག་གཏན་ནས་མིན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme