Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་མེར་སྲེག་པ་བཀྲ་ཤིས་རབ་བརྟན་གྱིས་ཀླུ་སྨྱོན་ཧེ་རུ་ཀར་གླན་པའི་སྐད་ཕྱི་མའི་ན་ཟུག

Posted on 2016-12-122016-12-12 By ཁ་བརྡ་ 5 Comments on རྒྱལ་གཅེས་དཔའ་བོ་མེར་སྲེག་པ་བཀྲ་ཤིས་རབ་བརྟན་གྱིས་ཀླུ་སྨྱོན་ཧེ་རུ་ཀར་གླན་པའི་སྐད་ཕྱི་མའི་ན་ཟུག

གསལ་ལེ་རྒྱལ།

 
ཨ་ལགས་ཀླུ་སྨྱོན་ལགས། སྐུ་ཉིད་ལྟོ་རྒྱབ་ཀྱི་དཀའ་ངལ་ལ་མ་འཕྲད་པར་བདེ་འམ།
ང་ཚོ་སྟེ་རང་ལུས་མེར་སྲེག་གིས་ཁྱེད་ཚོར་བྲལ་ཟིན་པ་ཚང་མ་ཕྱི་མའི་འཇིགས་པར་མ་འཕྲད་ཅིང་རང་གི་ལྟོ་རྒྱབ་ལ་མ་ཆགས་པར་ཕྱི་མ་ན་བདེ་མོ་སྐྱིད་པོ་ཡིན། རང་གི་རྩ་བའི་བླ་མ་དང་། རང་གི་མི་རིགས། རང་གི་ཕ་མ་དང་རང་གི་བུ་ཕྲུག་ལ་བྲལ་བའི་སྡུག་བསྔལ་ལོས་ཡོད་མོད། བློས་བཏང་འདིའི་དམིགས་ཡུལ་ལ་བསམ་བློ་བཏང་ན། འགན་ཁུར་ལྡན་པའི་ལག་ལེན་འདིའི་མ་འོངས་བར་འདང་བརྒྱབས་ན། སྡུག་བསྔལ་དེ་ནི་ང་ཚོར་མཚོན་ན་ཧ་ཅང་ཆུང་ཆུང་ཞིག་ཡིན། ད་སྐབས་ང་ཚོ་རང་དབང་གིས་འཚོ་བཞིན་ཡོད། ཁྱེད་རིན་པོ་ཆེ་ཡི་གསུང་ཕྱོགས་ལྟར་བྱས་ན་ང་ཚོའི་གྲས་སུ་ཅི་ཡང་མི་ཤེས་པའི་ཕྱུག་རྫི་ཡོད་ལ། ཞིང་ལས་པའང་ཡོད། ངའང་དེའི་གྲས་ཀྱི་གཅིག་ཡིན། ཡིན་ནའང་ང་ཚོ་ཆོས་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་མེད་པའི་ཞིང་འབྲོག་མི་དམངས་ཏག་ཏག་མིན། ང་ཚོའི་གྲས་སུ་དགོན་པའི་སློབ་གཉེར་ཆ་ཚང་གྲུབ་ཟིན་པའི་གྲྭ་བ་ཡོད་ལ་དགེ་བཤེས་དང་མཁན་པོའང་ཡོད།

unnamedཁྱེད་ཀྱིས་ཁ་སང་གསུངས་པའི་སྐད་ཆ་དེས་ང་ཚོར་ན་ཟུག་མང་བོ་བསྐྲུན་ཡོད། ང་ཚོས་ཕྱི་མ་ནས་གོ་ཐོས་ལྟར་ན་ཀླུ་སྨྱོན་དུ་འབོད་པའི་ཡི་གེ་བ་ཁྱེད་ཀྱིས་ང་ཚོས་རང་གི་རྩ་འི་བླ་མ་ཕྱིར་བོད་ཡུལ་དུ་ཕེབས་པའི་ཆེད་དང་། རང་གི་མི་རིགས་ཀྱི་རིག་གཞུང་རླབས་པོ་ཆེར་སྲུང་སྐྱོབ་བྱེད་པའི་ཆེད་དུ་རང་གི་ལུས་སེམས་གཉིས་བླུ་ཡོན་དུ་ཕུལ་པ་དེ་བླུན་རྟགས་རེད་་”རང་ལུས་མེར་བསྲེགས་བྱེད་པ་ལས། ཁྱེད་ཀྱིས་ཀ་ཁ་ག་ང་སྦྱོངས། རང་ལུས་མེར་བསྲེགས་བྱེད་པ་ལས། མ་ཎི་ཡིག་དྲུག་སྒྲོངས། རང་ལུས་མེར་བསྲེགས་བྱེད་པ་ལས། ཚོགས་བསགས་སྒྲིབ་སྦྱོང་བྱོས། རང་ལུས་མེར་བསྲེགས་བྱེད་པ་ལས། བུ་བུ་མོ་དང་ཚ་བོ་ཚ་མོ་སློབ་གྲྭར་སྐྱོལ། རང་ལུས་མེར་བསྲེགས་བྱེད་པ་ལས། བྱིན་རླབས་ཀྱི་གཟི་འོད་འབར་བའི་བོད་ཡུལ་གྱི་གནས་ཆེན་དག་ལ་མཆོད་མཇལ་དུ་ཕེབས། རང་ལུས་མེར་བསྲེགས་བྱེད་པ་ལས། དེང་རབས་བཟོ་བཀོད་མཚར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟད་མོར་ཕེབས།”ཟེར།
ཀ་ཁ་ག་ང་སྦྱོངས། མ་ཎི་ཡིག་དྲུག་སྒྲོངས། ཚོགས་བསགས་སྒྲིབ་སྦྱོང་བྱོས། བུ་བུ་མོ་དང་ཚ་བོ་ཚ་མོ་སློབ་གྲྭར་སྐྱོལ། ཧ་ཧ་ཧ། སྐད་ཆ་ཚོན་པོ་བཤད་ག ཁྱེད་རང་ལོ་ངོ་ཉི་ཤུའི་རིང་ལ་ཕ་མ་གཉིས་ཀར་ཐུག་མ་ཐུབ་དོན་ཨེ་ཤེས། རྗེ་ཙོང་ཁ་བའི་ལད་མོ་བྱས་པ་ཡིན་རྒྱུ་མ་རེད། སྡེ་དགེ་དཔོན་པོས་སྤྲང་བོ་ཞིག་ལ་” ཉིན་རྟག་པར་ལྟོ་སློང་བ་ལས་མཛོ་མོ་སུམ་ཅུ་ཉོས་ནས་འོ་མ་བཙོང་ན་མི་བཟང་ངམ་”ཞེས་བའི་སྐད་དེ་དྲན་བྱུང་།

གང་ལྟར། ཀླུ་སྨྱོན་ལགས། ཆ་རྐྱེན་འདི་དག་ཁྱེད་ལ་ཆ་ཚང་བར་བསྐྲུན་ཡོད། ས་ཆ་སྐྱིད་ས་དང་བདེ་འཇགས་ཀྱི་གནས་ནས་ཁྱེད་ཀྱིས་མ་ཎི་བཏོན་མྱོང་བར་ང་ཚོར་ཡིད་ཆེས་ཡོད། ཐུགས་རྗེ་ཆེ། ཡིན་ནའང་མ་ཎི་རེ་རེའི་རིན་གོང་སྒོར་མོར་འཇལ་བ་དེས་ང་ཚོར་དོགས་པའང་བསླངས་མྱོང་། དེ་བས་ང་ཚོས་བར་དོ་བརྒྱུད་ནས་འགྲོ་དུས། དམྱལ་བའི་ཐོ་གཞུང་དང་རྡེའུ་དཀར་ནག་གི་གྲངས་ཀར་ལྟ་དུས། ཁྱེད་ལ་སྙིང་རྗེ་ཞིག་སྐྱེས་བྱུང་།

12/12/2016 ལ་ཕ་རེ་སི་ནས།

བསམ་ཚུལ།

Post navigation

Previous Post: རང་ལུས་མེར་སྲེག་རྗེས་སུ་མཐོང་བའི་ཀླུ་སྨྱོན་གྱི་ངོ་གདོང་སྐྱུག་བྲོ་བོ།
Next Post: སློབ་སྤྱི་ཞིག་གིས་སློབ་ཕྲུག་གི་ཕ་མར་བཏང་བའི་ཡི་གེ་ཞིག

Comments (5) on “རྒྱལ་གཅེས་དཔའ་བོ་མེར་སྲེག་པ་བཀྲ་ཤིས་རབ་བརྟན་གྱིས་ཀླུ་སྨྱོན་ཧེ་རུ་ཀར་གླན་པའི་སྐད་ཕྱི་མའི་ན་ཟུག”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-12 at 2:14 pm

    རང་བསྲེགས་བྱེད་མཁན་ཚོར་རྒྱབ་སྐྱོར་ནམ་ཡང་བྱེད་ཐུབ་ཀྱི་མི་འདུག དགོངས་འགལ་མེད་པར་ཞུ། ཨ་ལགས་ཀླུ་སྨྱོན་གྱི་གསུངས་ལ་མངོན་པར་བསྟོད། ཡིན་ཀྱང་བསམ་མེད་བྱིས་པ་ཚོས་རྟོགས་ག་ལ་ཐུབ། དེས་ན་རེ་ཞིག་ཅི་ཡང་མི་སྨྲ་བར་ཏིང་ངེ་འཛིན་ལ་ཞུགས་ན་ལེགས་པར་སྙམ་མོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ

  2. ཀརྡོ་རབ་འབྱམས་པ་ says:
    2016-12-12 at 2:32 pm

    རང་སྲེག་ནི་འཚེ་བ།
    འཚེ་བ་ནི་ཉེས་པ།
    ཉེས་པ་ནི་གནོད་ཆེ།
    གནོད་པ་ནི་ཕན་ཆུང་།
    ་
    རང་གནོད་གཞན་གནོད་གཉིས་གནོད། །
    གནོད་པའི་རྒྱུ་འབྲས་གཉིས་ཀ་ངལ། །
    ངལ་བའི་ལས་དེ་གཉིས་སྨན་མིན། །
    དབུས་ལམ་ཆེད་དུ་གཉིས་སྨན་གྱིས། །

  3. འོད་ says:
    2016-12-12 at 7:34 pm

    ང་ཚོ་ཕྱི་སྡོད་པ་ཚོ་བོད་ནང་གི་མགྲིན་ཚབ་པ་བྱེད་རྒྱུ་སོ་སོའི་འགན་རེད། ད་ཐེངས་ཁྱེད་ཀྱིས་འགན་ཡག་པོ་ཁུར་འདུག་པར་མ་ཟད། འདས་གྲོངས་སུ་ཕྱིན་པའི་དཔའ་བོ་དཔའ་མོ་ཚོའི་ཚབ་ཡག་པོ་བྱས་འདུག བོད་མི་ལ་ལ་ཞིག་གིས་རང་ཉིད་སྐྱབས་བཅོལ་དུ་ཡོང་བའི་དམིགས་ཡུལ་དང་འགན་འཁྲི་ཡང་ཤེས་ཀྱི་མེད་པའི་ཚོད་དུ་འདུག

  4. བློ་གྲོས་རབ་བརྟན་ says:
    2016-12-15 at 5:53 pm

    ཀླུ་སྨྱོན་སྨྱོན་པ་ཆགས་ནས་གང་འཚམས་ཕྱིན་སོང་། མི་བཤད་དགུ་བཤད། མི་ལས་དགུ་ལས། མི་འགྲོ་དགུ་འགྲོ་རེད། ཀ་ཁ་ག་ང་ཞིག་བསྒྲིགས་ཤེས་པ་དེའི་རིན་ཐང་འདི་རེད།

  5. བདུད་འཇོམས། says:
    2016-12-18 at 10:59 pm

    བླ་རྫུས་ཀླུ་སྨྱོན་ཀླུའུ་དགའ་བྱམས་དང་འདྲ། །
    ལྟོ་གོས་དོན་དུ་ཕ་མེས་བླ་ཡང་བཙོང་། །
    རྒྱ་སྒོར་བྱིན་ན་བླ་མའི་སྲོག་ཡང་ལེན། །
    ཆགས་སྲེད་སྐྱེས་ཚེ་ཨ་མའི་སྟེང་དུའང་འཛེག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme