Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་འཇིགས་མེད་ནོར་བུ་མཆོག་གི་མཛད་བཟང་རྗེས་སུ་དྲན་པ།

Posted on 2011-02-162011-02-16 By དགེ་རབ་ 15 Comments on རྒྱལ་གཅེས་དཔའ་བོ་འཇིགས་མེད་ནོར་བུ་མཆོག་གི་མཛད་བཟང་རྗེས་སུ་དྲན་པ།

jigme-norbu༄༅༎ ཨ་རིའི་མངའ་སྡེ་བུ་རྒྱས་གནས་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། དམིགས་བསལ་གྱིས་སྲས་འཇིགས་མེད་ནོར་བུ་མཆོག་བོད་དོན་འབའ་ཞིག་གི་ཆེད་སྐུ་གཤེགས་པར་མྱ་ངན་དང་། ཁོང་གི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་དང་གུས་འདུད་ཞུ་བཞིན་ཡོད།
སྲས་འཇིགས་མེད་ནོར་བུ་མཆོག་དང་། ང་ཚོའི་ཚོགས་པ་དང་ས་གནས་བོད་རིགས་མི་མང་གི་བར་ལ་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་ནི། ཕྱི་ལོ་ ༢༠༠༦ ལོར། ཁོང་གིས་དབུ་འཁྲིད་འོག ང་ཚོའི་ས་གནས་བོད་མི་རྣམས་མཉམ་ཞུགས་ཀྱིས། ཤར་ལྷོ་བསུ་དཔལ་ནས་མགོ་བཙུགས་ཏེ། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་བར་ཉིན་གྲངས་བཅུ་བཞིའི་རིང་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་བྱས།
འཇིགས་མེད་ནོར་བུ་ལགས་ཀྱིས་ད་ཐེངས་ཀྱི་གོམ་བགྲོད་འདིའི་མགོ་འཛུགས་སྐབས། ངའི་གོམ་བགྲོད་འདི་དག་ནི། རང་གི་ཕ་དམ་པའི་ཐུགས་དགོངས་རྫོགས་པ་དང་། བཞེད་དོན་རྣམས་རྒྱུན་འཁྱོངས་བྱེད་ཆེད་ཡིན། ངའི་ཕ་ལགས་ཀྱིས་ཁོང་གི་སྐུ་ཚེ་གང་བོར་བོད་རང་བཙན་གྱི་ཐོག་ལ་ཐུགས་བརྩོན་གནང་བ་རེད། ང་ཁོང་དང་ལྷན་དུ་ཐེངས་ཁ་ཤས་ཀྱི་རིང་གོམ་བགྲོད་བྱེད་རྒྱུའི་སྐལ་བ་བཟང་པོ་བྱུང་། ངས་ཀྱང་བོད་རང་བཙན་ལ་ཡིད་ཆེས་བྱེད་ཀྱིན་ཡོད། ངའི་ཕ་ཙམ་མ་ཡིན་པར་བོད་མི་གཞན་མང་པོས་བཏབ་པའི་རང་བཙན་གྱི་ས་བོན་འདི་ལ་འཇུས་ནས་ང་ཚོ་འགྲོ་དགོས་པ་རེད། འདི་ལ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ལག་པ་དང་རྐང་པ་ནི་ངའི་ཕ་ཡི་ཆ་ཤས་ཤིག་རེད། ངའི་ཕ་ཡི་གོམ་བགྲོད་འདི་འདྲ་ཟླ་རེ་རེའི་ནང་དུ་བྱུང་ན་བསམ་གྱིན་ཡོད། འདི་ཁོང་གི་ཐུགས་རེ་རེད། དེར་བརྟེན་ངས་དེ་སྒྲུབ་ཀྱིན་ཡོད། བོད་མི་སུ་ཡིན་ཡང་ང་དང་ལྷན་དུ་གོམ་བགྲོད་ལ་མཉམ་ཞུགས་བྱེད་རྒྱུར་ངས་དགའ་བསུ་ཡོད། ཅེས་ཞལ་ཆེམས་སམ་བོད་མིའི་མངོན་འདོད་རང་བཙན་ཡིན་པ་གསལ་སྟོན་གནང་འདུག་པ་བོད་མི་རྣམས་ཀྱིས་ནམ་ཡང་སྙིང་དབུས་སུ་བཅངས་ཏེ། དམ་པ་ཁོང་གི་རྗེས་སུ་ཞུགས་རྒྱུ་གལ་ཆེ།
ང་ཚོའི་ཚོགས་པ་དང་ས་གནས་བོད་མི་ཡོངས་ཀྱིས་རྒྱལ་གཅེས་དཔའ་བོ་འཇིགས་མེད་ནོར་བུ་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོས་མ་ཐག དེ་རིང་སྟེ་ཕྱི་ཟླ་ ༢ པའི་ཚེས་ ༡༦ ཉིན། བཀྲ་ཤིས་ཆོས་གླིང་ཆོས་ཚོགས་སུ་སྨོན་ལམ་མཆོད་འབུལ་རྒྱ་ཆེར་ཞུས་ཡོད་པ་མ་ཟད། སང་ཉིན་དམ་པ་ཁོང་གི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་དང་། ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཞུ་ཆེད། སྐུ་ཞབས་རྒྱལ་མཚན་བཟང་པོ་དང་། རྡོ་རྗེ་དགྲ་འདུལ། བསྟན་འཛིན་ཐོས་བསམ། འབྱོར་ལྡན། དམ་ཆོས་རྒྱལ་མཚན། ཕུར་བུ་ཚེ་རིང་བཅས་ཚོགས་པའི་ཚབ་བྱས་ཏེ་ས་གནས་སུ་དངོས་སུ་བཅར་རྒྱུ་གཏན་ཁེལ་བྱས་ཡོད།
གླིང་བཞིའི་ཁྱོན་ལ་ཞི་བའི་ཞབས་རྗེས་བཞག།
བདེན་པའི་གནས་ལུགས་སྐྱེ་དགུའི་རྣ་བར་བསྒྲགས༎
སྲིད་ན་གཅེས་པའི་ཚེ་སྲོག་དྲོན་མོ་ཡང་༎
རླབས་ཆེན་མི་རིགས་ཞིག་གི་ཆེད་དུ་མཆོད༎
ཅེས་ཨ་རིའི་མངའ་སྡེ་བུ་རྒྱས་གནས་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པས།
ཕྱི་ལོ་ 2011 ཟླ་ 2 ཚེས་ 16 ཉིན་གུས་འདུད་གྲངས་མེད་བཅས།

གསར་འགྱུར།

Post navigation

Previous Post: ཁ་བརྡ་ལ་ཕུལ་བ།
Next Post: སྐབས་བཅོ་ལྔའི་མདོ་སྨད་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ངོ་སྤྲོད་མདོར་བསྡུས།

Comments (15) on “རྒྱལ་གཅེས་དཔའ་བོ་འཇིགས་མེད་ནོར་བུ་མཆོག་གི་མཛད་བཟང་རྗེས་སུ་དྲན་པ།”

  1. བློ་གྲོས་མཐའ་ཡས། says:
    2011-02-16 at 3:54 pm

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

  2. སྙན་བཟང་གཡུང་དྲུང་ཚེ་རིང says:
    2011-02-16 at 4:20 pm

    ང་ནི་ལས་རྒྱུ་འབྲས་ཟེར་བ་དེར་ཡིད་ཆེས་ཞེ་དྲག་མེད་ཀྱང་། གལ་སྲིད་ལས་རྒྱུ་འབྲས་དང་བར་དོའི་ཁམས་སོགས་དངོས་སུ་ཡོད་ན། ཁྱེད་རང་བར་དོའི་ཁམས་ནས་འཇིགས་སྐྲག་མི་ཡོང་བ་དང་། སྐྱེ་བ་རྗེས་མར་ཕ་མ་བྱང་སེམས་ཅན་ཞིག་གི་རྩ་ནས་སྐྱེས་ཏེ་ཚེ་རིང་བ་དང་། མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ་ཞབས་འདེགས་བསྒྲུབ་མཁན་གྱི་སྐྱེས་བུ་བླ་མ་མཆིས་པ་ཡོང་བར་ཤོག་ཅེས་གསོལ་བ་དྲག་ཏུ་འདེབས།

  3. ཀརྡོ་རབ་འབྱམས་པ་ says:
    2011-02-16 at 4:37 pm

    ཁྱེད་ཀྱི་ལས་བཟང་གི་འབྲས་བཟང་མྱུར་དུ་སྨིན་པར་ཤོག །

  4. གཞིས་བོད། says:
    2011-02-16 at 10:29 pm

    སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །
    བདག་གིས་བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །
    དགེ་རྩ་མཐའ་དག་བདེ་ཆེན་ཞིང་མཆོག་ཏུ། །
    སྐྱེ་ཕྱིར་བསྔོ་ན་འགྲུབ་པར་བྱིན་གྱིས་རློབས། །
    མི་ཕམ་རྒྱ་མཚོས་མཛད།

  5. དྲི་མེད་ལྷག་བསམ། says:
    2011-02-17 at 5:51 am

    འདི་རླང་འཁོར་གདོང་ཐུག་རྐྱང་པ་ཞིག་ཨེ་ཡིན་མི་ཤེས། ཁོང་གཤེགས་པའི་དུས་དང་རླང་འཁོར་ཆེན་པོ་དེའི་བདག་པོ། དེ་མི་གཞན་དང་འབྲེལ་བ་ཡོད་མེད་སོགས་རྒྱབ་ལྗོང་ཞིབ་མོར་བརྟགས་ན་བཟང་། ང་ནི་ལས་འབྲས་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན། ཨོཾ་མཎི་པདྨེ་ཧཱུྃ། འཕགས་མཆོག་བརྩེ་བའི་ཕྱག་རིང་མྱུར་སྐྱོངས་ཤིག །དཔའ་བོ་ཆེན་པོ་འཆི་ཁའམ་བར་དོ་རུ། །མཆོག་གསུམ་ཐུགས་རྗེའི་་འོད་སྣང་ལ་བརྟེན་ཅིང། །པོ་ཊ་ལ་ཡི་ཞིང དུ་འཇུག་པར་ཤོག །

  6. གྲགས་རྣམ says:
    2011-02-17 at 6:06 am

    གངས་ཅན་པ་དང་ཕ་ཡི་ལ་རྒྱའི་ཆེད།། འགྱུར་མེད་དམ་བཅས་བོད་དོན་སྐོར་བསྐྱོད་ཁྲོད།། གཅེས་པའི་་ཚེ་སྲོག་གློ་བུར་ཤོར་བ་འདི།། ཁ་བ་རི་བའི་ཕམ་ཁ་ཆེན་པོ་ཞིག། ཕྱི་མའི་ལྔ་ལམ་གཤེགས་པའི་དཔའ་བོ་ཡི།། རྣམ་ཤེས་ཕྲ་མོར་འཇིགས་སྐྲག་མ་ཟིན་པར།། གངས་ཅན་དཔའ་བོའི་གདུང་རྒྱུད་ངོ་མ་ཞིག། སླར་ཡང་སྐྱེ་བའི་གསོལ་བ་སྨོན་ལམ་འདེབས།། 

  7. ཐོ་རེངས་སྐར་ཆེན། says:
    2011-02-17 at 6:13 am

    མི་འགའ་ཤས་ལྟར་ལས་འབྲས་ལ་ཡིད་ཆེས་མེད་པར་གསོལ་འདེབས་བྱེད་སྟངས་དེ་འདྲ་ཤེས་ཀྱི་མེད། མེད་པོ་ཞིག་ལ་གསོལ་བ་འདེབས་ན་སྟོང་པ་ཡིན་གྱི་རེད། ཁ་དང་ཁོག་པ་གཉིས་ཀའང་སྟོང་པ་ཡིན་གྱི་རེད།
    དེ་བས། ལས་འབྲས་ལ་ཡིད་ཆེས་ཡོད་མཁན་བདག་གིས་འདས་པོར་མྱ་ངན་གུས་འདུད་ཞུ་བ་དང་། ཚེ་རབས་ཐོག་མཐའ་བར་གསུམ་དུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་སྨོན་ལམ་ཞུ།
    “སྐྱེས་པ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ་”ཞེས་པ་འདི་དོན་དངོས་འདི་འདྲ་ཞིག་ཡིན་དགོས།

  8. ལས་རླུང་། says:
    2011-02-17 at 6:26 am

    རྒྱུད་སྟོད་དགོན་གྱི་ས་ཆའི་བདག་དབང་མིང་བསྒྱུར་རྒྱུ།

    རྒྱ་གར་བྱང་རྒྱུད་ཀྱི་ཧི་མ་ཅལ་མངའ་སྡེའི་གཞུང་གིས་དཔལ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་གི་བདག་དབང་དེ་མངའ་སྡེ་དེའི་གཞུང་གི་མིང་དུ་ཁྲིམས་སྲོལ་ལྟར་སྒྱུར་རྒྱུའི་གསལ་བརྡ་ཞིག་བཏང་ཡོད་འདུག
    ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧རྒྱལ་བ་ཀརྨ་པའི་གནས་སྐབས་ཀྱི་བཞུགས་གནས་རྒྱུད་སྟོད་གྲྭ་ཚང་དེ་ཕྱི་ལོ་༢༠༠༢ ལོར་མངའ་སྡེ་དེ་གའི་ཡུལ་མི་ལྡི་ལི་རམ་དང་པཱམ་སིང་གཉིས་ཀྱི་མིང་ཐོག་ནས་ས་ཁང་དེའི་བདག་དབང་དེབ་སྐྱེལ་བྱས་ཡོད་པ་དེ། ཟླ་འདིའི་ཚེས་༡༥ མངའ་སྡེ་གཞུང་གི་མིང་དུ་བསྒྱུར་རྒྱུ་ཡིན་ལུགས། རྒྱུད་སྟོད་གྲྭ་ཚང་གི་འབྲེལ་ཡོད་ལས་ཁུངས་སུ་སྔོན་བརྡ་ཞིག་བཏང་ཡོད་ཅེས་མངའ་སྡེའི་ཁྲལ་བསྡུ་འགན་འཛིན་རྒན་པ་སྐུ་ཞབས་ནཱ་རེན་ཤི་ཀུ་མར་གྱིས་བརྗོད་འདུག

    ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་༢༠༠༦ དང་༢༠༠༧ ཙམ་ཀོང་རེ་སི་ཆབ་སྲིད་ཚོགས་པས་མངའ་གཞུང་གི་སྲིད་སྐྱོང་སྐབས། མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷ་དྷར་སིང་མཆོག་ལ་བོད་མིས་ཁྲིམས་འགལ་ཐོག་ནས་ས་ཁང་བདག་དབང་དེབ་སྐྱེལ་བྱས་པ་ཁག་༧༣ གྱི་ཐོ་གཞུང་རྣམས་དྭངས་བླང་གི་ཐོག་ནས་མངའ་གཞུང་ལ་སྤྲད་པའི་འབྲས་བུར། བློན་ཆེན་གྱིིས་སློབ་གྲྭ་དང་དགོན་སྡེ་ཁག་མངའ་སྡེའི་མིང་ཐོག་ནས་བདག་དབང་ལེན་རྒྱུ་དང། རྗེས་སུ་ས་ཁང་དེ་དག་ལོ་ངོ་སུམ་ཅུའི་རིང་ཕྱིར་བཙན་བྱོལ་གཞུང་གི་མིང་ཐོག་ནས་བོགས་མ་གཏོང་རྒྱུ་དང། བོགས་མ་གཏོང་གླ་ས་ཁང་གི་སྤྱིའི་རིན་འབབ་ཀྱི་བརྒྱ་ཆ་༡༠ མངའ་སྡེ་གཞུང་ལ་འབུལ་དགོས་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད།
    བཙན་བྱོལ་བོད་གཞུང་གིས་ཧི་མ་ཅལ་མངའ་གཞུང་ལ་རྩིས་འབུལ་ཞུས་པའི་གོང་འཁོད་ས་ཁང་༧༣ ནས་ས་ཁང་༤༠ བདག་དབང་མངའ་སྡེ་གཞུང་གི་མིང་ཐོག་ཏུ་བསྒྱུར་ཟིན་ལུགས་དང། རྒྱུད་སྟོད་གྲྭ་ཚང་གཙོས་པའི་འཕྲོས་ས་ཁང་རྣམས་ཀྱི་བདག་དབང་མིང་བསྒྱུར་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ལུགས་སོགས་འཁོད་འདུག ད་ཆ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་གི་མིང་དེ་མངའ་གཞུང་གི་མིང་ཐོག་ཏུ་འཕྲལ་དུ་བསྒྱུར་རྒྱུའི་གཏན་ཁེལ་གསལ་བསྒྲགས་བསྐྱངས་དགོས་དོན་ནི། ༧རྒྱལ་བ་ཀརྨ་པ་མཆོག་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་དང། ཉེ་བའི་ཆར་མཚུར་ཕུ་བླ་བྲང་ནས་དངུལ་དམར་འབོར་ཆེན་ཐོན་པའི་དོན་རྐྱེན་ལ་བརྟེན་ནས། རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་དེ་མངའ་གཞུང་གི་མིང་ཐོག་ཏུ་བསྒྱུར་རྒྱུའི་དོ་སྣང་གསར་དུ་སླེབས་པ་ལྟ་བུ་ཞིག་མངོན་གྱི་ཡོད་པ་རེད།།
    མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༢, ༡༧’ )

  9. ལས་རླུང་། says:
    2011-02-17 at 6:27 am

    རྒྱུད་སྟོད་དགོན་པ་གཞུང་བཞེས།
    འདོན་སྤེལ། ༢༠༡༡/༠༢/༡༦

    ཉེ་ཆར་རྒྱལ་བ་ཀརྨ་པའི་བླ་བྲང་གི་དངུལ་གྱི་དོན་རྐྱེན་བྱུང་བ་དང་མཉམ་དུ་བླ་བྲང་གིས་ངྷ་སའི་ཉེ་འཁོར་དུ་ས་ཆ་ཉོས་པའི་གནད་དོན་ཞིག་ཀྱང་ལྷག་ཡོད་སྟབས། ཐེངས་འདིའི་དོན་རྐྱེན་དང་བསྟུན་ཏེ། ཀཱང་ར་རྫོང་ཁྲལ་བསྡུ་ལས་ཁུངས་ཀྱི་ཚོགས་ཆུང་ཞིག་རྒྱུད་སྟོད་དགོན་པར་ཕྱིན་ཏེ། དེ་གའི་ས་ཆའི་བདག་དབང་དང་སའི་དཔྱ་ཁྲལ་ཕུལ་བའི་བརྒྱུད་རིམ་ལ་ཞིབ་བཤེར་བྱས་སྐབས། རྒྱུད་སྟོད་དགོན་པ་བཞེངས་སའི་ས་ཆ་དེ་ངྷ་སར་ཡོད་པའི་ཨ་རོན་རྡོ་རྗེ་ Arun Dorje ཞེས་པ་ཞིག་དང་། ཀུ་ལུ་མཱ་ནཱ་ལེ་ནས་ཡིན་པ་པི་རིམ་སིན་ Prem Singh ཞེས་པའི་མི་གཉིས་ཀྱི་མིང་ཐོག་ནས་དགོན་པ་བརྒྱབ་ཡོད་པ་ཞིག་ཆགས་ཡོད་འདུག ཁ་སང་རེས་གཟའ་མིག་དམར་ཉིན་ད་ལྟའི་ཀརྨ་པའི་བཞུཊ་གནས་རྒྱུད་སྟོད་དགོན་པའི་ས་ཆའི་བདག་དབང་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྩིས་ལེན་གྱིས་མིང་བསྒྱུར་བྱས་ཡོད་འདུག

    ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་དུས་བབ་ཐོག་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་ཀརྨ་བླ་བྲང་གི་དངུལ་གྱི་དོན་རྐྱེན་འདི་བརྒྱུད་དེ། མངའ་སྡེ་འབྲེལ་ཡོད་སྡེ་ཚན་ནས་ཞིབ་འཇུག་བྱས་སྐབས། ཀཱང་ར་རྫོང་ཁོངས་སུ་ཁྲིམས་མཐུན་མིན་པའི་ས་ཞིང་ཉོ་ཚོང་བདག་བཟུང་བྱས་ཡོད་པ་གྲངས་ ༡༠༠ ཡས་མས་ཤིག་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེའི་ཁྲོད་མངའ་སྡེ་གཞུང་གི་ཞིབ་འཇུག་ཚན་པས་བཙན་བྱོལ་བོད་གཞུང་ས་ཆའི་བདག་དབང་གི་ཐོ་གཞུང་ལ་ཞིབ་བཤེར་བྱས་སྐབས། བོད་རིགས་ཁྲོད་ཁྲིམས་མཐུན་མིན་པར་ས་ཞིང་ཉོ་ཚོང་བདག་བཟུང་བྱེད་མཁན་ ༧༣ ཙམ་བྱུང་ཡོད་སྐོར་བཀོད་འདུག

    ཧི་མ་ཅལ་མངའ་སྡེ་གཞུང་གི་རྩ་ཁྲིམས་ཀྱི་ས་ཞིང་བདག་དབང་ཡིག་ཆའི་དོན་ཚན་ ༡༡༨ པའི་ནང་། ཧི་མ་ཅལ་གྱི་ཡུལ་མི་མ་གཏོགས་ཕྱི་མི་སུ་ལའང་མངའ་སྡེའི་ནང་ས་ཞིང་ཉོ་ཚོང་གི་ཐོབ་ཐང་མེད་ཅེས་བཀོད་ཡོད་འདུག་པས། ཁ་སང་ ཕྱི་ཚེས་ ༡༥ ཉིན་ཧི་མ་ཅལ་མངའ་སྡེ་བློན་ཆེན་པི་རིམ་ཀུ་མར་ Prem Kumar Dhumal གྱིས་གསར་ལམ་ཁག་ལ། ས་བདག་ཞིང་བདག་གི་མིང་ཐོ་ཁ་གསལ་མེད་པ་དང་ཁྲིམས་མཐུན་མིན་པར་ས་ཞིང་ཉོ་ཚོང་བྱེད་མཁན་རིགས་ལ་ཐག་གཅོད་ནན་མོ་བྱ་རྒྱུ་དང་། ཐེངས་འདིར་ཞིབ་འཇུག་བྱེད་མཁན་འབྲེལ་ཡོད་ཚན་པ་ཁག་གིས་ཁྲིམས་འགལ་ཐོག་ས་ཞིང་ཉོ་ཚོང་བྱས་ཡོད་པའི་གནད་དོན་དག་ལ་ཞིབ་བཤེར་ཁ་གསལ་བཟོ་དགོས། ཞེས་བཀའ་རྒྱ་བཏང་ཡོད་འདུག ཅེས་བརྗོད་འདུག

    གསར་འགོད་པ། བནྡེ་སྐྱབས

  10. ལས་རླུང་། says:
    2011-02-17 at 6:32 am

    གསར་འགྱུར་གོང་མ་དེ་བང་ཆེན་དང་འོག་མ་དེ་དུས་བབ་ལས་བླངས་པ་ཡིན།

    ད་ཡུལ་མི་ཐོབ་ཐང་མེད་པའི་དཀའ་ངལ་དེ་དངོས་སུ་ཚོར་བའི་ཐོག་ལ་འབབ་ཡོང་གི་འདུག་ག

    དེའི་ཕྱིར་ཉེ་སྔོན་བུ་མོ་དེས་ཁྲིམས་མཐུན་ཐོག་ཡུལ་མི་ཐོབ་ཐང་བླངས་པ་དེ་དུས་ཀྱི་དགོས་མཁོ་དང་འཚམས་པོ་ཞིག་རེད་མི་འདུག་གམ།

  11. ཚོགས་ཆེན་ says:
    2011-02-17 at 7:34 am

    དངོས་གནས་བུ་མོ་དེ་སྔ་བསམས་ཕྱི་བསམ་བཏང་ཤེས་མཁན་ཞིག་རེད་འདུག་

  12. དགྲ་འདུལ་ཚེ་རིང་ says:
    2011-02-17 at 7:56 am

    ཨོ་མ་ཎི་པདྨེ་ཧྰུ་ཧྲི
    འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ནས་སྐྱེས་བར་ཤོག

  13. དཔང་དགའ་སྤྱོད་ says:
    2011-02-17 at 9:52 am

    རྒྱལ་གཅེས་དཔའ་བོ་སྲས་འཇིགས་མེད་ནོར་བུ་འཇིག་རྟེན་གྱི་ཆོས་ཉིད་ལ་སོང་བ་ནི་བོད་འབངས་སྤྱིའི་བདེ་དོན་ལ་འཕངས་པ་ཞིག་རེད།ཱྀ
    བོད་མི་རེའི་ངོས་ནས་བོད་ཀྱི་བདེ་དོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཁོང་བཞིན་འབད་ན་བོད་མིའི་བདེ་སྐྱིད་ཀྱི་རྩ་ཐང་ཡངས་ཤིང་རྒྱ་ཆེ་བར་འགྱུར་བ་དང་། དེ་ཕྱིར་བོད་མི་རིགས་ཀྱི་དགའ་སྐྱིད་འཚོ་བ་མཉམ་རོལ་དུ་བཞེས་མཁན་ཀུན་གྱི་བདེ་སྡུག་ལ་གདུང་སེམས་མཉམ་འདེགས་ཡོད། དཔང་དགའ་སྤྱོད་ནས།

  14. རིག་འབྱུར་རྒྱ་མཚོ says:
    2011-02-17 at 10:18 am

    སེམས་པ་སྐྱོ་བོའི་བྱུང་།

  15. མིག says:
    2011-02-17 at 12:58 pm

    སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །
    དེ་སྲིད་༸གངས་ཅན་མགོན་པོའི་དྲུང་། །བྲལ་བ་མེད་པར་སྐྱེ་བར་ཤོག །

    ༸གོང་ས་ཆེན་པོའི་ཐུགས་བསྐྱེད་དང་། །ཡབ་ཆེན་དམ་པའི་ཐུགས་དགོངས་བཞིན། །
    ཕྱག་ལེན་འཇུག་པའི་སེམས་དཔའ་ཆེ། །འཇིགས་མེད་ནོར་བུའི་རྣམ་པར་ཐར། །
    ཤེས་ནས་དད་པས་རབ་གདུང་སྟེ། །མིག་ཆུའི་ཐིགས་པས་ས་གཞི་བརླན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme