Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་མོ་ཕྱུག་འཚོས་མདོ་སྨད་འཛམ་ཐང་ནས་རང་ལུས་མེར་བསྲེགས་བྱས་པ།

Posted on 2013-04-162013-04-16 By ཁ་བརྡ་ 19 Comments on རྒྱལ་གཅེས་དཔའ་མོ་ཕྱུག་འཚོས་མདོ་སྨད་འཛམ་ཐང་ནས་རང་ལུས་མེར་བསྲེགས་བྱས་པ།

དེ་རིང་བོད་ནང་གི་དུས་ཚོད་ ༣ ཡས་མས་ཞིག་ལ་མདོ་སྨད་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་ནས་བོད་རིགས་བུད་མེད་ཕྱུག་མཚོ་ཞེས་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་བོད་ནང་གི་དུས་ཚོད་ ༣ ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་ནས་རང་ལོ་ ༢༠ ཡིན་པའི་བོད་རིགས་བུད་མེད་ཕྱུག་མཚོ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་ནས་སྐུ་གྲོངས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

ས་གནས་ནས་གནས་ཚུལ་དངོས་འབྲེལ་བརྗོད་གནང་དོན་ལྟར་ན། ཁོང་མོས་རང་ལུས་མེར་བསྲེགས་གནང་མ་ཐག་ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་རྒྱུན་སྡོད་བླ་གྲྭ་རྣམས་ཀྱིས་ཕོ་ལུང་དང་། བསྔོ་སྨོན་གསུངས་ཡོད་འདུག་ལ། དེ་ནས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག  

དེའི་རྗེས་སུ་གནས་ཚུལ་འབྱོར་གསར་ལྟར་ན། ས་གནས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ཁང་སོགས་ཀྱིས། སྔོན་མར་རང་ལུས་མེར་བསྲེགས་གནང་མཁན་དག་དང་གཅིག་མཚུངས་ཀྱིས། བཙན་བཀའ་བཏང་ནས་ཁོང་མོའི་སྐུ་ཕུང་དེ་རིང་གི་མཚན་མོར་ཞུགས་འབུལ་བྱེད་དགོས་བྱུང་ནས། ད་སྐབས་ཁོང་མོའི་སྐུ་ཕུང་ཞུགས་འབུལ་འབྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ད་སྐབས་ཁོང་མོའི་ནང་དང་། དགོན་པར་གྲྭ་བ་དང་མི་སྐྱ་ཕོ་མོ་སྟོང་ཕྲག་མང་པོ་འདུ་འཛོམས་གྱིས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག་ཟེར།  

རྒྱལ་གཅེས་དཔའ་མོ་ཕྱུག་མཚོ་ལགས་ཀྱི་ཕ་ཡུལ་ནི། མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་ནས་ཡིན་འདུག་ལ། ཁོང་མོའི་ཕའི་མིང་ལ་བསྟན་ཁོ་དང་། མའི་མིང་ལ་སྒྲོན་སྐྱིད་ཟེར་ཞིང་། ཁོང་མོ་གཉེན་སྒྲིག་བྱས་ཏེ་ལོ་ངོ་ ༣ ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་འདུག

 

གནས་ཚུལ་བསྡུ་རུབ་པ་ཚངས་དབྱངས་རྒྱ་མཚོ།

གསར་འགྱུར།

Post navigation

Previous Post: རྒྱུག་རྩལ་གྱི་མྱོང་བ་བརྗོད་པ་ནད་བརྒྱ་འགོག་པའི་སྨན་གཅིག
Next Post: དུར་ཁྲོད།

Comments (19) on “རྒྱལ་གཅེས་དཔའ་མོ་ཕྱུག་འཚོས་མདོ་སྨད་འཛམ་ཐང་ནས་རང་ལུས་མེར་བསྲེགས་བྱས་པ།”

  1. ཤར་པ་ says:
    2013-04-16 at 8:10 pm

    བོ་མོ་ཁྱེད་ནི་ཤར་ཕྱོགས་པོ་ཏ་ལ་རུ་གྲུ་འཛིན་ཕོ་བྲང་ལ་སྐྱེ་བར་ཤོག།

  2. ཤར་པ་ says:
    2013-04-16 at 8:14 pm

    བོད་ཀྱི་དཔའ་མོ་ཁྱོད་ཀྱི་བཀའ་ནམ་ཡང་མིི་བརྗེད་པ་ཞུ།

  3. ཤར་པ་ says:
    2013-04-16 at 11:08 pm

    རྒྱལ་ཡིད་བཞིན་ནོར་བུའི་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།།

  4. ཤར་པ་ says:
    2013-04-16 at 11:11 pm

    དཔའ་མོ་ཁྱེད་ལ་གུས་ཞབས་ཞུ།།།

  5. ཤར་པ་ says:
    2013-04-16 at 11:15 pm

    བོད་ཀྱི་དཔའ་མོ་ཁྱེད་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ།

  6. ཁྱབ་འཇུག says:
    2013-04-16 at 11:36 pm

    འཇིག་རྟེན་འདི་ན་ཆེས་རླབས་ཆེན་གྱི་བྱ་བ་ཞིག་ཡོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོམ་ལམ་སྟོང་པ་རྒྱག་རྒྱུ་དེ་གཏན་ནས་མ་ཡིན་པར་མ་མཐའ་ཡང་རང་ཉིད་དམ་མི་རིགས་ཀྱི་ཆེད་དུ་རེ་བའི་གསོན་རྒྱུ་དང་འདི་ལྟར་ཡོད་ཚད་མི་རིགས་ཀྱི་ཆེད་དུ་ཕུལ་རྒྱུ་དེ་རེད།
    དེ་བས་ནམ་ཡང་དཔའ་མོའི་རྗེས་སུ་ཡི་རངས་དང་གུས་འདུད་ཡོད།

  7. མེ་ཏོག་དཀར་པོ says:
    2013-04-17 at 1:29 am

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ཏེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

  8. གནམ says:
    2013-04-17 at 6:39 am

    རྒྱ་རྒན་ལྐུག་པ་ཞིག་གིས་བོད་མི་ཚང་མ་འབར་ན་འབར་ཟེར།
    རྒྱ་རྒན་སྨྱོན་པ་ཞིག་གིས་བོད་མི་ཚོར་བཙན་གནོན་གྱིས་བཏུལ་ཟེར།
    རྒྱ་རྒན་སྤྱང་པོ་ཞིག་གིས་རྒྱ་ནང་ན་བོད་ལས་ཀྱང་སྡུག་པོ་ཡོད་ཟེར།
    རྒྱ་རྒན་ངོ་ཚ་ཅན་ཞིག་གིས་ངས་ཆབ་སྲིད་གཏན་ནས་མི་ཤེས་ཟེར།
    རྒྱ་རྒན་དུད་འགྲོ་ཞིག་གིས་བོད་ཟེར་བ་དེ་ག་ན་ཡོད་པ་རེད་ཟེར།
    རྒྱ་རྒན་ཧམ་ཅན་ཞིག་གིས་བོད་འདི་གནའ་ནས་མཐའ་བར་རྒྱ་ནག་ལ་བདག་ཟེར།
    རྒྱ་རྒན་དྲང་མོ་ཞིག་གིས་བོད་མིའི་འཐབ་རྩོད་ཀྱིས་ང་ཚོ་འཛིམ་གླིང་མིག་མདུན་དུ་བཙག་པ་བཟོས་སོང་ཟེར།
    རྒྱ་རྒན་ཁྲམ་པ་ཞིག་གིས་རྒྱ་བོད་གཉིས་ཁ་ཡིན་རུང་ང་ལ་དེ་ཁ་ཁ་བྱེད་པའི་དམངས་གཙོ་མེད་ཟེར།

    ངོ་མ་རྒྱ་ཟེར་ནོའི་མི་རིགས་འདི་ལ་མི་འདུག། ཆི་གང་མི་འདུག། འདི་ཚོ་ལ་ཅི་བྱུང་བ་ཡིན་ན་ཨ། ང་ཚོས་རྒྱ་གཤིས་ཅི་ཙམ་དུ་རྟོག་ན་དེ་ཙམ་དུ་མ་འོངས་ཐག་གཅོད་ལ་ཕན། བོད་མིས་བོད་འདི་ནམ་ཡང་གཡུག་མི་སྲིད། དྲང་བདེན་གཉིས་ཀྱི་རྩ་བ་ལས་ཐབས་ཤེས་གཉིས་ཀྱི་རྩ་བ་ལ་འཐམ་པའི་དུས་ཞིག་ཡོད། བོད་རྒྱལ་འོང་།

  9. དྲན་དཀར་དཔལ་ཡོན་ says:
    2013-04-19 at 11:35 am

    ཀླ་ཀློ་དག་ལ་གཤིན་དགེ་ཡོད་མ་ཡིན།།
    དམར་སྲུང་དམག་གིས་ཏང་གླུ་མ་བླངས་མོད།།
    སྲོག་གིས་བདེན་པ་བདར་བའི་མཐུ་སྟོབས་ཀྱིས།།
    འགྲོ་བ་རྣམས་ལ་རང་དབང་ཐོབ་པར་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།

  10. སྤོབས་པ་མཐའ་ཡས། says:
    2013-04-19 at 6:15 pm

    ལོ་རྒྱུས་གང་ཞིབ་ཞིབ་རེ་འབྲི་དགོས་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་ཞིབ་མོ་མེད་ན་ལོ་ཁ་ཤས་རྗེས་སུ་ཚང་མས་བརྗེད་སྲིད་པ་རེད།

  11. BONPO says:
    2013-04-19 at 10:52 pm

    ད་ལྟོའི་བར་ན་ཡང་བོན་ཆོས་ལུགས་ཀྱི་ནོར་ལྷ་གསོལ་དོ་ཡོདཔ།
    ༡༩/༤/༢༠༡༣ ༉ རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་ནོར་གྱི་དངོས་གྲུབ་དེ་ནོར་ལྷ་གསོལ་ཐོག་ལས་ཞུ་དོ་ཡོད་ཨིན་རུང་དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་གི་རྟ་ས་གཡུས་ཚན་ནང་བཟུམ་ཅིག་འབད་བ་ཅིན་ནོར་ལྷ་གསོལ་ཐངས་དེ་ལྟོ་གིས་སྦེ་ནོར་སེམས་ཅན་བཟོ་ཐོག་ལས་འབད་དོ་ཡོདཔ་ཨིན་པས།
    ཕ་ཇོ་མ་ནི་ཆོས་རྒྱལ་གྱིས་ནོར་ལྷ་གསོལ་བའི་བསྒང་།
    དེ་ཡང་ཁ་ཙ་མཇུག་བསྡུ་མི་ལོ་བསྟར་གྱི་ལོ་མཆོད་སྐབས་ལུ་གཡུས་མི་ཚུ་གིས་རང་སོའི་ཁྱིམ་ནང་ལས་ལྟོ་གི་བཟོ་མི་སྒོ་ནོར་སེམས་ཅན་གྱི་རིགས་ཚུ་གཡུས་ཀྱི་ལྟག་ལུ་ཡོད་པའི་བཀྲིས་རྩེ་མོ་ལྷ་ཁང་གི་འོག་ཐོག་ལུ་སྦེ་ནོར་ལྷ་ཚུ་ལུ་མཆོད་པ་ཕུལ་ཡི།
    དེ་བསྒང་ རྟ་ས་གཡུས་ཚན་གྱི་ ཁྱིམ་གུང་པ་༧ དེ་ཅིག་གིས་ ལྟོ་གིས་བཟོ་མིའི་ བ་དང་ གླང་ཚུ་ ཟངས་གཞོང་ཅིག་ནང་བཀང་སྟེ་ གནས་སྐབས་ཀྱི་དོན་ལུ་བཟོ་མི་ མཆོད་བཤམ་ཆུང་ཀུ་ཅིག་ནང་བཞག་སྟེ་ གཡུས་ཁའི་ཕ་ཇོ་གིས་ ནོར་ལྷ་གསོལ་དོ་ཡོདཔ་ད་ མཆོད་བཤམ་ནང་ སྐུ་རྟེན་གསུང་རྟེན་ ག་ནི་ཡང་མེད་རུང་ བྲེ་ཅིག་ནང་ འབྲུ་སྣ་དཀར་བཀང་ཐོག་ལས་ དེ་ནང་ མདའ་དང་ ཚེ་དར་ དེ་ལས་ དར་གྱི་རིགས་ཚུ་ དཔྱངས་ཡོདཔ་ཨིན་པས།
    ཕ་ཇོ་ མ་ནི་ཆོས་རྒྱལ་གྱིས་ དཔེ་ཆ་བལྟ་མ་དགོ་བར་ ལྷ་མཆོད་ཀྱི་ཚིག་ཚུ་ག་ར་ བློ་ལས་སྦེ་བཏང་བའི་སྐབས་ གཡུས་མི་ཚུ་གིས་ ཁོ་གི་རྩ་བར་སྡོད་དེ་ སྨོན་ལམ་བཏབ་ཨིན་པས།
    ནོར་ལྷ་གསོལ་ནི་དེ་ བོན་ཆོས་ཀྱི་ལུགས་ཨིནམ་ད་ ལྟོ་གིས་སེམས་ཅན་བཟོ་སྟེ་ ལྷ་ལུ་ཕུལ་མི་དེ་ དངོས་གྲུབ་ཞུ་བའི་ བརྡ་མཚོན་ཨིན་ཟེར་ སྐྱེས་ལོ་༧༠ ལང་མི་ མགོནམ་དོན་གྲུབ་ཀྱིས་ སླབ་ཡོདཔ་ད་ ཁོ་གིས་ཡང་ གླང་བཟོ་སྟེ་ ཕ་ཇོ་གི་ གདོང་ཁར་བཞག་ཡོདཔ་ཨིན་པས།
    ཁོ་གིས་འབད་བ་ཅིན་ གསོལ་མཆོད་དེ་ སྐྱེས་བཙན་དང་ བྲག་བཙན་ སྨུག་བཙན་ བྱར་སྲིད་ དེ་ལས་ ཁྱུང་བདུད་ལ་སོགས་པའི་ སྐྱེས་ལྷ་ ཡུལ་ལྷ་དང་ དེ་ལས་ གནས་བདག་ཚུ་ལུ་ ནོར་གྱི་མཆོད་པ་ཕུལ་ཏེ་ དངོས་གྲུབ་ཞུ་བའི་ཚུལ་ ཨིན་ཟེར་ཨིན་པས།
    ཨ་རྒས་ཅིག་གིས་སླབ་མིའི་ནང་ དེ་བཟུམ་གྱི་ ལམ་སྲོལ་བཟུང་མི་དེ་ ནོར་སེམས་ཅན་ལུ་ རྐྱེན་བར་ཆད་སེལ་ཏེ་ སེམས་ཅན་རིགས་ཀྱིས་ཕྱུག་སྟེ་ མི་ཚུ་བདེ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་ནིའི་དོན་ལུ་ཨིནམ་ལས་ ག་ར་གིས་ སྤྲོ་བ་སྦོམ་ལེན་དོ་ཟེར་ཨིན་པས།
    ཧེ་མ་འབད་བ་ཅིན་ དུས་སྟོན་བརྩི་སྲུང་གི་སྐབས་ལུ་ གཡག་བཟོ་སྟེ་ ནོར་ལྷ་གསོལ་ནི་ཡོད་རུང་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ གཡག་གསོ་མི་མེདཔ་ལས་ བ་དང་ གླང་བཟོ་དོ་ཟེར་ཨིན་པས།
    བཤད་ཚུལ་ཅིག་ལས་འབད་བ་ཅིན་ ལྟོ་གིས་ བ་དང་ གླང་བཟོ་མི་དེ་ ད་རེས་ དབང་འདུས་ཕོ་བྲང་ བསམ་གཏན་བསྒང་ གཡུས་ཚན་གྱི་ སྦུག་ལུ་ཡོད་པའི་ མཚོ་ནང་ལས་ གླང་ཅུང་ཅིག་ཐོན་ཏེ་ ནོར་གྱི་དངོས་གྲུབ་གནང་མི་དེ་ ཤུལ་ལས་ མི་ཚུ་གིས་ གླང་ཅུང་མཚོ་ནང་ལས་ བཏོན་བཞག་སྟེ་ དེའི་ཚབ་ལུ་ སྤྱ་རྩི་གིས་བཟོ་མི་གླང་ཅུང་དེ་ ལོག་མཚོ་ནང་བཏང་བའི་ གཏམ་རྒྱུད་ཡོདཔ་བཟུམ་སྦེ་ ད་ལྟོ་ ལྟོ་གིས་བཟོ་མིའི་ བ་དང་གླང་ཡང་ དེའི་ཚུལ་ཨིན་ཟེར་ཨིན་པས།
    གཡུས་ཁའི་ཆོསཔ་ མགོནམ་ཚེ་རིང་གིས་འབད་བ་ཅིན་ དེ་བཟུམ་གྱི་སྲོལ་དེ་ བོན་ཆོས་ཀྱི་ལུགས་ཨིནམ་ལས་ ནང་པ་སངས་རྒྱས་ཀྱི་ཆོས་དང་ འབྲེལ་བ་མི་མཐོངམ་མས་ཟེར་ཨིནམ་ད་ ནང་པའི་ལུགས་ལས་འབད་བ་ཅིན་ ནོར་ལྷ་དེ་ ཨྱོན་ནོར་ལྷ་དང་ ལྷ་མོ་ནོར་རྒྱུན་མ་ ཚེ་རིང་མ་ དེ་ལས་ ཛམ་བ་ལྷ་ ལ་སོགས་པ་ཚུ་ ཨིན་ཟེར་ཨིན་པས།
    འབྲུག་ལུ་བོན་ཆོས་དེ་ བོད་ལས་བརྒྱུད་དེ་ དར་ཡོདཔ་ད་ བོད་ལུ་ནང་པའི་བསྟན་པ་མ་དར་བའི་སྐབས་ བོན་པོའི་བླམ་ སྟོན་པ་ཤེས་རབ་ཟེར་མི་གིས་ ཁྱབ་སྤེལ་བཏང་ཡོདཔ་ད་ ཤུལ་ལས་ གུ་རུ་རིན་པོ་ཆེ་གིས་ ནང་པའི་བསྟན་པ་ གཞི་བཙུགས་གནང་མི་ལས་ཚུར་ བོན་ཆོས་འབད་མི་ མར་ཉམས་སོང་ཡོདཔ་ ཨིན་པའི་གནས་ཚུལ།
    དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

    ༼གནས་ཚུལ་འདི་འབྲུག་པའི་ཀུན་གསལ་གསར་འགྱུར་ནས་དྲངས། འདི་བོད་སྐད་ནང་ཇི་ལྟ་བ་བཞིན་བསྒྱུར་ཐུབ་མཁན་ཡོད་དམ།༽

  12. BONPO says:
    2013-04-19 at 10:55 pm

    བོན་ཆོས་ལུགས་ཀྱི་ལོ་མཆོད་ཉམས་མེད་གནས་བཞིན་ཡོདཔ།
    ༡༩/༤/༢༠༡༣ ༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ རྟ་ས་ལུ་ ད་ལྟོའི་བར་ན་ཡང་ བོན་པོའི་ཆོས་ལུགས་ མ་ཉམས་པར་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༢ འབད་མི་ བོན་ལུགས་ཀྱི་ ལོ་མཆོད་འགོ་བཙུགས་པའི་སྐབས་ གཡུས་མི་༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
    དཔའ་གཟརཔ་ཚུ་གིས་ རྦད་རྐྱབ་སྟེ་ གཡུས་སྐོར་རྐྱབ་པའི་བསྒང་།
    གཡུས་ཚན་དེ་ནང་ ལོ་མཆོད་དེ་ལུ་ བློ་རྒྱུ་ཟེར་ སླབ་དོ་ཡོདཔ་ད་ དེ་བསྒང་ ཕོ་སྐྱེས་༡༦ དེ་ཅིག་གིས་ དཔའ་གཟརཔ་དང་ དཔའ་བོ་ཚུ་བཟོ་ཐོག་ལས་ ཕོ་ལྷ་དང་ དགྲ་ལྷ་ དེ་ལས་ ཡུལ་ལྷ་ཚུ་ལུ་ དབྱངས་དང་ཆང་གི་མཆོད་པ་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
    དེ་བཟུམ་གྱི་ ལོ་མཆོད་དེ་ ལོ་༣ རེ་གི་བར་ན་ཚར་རེ་ འགོ་འདྲེན་འཐབ་སྲོལ་ཡོདཔ་ད་ གསོལ་མཆོད་ཀྱི་སྐབས་ དཔའ་གཟརཔ་ཚུ་གིས་ རྦད་རྐྱབ་སྟེ་ གཡུས་སྐོར་ར་རྐྱབ་དོ་ཡོདཔ་མ་ཚད་ དེ་བསྒང་ གཡུས་མི་ཚུ་གིས་ མར་ཆང་ཁག་༣ དེཅིག་བསྒྲིགས་ཏེ་ ཆང་ཕུད་ཕུལ་བའི་ཤུལ་ལས་ ཁོང་ར་ཡང་འཐུང་སྟེ་ དགའ་སྤྲོ་བཏོན་དོ་ཡོདཔ་ཨིན་པས།
    དཔའ་གཟརཔ་ཚུ་གི་ཧེ་མར་ བུཚ་༤ འབད་མི་སྡེ་ཚན་ཅིག་གིས་ ཤིང་གིས་བཟོ་མི་ ཕོ་མཚན་སྦོམ་ཅིག་འབག་སྟེ་ ཁ་ལས་ བཙོག་གཏམ་ཚུ་ སླབ་དོ་ཡོདཔ་ཨིན་པས།
    ཕོ་མཚན་དེ་ དབང་ཕྱུག་ཆེན་མོའི་ མཚན་རྟགས་དང་ དེ་གིས་ མི་ཁ་བཟློག་སྟེ་ ཞི་བདེ་འབྱུང་ནིའི་ཚུལ་ཨིན་པས།
    ཤིང་གི་ཕོ་མཚན་དེ་ ཨ་ལུ་ཚུ་གིས་འབག་སྟེ་ ཁ་ལས་བཙོག་གཏམ་ཚུ་ སླབ་མི་དེ་ཡང་ ཚིག་དོན་ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་པའི་སྐབས་ བྱིན་རླབས་འཇུག་ཚུགས་ཟེར་བའི་ སླབ་སྲོལ་འདུག་ཟེར་ སྐྱེས་ལོ་༧༠ ལང་མི་ མགོནམ་དོན་གྲུབ་ཀྱིས་ སླབ་ཨིན་པས།
    དཔའ་གཟརཔ་དང་ ཕྱག་མཚན་འབག་མི་ཚུ་གིས་ མཆོད་པའི་ཚིག་འཐེན་ཏེ་ འགྱོ་བའི་སྐབས་ ཕྱོགས་ཅིག་ལས་ ཞབས་ཁྲ་རྐྱབ་མི་ཨམ་སྲུ་སྡེ་ཚན་ཅིག་གིས་ དཔའ་གཟརཔ་དང་ ཕྱག་མཚན་འབག་མི་ཚུ་ཞུ་སྟེ་ ཐང་ཅིག་ནང་ལྷོདཔ་ད་ ཨ་རྒས་དཔའ་བོ་ཅིག་གིས་ ཁོང་གི་གྲས་ཁར་འཛུལ་ཏེ་ དཔའ་བོ་རྐྱབ་དོ་ཡོདཔ་ཨིན་པས།
    དཔའ་བོ་དང་གཅིག་ཁར་ ཕྱག་མཚན་༥ ཡོད་མི་དེ་ ཕྱི་རུ་ཁམས་ཅིག་ཁར་ ཕྱོགས་༤ དང་ སྟེང་ལྷའི་ཡུལ་ལུ་ སྟོར་བཏང་དོ་ཡོད་རུང་ ཨ་ལུ་༤ གིས་འབག་མི་ ཕྱག་མཚན་དེ་ གཡུས་མི་ཚུ་དང་གཅིག་ཁར་ ཉིནམ་༣ བཞག་དགོ་ཟེར་ མགོནམ་དོན་གྲུབ་ཀྱིས་ སླབ་ཨིན་པས།
    གཡུས་མི་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལམ་སྲོལ་དེ་ འགོ་འདྲེན་མ་འཐབ་པ་ཅིན་ ཉམས་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་འབད་བ་ཅིན་ ལོ་མཆོད་ཀྱི་སྐབས་ ལྟོདམོ་བལྟ་མི་ཉུང་ཤོས་༢༠༠ དེ་རེ་ འཛོམས་ནི་ཡོད་རུང་ དུས་ཅི་ མི་༥༠ དེ་ཅིག་ལས་མེདཔ་ད་ དེ་ཡང་ མང་ཤོས་ར་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ ཨིན་མས་ཟེར་ཨིན་པས།
    དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་ ལོ་མཆོད་བརྩི་སྲུང་འབད་དགོ་མི་དེ་ཡང་ གཡུས་མི་ཚུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ གལ་སྲིད་ རང་གི་གཡུས་སྒོའི་ལམ་སྲོལ་དེ་ ཉམས་པ་ཅིན་ རྐྱེན་བར་ཆད་ཚུ་ འབྱུང་ནི་མས་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
    བོན་ཆོས་ཀྱི་ ལོ་མཆོད་སྐབས་ལུ་ རྟ་ས་གཡུས་ཚན་ནང་ ཁྱིམ་གུང་༡༧ ཡོད་ས་ལས་ ཉུང་ཤོས་མི་༡ གིས་ བཅའ་མར་གཏོགས་དགོཔ་སྦེ་ བཟོ་མི་དེ་ཡང་ ལམ་སྲོལ་དེ་ ཉམས་མི་བཅུག་ནིའི་དོན་ལུ་ཨིན་པས།
    དྭངས་ཆུ་རྒེད་འོག་ནང་ དེ་བཟུམ་གྱི་ བོན་པོའི་ཆོས་ལུགས་ཀྱི་ ལོ་མཆོད་བཏང་མི་དེ་ རྟ་ས་གཡུས་ཚན་ལས་བརྒལ་ གཞན་ཁར་མེདཔ་ཨིན་པས།
    རྟ་ས་གཡུས་ཚན་དེ་ དྭངས་ཆུ་རྒེད་འོག་གི་ སོ་ནམ་ཞིང་ལམ་ལས་ རྐང་ཐང་འབད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགྱོ་དགོ་པའི་ས་ཁར་ ཨིན་པའི་གནས་ཚུལ།
    དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
    http://kuenseldzongkhaonline.blogspot.com/2013/04/blog-post_79.html#more
    ༼གནས་ཚུལ་འདི་འབྲུག་པའི་ཀུན་གསལ་གསར་འགྱུར་ནས་དྲངས། འདི་བོད་སྐད་ནང་ཇི་ལྟ་བ་བཞིན་བསྒྱུར་ཐུབ་མཁན་ཡོད་དམ།༽

  13. དྲན་དཀར་དཔལ་ཡོན་ says:
    2013-04-20 at 11:24 am

    ང་ཚོས་འདི་ན་འདད་བྱས་ཀྱི་ཡོད། འདིིས་འགྲོ་སྟངས་bonpoནས་ཀྱང་ཤེས་ན་རེད།

  14. མེ་ཏོག་དཀར་པོ says:
    2013-04-20 at 12:31 pm

    Bonpo ཏོག་ཙམ་སྒུགས་ཨ། ངས་ཚོད་ལྟ་ཞིག་བྱ།

  15. མེ་ཏོག་དཀར་པོ says:
    2013-04-20 at 1:14 pm

    ༡༡༽ BONPO ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ གི་ཆུ་ཚོད་ ༢༢ སྐར་མ་ ༥༢
    ད་ལྟའི་བར་ན་ཡང་བོན་ཆོས་ལུགས་ཀྱི་ནོར་ལྷ་གསོལ་བཞིན་ཡོད་པ།

    ༡༩/༤/༢༠༡༣ ༉ རྒྱལ་ཁབ་ཀྱི་ས་གནས་མང་པོའི་ནང་ནོར་གྱི་དངོས་གྲུབ་དེ་ནོར་ལྷ་གསོལ་ཐོག་ལས་ཞུ་གི་ཡོད་པ་ཡིན་རུང་དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་གི་རྟ་ས་ཡུལ་ཚན་ནང་ལྟ་བུ་ལ་ཆ་བཞག་ན་ནོར་ལྷ་གསོལ་སྟངས་དེ་འབྲས་ཆན་གྱིས་ནོར་སེམས་ཅན་བཟོས་ནས་གསོལ་གི་ཡོད།
    ཕ་ཇོ་མ་ནི་ཆོས་རྒྱལ་གྱིས་ནོར་ལྷ་གསོལ་བཞིན་པ།

    དེ་ཡང་ཁ་སང་མཇུག་བསྡུ་མི་ལོ་བསྟར་གྱི་ལོ་མཆོད་སྐབས་ལ་ཡུལ་མི་ཚོས་རང་སོའི་ཁྱིམ་ནང་ལས་འབྲས་བཙོས་མས་བཟོས་པའི་སྒོ་ནོར་སེམས་ཅན་གྱི་རིགས་དག་ཡུལ་གྱི་ལྟག་ལ་ཡོད་པའི་བཀྲིས་རྩེ་མོ་ལྷ་ཁང་གི་འོག་ཐོག་ལ་ནོར་ལྷ་ཚོ་ལ་མཆོད་པ་ཕུལ།
    དེའི་ཐོག་རྟ་ས་ཡུལ་ཚན་གྱི་ ཁྱིམ་ཚང་ ༧ ཙམ་ཞིག་གིས་འབྲས་བཙོས་མས་བཟོས་པའི་བ་དང་ གླང་ཚོ་ཟངས་གཞོང་ཅིག་ནང་བཀང་སྟེ་ གནས་སྐབས་ཀྱི་དོན་ལ་བཟོས་པའི་མཆོད་བཤམ་ཆུང་ཆུང་ཞིག་ནང་བཞག་སྟེ་ཡུལ་ཁའི་ཕ་ཇོ་གིས་ ནོར་ལྷ་གསོལ་གི་ཡོད་དང་མཆོད་བཤམ་ནང་ སྐུ་རྟེན་གསུང་རྟེན་གང་ཡང་མེད་རུང་ བྲེ་ཅིག་ནང་ འབྲུ་སྣ་དཀར་བཀང་ཐོག་ལས་དེ་ནང་མདའ་དང་ ཚེ་དར་ དེ་ནས་ དར་གྱི་རིགས་རྣམས་དཔྱངས་ཡོད་འདུག
    ཕ་ཇོ་ མ་ནི་ཆོས་རྒྱལ་གྱིས་ དཔེ་ཆ་བལྟ་མ་དགོས་པར་ལྷ་མཆོད་ཀྱི་ཚིག་རྣམས་ཆ་ཚང་བློ་ལས་བཏང་བའི་སྐབས་ གཡུལ་མི་ཚོས་་ ཁོའི་རྩར་སྡོད་དེ་ སྨོན་ལམ་བཏབ།
    ནོར་ལྷ་གསོལ་བ་དེ་ བོན་ཆོས་ཀྱི་ལུགས་ཡིན་པ་དང་ད་ལྟའི་སེམས་ཅན་བཟོས་ཏེ་ ལྷ་ལ་ཕུལ་བ་དེ་ དངོས་གྲུབ་ཞུ་བའི་ བརྡ་མཚོན་ཡིན་ཞེས་ སྐྱེས་ལོ་༧༠ ལོང་བའི་མགོནམ་དོན་གྲུབ་ཀྱིས་བཤད་ཡོད་པ་དང་ཁོ་ཡིས་ཀྱང་གླང་བཟོས་ཏེ་ཕ་ཇོའི་ གདོང་ཁར་བཞག་ཡོད་འདུག
    ཁོས་བཤད་པ་ལྟར་ན་གསོལ་མཆོད་འདི་སྐྱེས་བཙན་དང་ བྲག་བཙན་ སྨུག་བཙན་ བྱར་སྲིད་ དེ་ནས་ཁྱུང་བདུད་ལ་སོགས་པའི་ སྐྱེས་ལྷ་ ཡུལ་ལྷ་དང་ དེ་ནས་གནས་བདག་ཚོ་ལ་ནོར་གྱི་མཆོད་པ་ཕུལ་ཏེ་ དངོས་གྲུབ་ཞུ་བའི་ཚུལ་ ཡིན་ཞེས་བཤད།
    རྨོ་ལགས་ཞིག་གིས་བཤད་པའི་ནང་ དེ་འདྲའི་ལམ་སྲོལ་འཛིན་པ་དེ་ ནོར་སེམས་ཅན་ལ་ རྐྱེན་བར་ཆད་སེལ་ཏེ་ སེམས་ཅན་རིགས་ཀྱིས་ཕྱུག་སྟེ་ མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་ ལོངས་སྤྱོད་པའི་དོན་ལུ་ཡིན་པལས་ཚང་མས་ སྤྲོ་བ་ཆེན་པོ་ལེན་གི་ཡོད་ཟེར་སོང་།
    སྔ་མོ་ལྟར་ན་ དུས་སྟོན་བརྩི་སྲུང་གི་སྐབས་སུ་གཡག་བཟོས་ཏེ་ནོར་ལྷ་གསོལ་གི་ཡོད་རུང་ དེང་དུས་ཡུལ་ཚན་དེ་ནང་ གཡག་གསོ་མི་མེད་པ་ལས་ བ་དང་ གླང་བཟོ་གི་ཡོད་ཅེས་ཟེར་འདུག
    བཤད་ཚུལ་གཞན་་ལྟར་ན་འབྲས་བཙོས་མས་བ་དང་ གླང་བཟོ་བ་དེ་ ད་རེས་ དབང་འདུས་ཕོ་བྲང་ བསམ་གཏན་སྒང་ ཡུལ་ཚན་གྱི་ སྦུག་ལ་ཡོད་པའི་ མཚོ་ནང་ལས་ གླང་ཆུང་ཞིག་ཐོན་ཏེ་ ནོར་གྱི་དངོས་གྲུབ་གནང་བའི་ཤུལ་ལས་ མི་ཚོས་གླང་ཆུང་་མཚོ་ནང་ལས་ བཏོན་སྟེ་ དེའི་ཚབ་ལ་ སྤྱ་རྩིས་བཟོས་པའི་གླང་ཆུང་་དེ་སླར་མཚོ་ནང་བཏང་བའི་ གཏམ་རྒྱུད་ཡོད་པ་ན་བཞིན་ད་ལྟ་འབྲས་བཙོས་མས་བཟོས་པའི་་ བ་དང་གླང་ཡང་ དེའི་ཚུལ་ཡིན་ཟེར།
    ཡུལ་པའི་་ཆོས་པ་མགོནམ་ཚེ་རིང་ལྟར་ན་ དེ་འདྲའི་སྲོལ་དེ་ བོན་ཆོས་ཀྱི་ལུགས་ཡིན་པ་་ལས་ ནང་པ་སངས་རྒྱས་ཀྱི་ཆོས་དང་ འབྲེལ་བ་མ་མཐོང་ཟེར་བ་དང་། ནང་པའི་ལུགས་ལྟར་ན་ནོར་ལྷ་དེ་ ཨྱོན་ནོར་ལྷ་དང་ ལྷ་མོ་ནོར་རྒྱུན་མ་ ཚེ་རིང་མ་ དེ་ནས་ཛམ་བ་ལྷ་ ལ་སོགས་པ་ཚོ་ཡིན་ཟེར།
    འབྲུག་ལ་བོན་ཆོས་དེ་ བོད་ལས་བརྒྱུད་དེ་ དར་ཡོད་པ་དང་བོད་ལ་ནང་པའི་བསྟན་པ་མ་དར་བའི་སྐབས་ བོན་པོའི་བླ་མ་ སྟོན་པ་ཤེས་རབ་ཟེར་བས་་ ཁྱབ་སྤེལ་བཏང་ཡོདཔ་དང་རྗེས་སུ་ གུ་རུ་རིན་པོ་ཆེས་ནང་པའི་བསྟན་པ་ གཞི་བཙུགས་གནང་བ་ལས་ཚུར་ བོན་ཆོས་བྱེད་མཁན་མར་ཉམས་སོང་ཡོད་པ་ཡིན་པའི་གནས་ཚུལ།
    དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།
    ༼གནས་ཚུལ་འདི་འབྲུག་པའི་ཀུན་གསལ་གསར་འགྱུར་ནས་དྲངས། འདི་བོད་སྐད་ནང་ཇི་ལྟ་བ་བཞིན་བསྒྱུར་ཐུབ་མཁན་ཡོད་དམ།༽

  16. BONPO says:
    2013-04-20 at 8:38 pm

    དྲན་དཀར་དཔལ་ཡོན་གཙོས་པའི་དྲྭ་གྲོགས་ཚང་མར་དགོངས་འགལ་མེད་པ་ཞུ། ངའི་གནས་ཚུལ་འདི་འགོད་ས་ནོར་སོང་འདུག། འདས་མ་ཕྱུག་འཚོ་མཆོག་ལ་གསུང་སེམས་མཉམ་བསྐྱེད་དང་ཁོང་མོའི་དགོངས་དོན་འགྲུབ་པའི་སྨོན་ལམ་འདེབས།
    གུས་འདུད་ཞུ། །

  17. BONPO says:
    2013-04-20 at 8:49 pm

    མཁྱེན་ཡངས་མེ་ཏོག་དཀར་པོ་ལགས། །
    སྐུ་ཉིད་ནས་ངལ་བ་དང་དུ་བླངས་ནས་འབྲུག་ཡུལ་དུ་དེང་གི་ཆར་ཡང་བོན་ལུགས་ཆོ་ག་མ་ཉམས་པར་གནས་ཡོད་པའི་དན་རྟགས་གསར་གནས་འདི། མོན་སྐད་ནས་བོད་སྐད་ཐོག་ཕབ་གྲོགས་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། གནས་ཚུལ་ཚན་པ་གཉིས་ཡོད་པས་ཐུགས་འཁོམ་བྱུང་ན་གཞན་དེ་ཡང་བསྒྱུར་རོགས་གནོངས། ཤིན་ཏུ་ཐུགས་རྗེ་ཆེ་ཞུ། །

  18. མེ་ཏོག་དཀར་པོ says:
    2013-04-21 at 12:14 am

    ༼Bon Po ནས་ང་ལ་མཁྱེན་ཡངས་ཞེས་བསྟོད་པ་བཏང་བས་དགའ་ཐག་ཆོད་ནས་གཅིག་བསྒྱུར་ཡོད། དཔའ་གཟརཔ་ཟེར་བ་ཧ་གོ་མ་སོང་། གཞན་ཧ་ལམ་གཤམ་གསལ་ལྟར་རེད ༽
    བོན་ཆོས་ལུགས་ཀྱི་ལོ་མཆོད་ཉམས་མེད་གནས་བཞིན་ཡོད་པ།

    ༡༩/༤/༢༠༡༣ ༉ དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་གི་མཐའ་ཟུར་ཡུལ་ཚན་རྟ་ས་ལ་ད་ལྟའི་བར་ན་ཡང་བོན་པོའི་ཆོས་ལུགས་མ་ཉམས་པར་ལག་ལེན་བསྟར་གི་ཡོད། དེ་ཡང་སྤྱི་ཟླ་༤ པའི་ཚེས་ ༡༧ ནས་འགོ་བཙུགས་ཏེ་ཉིན་གྲངས་༢ ཅན་གྱི་བོན་ལུགས་ཀྱི་ལོ་མཆོད་འགོ་བཙུགས་པའི་སྐབས་ཡུལ་མི་ ༥༠ ཙམ་ཞིག་གིས་ཚོགས་ཞུགས་བྱས་ཡོད་འདུག
    ༼དཔའ་གཟརཔ་ཚུ་གིས་ རྦད་རྐྱབ་སྟེ་ཡུལ་སྐོར་རྒྱབ་པའི་སྒང་།༽

    ཡུལ་ཚན་དེ་ནང་ལོ་མཆོད་དེ་ལ་བློ་རྒྱུ་ཟེར་སྲོལ་ཡོད་པ་དང་། དེ་དུས་སྐྱེས་པ་ ༡༦ ཙམ་ཞིག་གིས་དཔའ་གཟརཔ་དང་དཔའ་བོའི་ཆས་སུ་བྱས་ཐོག་ཕོ་ལྷ་དང་ དགྲ་ལྷ། དེ་བཞིན་ཡུལ་ལྷ་རྣམས་ལ་དབྱངས་དང་ཆང་གི་མཆོད་པ་ཁག་ཕུལ་གི་ཡོད་འདུག
    དེ་འདྲའི་ལོ་མཆོད་དེ་ལོ་ ༣ རེའི་བར་ན་ཚར་རེ་གོ་སྒྲིག་གནང་སྲོལ་ཡོད་པ་དང་། གསོལ་མཆོད་ཀྱི་སྐབས་དཔའ་གཟརཔ་ཚོས་རྦད་རྒྱབ་སྟེ་ཡུལ་ལ་སྐོར་ར་རྒྱག་གི་ཡོད་པ་མ་ཚད་དེ་དུས་ཡུལ་མི་ཚོས་མར་ཆང་ཁག་ ༣ ཙམ་བསྒྲིགས་ཏེ་ཆང་ཕུད་ཕུལ་བའི་རྗེས་ནས་ཁོང་རང་ཚོས་ཀྱང་འཐུང་སྟེ་དགའ་སྤྲོ་བཏོན་གི་ཡོད་འདུག
    དཔའ་གཟརཔ་ཚོས་སྔ་མོ་བུ་ཚ་ ༤ ཅན་གྱི་སྡེ་ཚན་ཞིག་གིས་ཤིང་གིས་བཟོས་པའི་ཕོ་མཚན་ཆེན་པོ་ཞིག་འཁྱེར་ཏེ་ཁ་ནས་བཙོག་གཏམ་བཤད་གི་ཡོད་འདུག

    ཕོ་མཚན་དེ་དབང་ཕྱུག་ཆེན་མོའི་མཚན་རྟགས་དང་དེས་མི་ཁ་བཟློག་སྟེ་ཞི་བདེ་འབྱུང་གི་ཡོད་ཚུལ་འདུག
    ཤིང་གི་ཕོ་མཚན་དེ་ཕྲུ་གུ་ཚོས་འཁྱེར་ཏེ་ཁ་ནས་བཙོག་གཏམ་ཤོད་མཁན་དེ་ཡང་ཚིག་དོན་ལེགས་པོར་ཧ་གོ་མ་པའི་སྐབས་བྱིན་རླབས་འཇུག་ཚུགས་ཞེས་བརྗོད་སྲོལ་འདུག་ཅེས་སྐྱེས་ལོ་ ༧༠ ལོང་པའི་མགོནམ་དོན་གྲུབ་ཀྱིས་བཤད།
    དཔའ་གཟརཔ་དང་ཕྱག་མཚན་འཁྱེར་མཁན་ཚོས་མཆོད་པའི་ཚིག་འཐེན་ཏེ་ འགྲོ་བའི་སྐབས་ཕྱོགས་ཅིག་ནས་ཞབས་བྲོ་འཁྲབ་མཁན་བུད་མེད་སྡེ་ཚན་ཞིག་གིས་དཔའ་གཟརཔ་དང་ཕྱག་མཚན་འཁྱེར་མཁན་ཚོ་ལ་གནང་བ་ཞུས་ཏེ་ཐང་ཅིག་ནང་སླེབས་པ་དང་རྨོ་མོ་ཞིག་ཁོང་གི་གྲས་སུ་འཛུལ་ཏེ་དཔའ་བོ་འཁྲབ་གི་ཡོད་འདུག
    དཔའ་བོ་དང་ལྷན་དུ་ཕྱག་མཚན་ ༥ ཡོད་པ་དེ་ཏོག་ཙམ་རྗེས་ཕྱོགས་ ༤ དང་ སྟེང་ལྷའི་ཡུལ་ལ་བཏོར་བཏང་གི་ཡོད་རུང་ཕྲུ་གུ་བཞིས་འཁྱེར་བའི་ཕྱག་མཚན་དེ་ཡུལ་མི་ཚོ་དང་ལྷན་དུ་ཉིན་མ་ ༣ བཞག་དགོས་ཞེས་མགོནམ་དོན་གྲུབ་ཀྱིས་བཤད།
    ཡུལ་མི་ཚོས་བཤདཔའི་ནང་དེ་འདྲའི་ལམ་སྲོལ་དེ་གོ་སྒྲིག་མ་བྱས་ན་ཉམས་རྒྱུའི་ཉེན་ཁ་འདུག་ཟེར་བ་དང་། དེ་ཡང་སྔ་མོ་ལྟར་ན་ལོ་མཆོད་ཀྱི་སྐབས་བལྟད་མོ་བལྟ་མཁན་ཉུང་ཤོས་༢༠༠ དེ་འདྲ་འཛོམས་གི་ཡོད་རུང་དེང་དུས་མི་༥༠ ཙམ་ལས་མེད་པ་དང་དེ་ཡང་མང་ཤོས་ལས་རིམ་ནང་ཞུགས་མཁན་ཚོ་ཡིན་འདུག་ཟེར།
    དྭངས་ཆུ་རྒཔོ་བསོད་ནམས་རྡོ་རྗེས་བཤད་པའི་ནང་དེང་སང་ལོ་མཆོད་བརྩི་སྲུང་བྱེད་དགོས་པ་དེ་ཡང་ཡུལ་མི་ཚོ་སྤྲོ་བ་བསྐྱེད་བཅུག་པའི་ཆེད་དུ་ཡིན་ཟེར་བ་དང་། གལ་སྲིད་རང་གི་ཡུལ་སྒོའི་ལམ་སྲོལ་དེ་ཉམས་ན་རྐྱེན་བར་ཆད་འབྱུང་གི་རེད་དྲན་ཏེ་སེམས་ཕྲལ་ལང་གི་འདུག་ཟེར།
    བོན་ཆོས་ཀྱི་ལོ་མཆོད་སྐབས་ལ་རྟ་ས་ཡུལ་ཚན་ནང་ཁྱིམ་ཚང་ ༡༧ ཡོད་ས་ནས་ཉུང་ཤོས་མི་ ༡ འཛུལ་ཞུགས་བྱ་དགོས་པ་བཟོས་པ་དེ་ཡང་ལམ་སྲོལ་དེ་ ཉམས་མི་བཅུག་པའི་དོན་དུ་ཡིན་འདུག
    དྭངས་ཆུ་རྒེད་འོག་ནང་དེ་འདྲའི་བོན་པོའི་ཆོས་ལུགས་ཀྱི་ལོ་མཆོད་བཏང་མཁན་དེ་རྟ་ས་ཡུལ་ཚན་ལས་བརྒལ་ནས་གཞན་དུ་མེད་པ་རེད།
    རྟ་ས་ཡུལ་ཚན་དེ་དྭངས་ཆུ་རྒེད་འོག་གི་སོ་ནམ་ཞིང་ལམ་ནས་རྐང་ཐང་གིས་དུས་ཡུན་ཆུ་ཚོད་༣ ཙམ་འགྲོ་དགོས་པའི་སར་ཡིན་པའི་གནས་ཚུལ།
    དབང་འདུས་ནས། བསྟན་འཛིན་རྣམ་རྒྱལ།
    http://kuenseldzongkhaonline.blogspot.com/2013/04/blog-post_79.html#more

  19. BONPO says:
    2013-04-21 at 7:43 pm

    མེ་ཏོག་དཀར་པོ་ལགས། །
    ཁྱེད་མཁྱེན་ཡངས་མིན་ན་སུ་མཁྱེན་ཡངས་ཡིན། རོགས་རམས་འདི་ལྟར་གནང་བར་སྙིང་ནས་བཀའ་དྲིན་ཆེ། འབྲུག་དང་ལ་དྭགས་སྐད་བཅས་ལ་ཐོགས་པ་ཡོད་ས་མ་རེད། ད་དུང་རྒྱ་གར་དང་བལ་པོའི་སྐད་ནི་སྤྲ་བ་ལ་མེ་ཤོར་སོང་བ་ནང་བཞིན་ཡིན་གྱི་རེད། ང་ཚོ་མཚམས་རེར་བོན་བན་གྱི་འདོད་པ་མི་འདྲ་བར་ཁ་རྩོད་རེ་ཤོར་ཀྱང་དེ་ནི་སོ་སོའི་མོས་ཕྱོགས་རེད། གང་ལྟར་ང་ཚོ་ཚང་མ་དེའི་ཚེ་དེའི་དུས་ན་བོན་པོའི་མི་རིགས་ཡིན་ཡང་ཤེས་པ་གནང་རོགས། ཐུགས་རྗེ་ཆེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme