Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ཀྱི་འདྲ་པར།

Posted on 2012-10-302012-10-30 By ཁ་བརྡ་ 11 Comments on རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ཀྱི་འདྲ་པར།

གནས་ཚུལ་མཁོ་གཏོང་བ། ས་རཱ་མཐོ་སློབ་ཀྱི་སློབ་མ་དཔལ་གུང་ཟླ་བ།

ཉེ་ཆར་ཕྱི་ལོ་༢༠༡༢། ༡༠། ༢༥་གཟའ་ཕུར་བུའི་ཉིན་གུང་བོད་ནང་གི་ཆུ་ཚོད་གཉིས་པ་གསུམ་པ་གཡས་གཡོན་དུ་ཁམས་འབྲི་རུ་རྫོང་བན་དཀར་ཤང་ནག་རོག་སྡེ་པ་ཕམ་པ་གྲོང་ཚོ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་། རྒྱལ་གཅེས་དཔའ་བོ་བསྟན་འཛིན་གཉིས་ཀྱིས་ས་གནས་དེའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། སྐབས་དེར་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་སྐུ་གྲོངས་ཡོད་འདུག་ཀྱང་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་སྐབས་དེར་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ད་བར་གཪ་ཡོད་ཀྱི་གནས་ཚུལ་སོགས་གཏན་ནས་ཤེས་ཐབས་མེད་པར་དྲ་ལམ་དང་ཁ་པར་སོགས་ཚང་མ་བཀག་ནས་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག
རྒྱལ་གཅེས་དཔལ་བོ་ཁོང་གཉིས་ཀྱི་འབོད་ཚིག་གི་ནང་དོན་གཙོ་བོ་གསུམ་ཡོད་པ་དང་དང་པོ“ བོད་རང་བཙན་ཡིན། གཉིས་པ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གསུམ་པ་བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས”ཞེས་འབོད་ཚིག་གསུམ་དང་སྦྲགས་ནས་སྐད་འབོད་གནང་འདུག རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་ནི་དགུང་ལོ་༢༠་ཡིན་པ་དང་ཡབ་ཀྱི་མཚན་ལ་བུ་ཆུང་དང་། ཡུམ་གྱི་མཚན་ལ་དགའ་དགའ་དང་སྤུན་མཆེད་བུ་གསུམ་ཡོད་འདུག

རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ནི་དགུང་ལོ་༢༥་ཡིན་པ་དང་ཡབ་ཀྱི་མཚན་ལ་ཉི་མ་དང་ཡུམ་གྱི་མཚན་ལ་ལུག་གེ་སྤུན་མཆེད་སྲིང་མོ་༢་དང་སྤུན་མཆེད་བུ་གསུམ་ཡོད་ཀྱང་ལོ་ཤས་སྔོན་སྤུན་མཆེད་གཅིག་གྲོངས་འདུག ཁོང་གི་ཡབ་ཀྱང་ལོ་བཅུ་ཙམ་སྔོན་ནས་གྲོངས་འདུག རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ནི་དེར་སྔོན་ཕྱི་ལོ་༢༠༠༨ ལོར་བཙན་བྱོལ་དུ་སླེབས་ནས་སུ་ཇཱ་བོད་ཁྱིམ་དུ་ཟླ་༦ ཙམ་རིང་བསྡད་རྗེས་རང་ཡུལ་དུ་ཕྱིར་ལོག་འདུག འདིར་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་༢༠༠༨་ལོར་རྒྱ་གར་ཕེབས་སྐབས་བསྒྲོན་པའི་འདྲ་པར་དེ་ཙམ་གསལ་པོ་མེད་པ་ཞིག་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད།།

གསར་འགྱུར།

Post navigation

Previous Post: ཀླད་པ་གསར་རྙིང་གཉིས།
Next Post: རྩིས་འཁོར་རིག་པའི་བརྙན་ཟློས།

Comments (11) on “རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ཀྱི་འདྲ་པར།”

  1. བསྟན་འོད says:
    2012-10-31 at 12:54 am

    ད་ནས་བཟུང་རང་ལུས་མེར་སྲེག་དེ་འཚམ་འཇོག་ཡོང་བའི་རེ་བ་ཡོད་།

  2. མེ་ཏོག་དཀར་པོ་ says:
    2012-10-31 at 1:00 am

    རྒྱ་གཞུང་གིས་ངེས་པར་བོད་མི་གསོད་རྒྱུ་མཚམས་འཇོག་དགོས།

  3. བསྟན་འོད says:
    2012-10-31 at 1:03 am

    སྤུ་ཟླ་ཁྱོད་གང་དུ་བཞུད་དྲན་་པའི་གདུང་སེམས་།
    བརྩེ་བའི་རྦ་རླབས་།

  4. བསྟན་འོད says:
    2012-10-31 at 1:06 am

    མི་རིགས་ཞིག་གི་ལ་རྒྱ་།

  5. སེང་གེ says:
    2012-10-31 at 2:14 am

    ནགས་ཤོད་པ་ངར་བ་རེད། བོད་རྒྱལ་ལོ

  6. རེབ་སྐྱིད་མཚོ says:
    2012-10-31 at 3:33 am

    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བོད་དོན་ལ་གཅེས་པའི་རང་གི་སྲོག་ཡང་བཏང་
    ནུས་པའི་སྙིང་སྟོབས་ལ་ཡིད་རངས་ཡོད་ཀྱང་གོང་གི་བསྟན་འོད་ཀྱིས་བཤད་པ་ལྟར་རེད་
    ད་ཁ་གྲངས་ཤིན་ཏུ་མང་དྲགས་འདི་བྱུང་མ་མྱོང་བ་ཞིག་ཡིན་པ་ནི་བཤད་མ་དགོས་མོད་

  7. གནམ says:
    2012-10-31 at 4:05 am

    དཀོན་མཆོག་གསུམ་ནི་ནམ་ཡང་མི་སླུ་བ་ཡིན་པས། མུ་སླུ་བའི་དཀོན་མཆོག་གསུམ་གྱིས་ཁྱེད་རྣམ་དག་ཞིང་ཞིག་ལ་འདྲེན་པར་ཤོག།

  8. མེ་ཏོག་དཀར་པོ། says:
    2012-10-31 at 4:29 am

    རྒྱ་ནག་གིས་བོད་མི་དམར་གསོད་ངེས་པར་མཚམས་འཇོག་དགོས།
    བོད་པ་ཚོ། གཞིས་བཞུགས་པས་རང་ལུས་མེར་སྲེག་གི་གནད་དོན་དེ་རང་གིས་རང་མེད་པ་བྱས་པ་ལྟ་བུ་མིན་པར་རྒྱ་གཞུང་གིས་བསད་པའི་གོ་བ་ལེན་དགོས།

  9. ཨ་ཀྲོང་རིན་རྒྱལ་ནས། says:
    2012-10-31 at 6:38 am

    ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་པའི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ལགས་ཁྱེད་དང་ལྷན་དུ་གདུང་སེམས་མཉམ་སྐྱེ་དང་གུས་འདུད་ཡོད།

  10. དར་ལྕེ་ཟད་པོ།། says:
    2012-10-31 at 10:29 am

    ད་ནས་བཟུང་སྟེ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མི་གོ་བར་ཤོག

  11. རི་རྒྱལ་ཏི་སེ། says:
    2012-11-02 at 7:37 pm

    ཁྱེད་དང་ཁྱེད་འདྲ་བའི་དཔའ་བོ་དང་དཔའ་མོ་རྣམས་པའི་བློ་སྟོབས་ལ་རྗེས་སུ་ཡིད་རང་དང༌། ནང་མི་ཉེས་འབྲེལ་དང་མཉམ་དུའང་གདུང་སེམས་ཐ་གཅིག་ཏུ་ཞུ་ཡི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme