Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་ཞུ།

Posted on 2011-11-042011-11-11 By དགེ་རབ་ 36 Comments on རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་ཞུ།
མཚན། ཤེས་རབ་ཚེ་རྡོར།
དགུང་ལོ་ ༢༥
འཚོ་ཐབས། ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་(ཟུང་དྲུང་)
ཕ་ཡུལ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༡ ཚེས་  ༤ ཞོགས་པ་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་
ཞུགས་མེར་སྒྲོན་ས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན།
སྐད་འབོད། ཤེས་རབ་ལགས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མ་ཕྱིན་གོང་ངོ་དེབ་དྲ་རྒྱའི་སྟེང་འཕྲིན་ཐུང་ཞིག་བྲིས་ཡོད་འདུག་ལ། འཕྲིན་ཐུང་དེའི་ནང་དེ་རིང་དང་འདས་པའི་ལོ་འགའི་རིང་ཁོང་གིས་ལས་འགུལ་གང་བྱས་པ་ཚང་མ་བོད་ཀྱི་རྩ་དོན་དང་༧གོང་ས་མཆོག་གི་དོན་དུ་ཡིན།
སྐུ་འཚོའི་གནས་བབས། ད་ལྟ་སྨན་ཁང་དུ་ཡོད།


མཚན། དཔལ་ལྡན་ཆོས་མཚོ།
དགུང་ལོ་ ༣༥
འཚོ་ཐབས། ཁམས་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ།
ཕ་ཡུལ། ཁམས་རྟའུ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༡ ཚེས་  ༣  བོད་ནང་གི་ཆུ་ཚོད་དང་པོ།
ཞུགས་མེར་སྒྲོན་ས། རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ།
སྐད་འབོད། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས།”
སྐུ་འཚོའི་གནས་བབས། སྐུ་ཚེ་མ་ཟིན།


མཚན། ཟླ་བ་ཚེ་རིང་།
དགུང་ལོ་ ༣༨ ཙམ།
འཚོ་ཐབས། དཀར་མཛེས་དགོན་ཆེན་གྱི་དགེ་འདུན་པ།
ཕ་ཡུལ། དཀར་མཛེས་དགོན་པའི་འདབས་སུ་ཆགས་པའི་དཀར་མཛེས་རྫོང་ཁྲིན་པེ་ཤང་ཡུལ་པ་ཁག་རུ་ཁག་གཉིས་པ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༠ ཚེས་ ༢༥ བོད་ནང་གི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་
ཞུགས་མེར་སྒྲོན་ས། དཀར་མཛེས་དགོན་གྱི་ཤར་ཕྱོགས་སུ་ཡོད་པའི་བསངས་གཏོང་ས།
སྐད་འབོད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།
སྐུ་འཚོའི་གནས་བབས། གསལ་པོར་མ་ཤེས།


མཚན། བསྟན་འཛིན་དབང་མོ་
དགུང་ལོ་ ༢༠ ཡས་མས།
འཚོ་ཐབས། རྔ་པ་རྫོང་མ་མའི་བཙུན་དགོན་གྱི་བཙུན་མ་
ཕ་ཡུལ། རྔ་པ་རྫོང་བྱ་སྐོར་མ་སྡེ་བ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་༡༠ ཚེས་༡༧  བོད་ནང་གི་ཉིན་རྒྱབ་ཆུ་ཚོད་དང་པོ་ཡོལ་ཙམ།
ཞུགས་མེར་སྒྲོན་ས། རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་གྱི་ཞོལ་གྱི་སུམ་མདོའི་ཟམ་ཁ།
སྐད་འབོད། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས།
སྐུ་འཚོའི་གནས་བབས། སྐུ་ཚེ་མ་ཟིན།


མཚན། ནོར་བུ་དགྲ་འདུལ།
དགུང་ལོ་ ༡༩ ཙམ་ཡིན་པ།
འཚོ་ཐབས། གྲྭ་ཟུར་ཡིན་ཞིང་ཕ་མ་དང་ལྷན་དུ་བཞུགས་ཡོད་པ།
ཕ་ཡུལ། རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༠ ཚེས་ ༡༥  བོད་ནང་གི་ཆུ་ཚོད་ ༡༡།༥༠ ཙམ།
ཞུགས་མེར་སྒྲོན་ས། རྔ་པའི་ཁྲོམ་གཞུང་།
སྐད་འབོད། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།
སྐུ་འཚོའི་གནས་བབས། གཟུགས་པོ་མེས་ཚིག་པ་ཚབས་ཆེན་ཡིན་ཡང་སྐབས་དེ་རང་ལ་གྲོངས་མེད་པ་གསལ་པོ་ཡིན་འདུག


མཚན། མཁའ་དབྱིངས།
དགུང་ལོ་ ༡༨ ཙམ།
འཚོ་ཐབས། སྐྱ་བོ།  ༼རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཟུར་པ།༽
ཕ་ཡུལ། རྔ་བ་རྫོང་མཐའ་བ་གོང་མ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༠ ཚེས་ ༧ བོད་ནང་གི་ཉིན་རྒྱབ་ཀྱི་དུས་ཚོད་དང་པོ་ཡོལ་ཙམ་
ཞུགས་མེར་སྒྲོན་ས། རྔ་པ་རྫོང་གི་ཁྲོམ་གཞུང་།
སྐད་འབོད། ཕྱག་གཉིས་ཐལ་མོ་སྦྱར་ཏེ་༸”༸གོང་ས་མཆོག་གི་མཚན་ནས་འབོད་པ་དང༌། བོད་ལ་རང་དབང་དགོས་”པའི་སྐད་འབོད་གནང་ཡོད་ཅིང་། སྐུ་མ་གྲོངས་གོང་སྨན་ཁང་དུ། ” ངས་འདི་ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ཅིང་། འགྱོད་པ་རྩ་བ་ནས་མེད་པས་ཚང་མས་སེམས་སྡུག་མ་གནང་རོགས” ཞེས་ཁ་ཆེམས་གསུངས་ཡོད་འདུག
སྐུ་འཚོའི་གནས་བབས། ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་སྐུ་ཚེ་མ་ཟིན།


མཚན། ཆོས་འཕེལ།
དགུང་ལོ་ ༡༩ ཙམ།
འཚོ་ཐབས། སྐྱ་བོ།  ༼རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཟུར་པ།༽
ཕ་ཡུལ། རྔ་བ་རྫོང་མཐའ་བ་གོང་མ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༠ ཚེས་ ༧  བོད་ནང་གི་ཉིན་རྒྱབ་ཀྱི་དུས་ཚོད་དང་པོ་ཡོལ་ཙམ་
ཞུགས་མེར་སྒྲོན་ས། རྔ་པ་རྫོང་གི་ཁྲོམ་གཞུང་།
སྐད་འབོད། ཕྱག་གཉིས་ཐལ་མོ་སྦྱར་ཏེ་༸”༸གོང་ས་མཆོག་གི་མཚན་ནས་འབོད་པ་དང༌། བོད་ལ་རང་དབང་དགོས་”པའི་སྐད་འབོད་གནང་ཡོད།
སྐུ་འཚོའི་གནས་བབས། ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་སྐུ་ཚེ་མ་ཟིན།


མཚན། སྐལ་བཟང་དབང་ཕྱུག
དགུང་ལོ་ ༡༧
འཚོ་ཐབས། ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་པ
ཕ་ཡུལ། རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༡༠ ཚེས་ ༤
ཞུགས་མེར་སྒྲོན་ས། རྔ་པ་རྫོང་མཁར་གྱི་གཞུང་ལམ།
སྐད་འབོད། ྋརྒྱལ་བའི་སྐུ་པར་ཞིག་ལག་ཏུ་བསྣམས་ཏེ་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཕེབས་ཏེ་སྐུ་ལུས་མེ་རུ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག
སྐུ་འཚོའི་གནས་བབས། གསལ་པོར་མ་ཤེས།


མཚན། བློ་བཟང་སྐལ་བཟང་
དགུང་ལོ་ ༡༨
འཚོ་ཐབས། རྔ་པ་ཀིརྟི་དགོན་པའི་གྲྭ་
ཕ་ཡུལ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༩ ཚེས་ ༢༦ བོད་ནང་གི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་
ཞུགས་མེར་སྒྲོན་ས། རྔ་པ་རྫོང་གི་ཁྲོམ་གཞུང་དུ།
སྐད་འབོད། “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས།”
སྐུ་འཚོའི་གནས་བབས། གསལ་པོར་མ་ཤེས། ཁོང་ནི་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་ཡིན་འདུག


མཚན། བློ་བཟང་དཀོན་མཆོག
དགུང་ལོ་ ༡༨
འཚོ་ཐབས། རྔ་པ་ཀིརྟི་དགོན་པའི་གྲྭ་
ཕ་ཡུལ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་ ༩ ཚེས་ ༢༦ བོད་ནང་གི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་
ཞུགས་མེར་སྒྲོན་ས། རྔ་པ་རྫོང་གི་ཁྲོམ་གཞུང་དུ།
སྐད་འབོད། “༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས།”
སྐུ་འཚོའི་གནས་བབས། གསལ་པོར་མ་ཤེས།


མཚན། ཚེ་དབང་ནོར་བུ་
དགུང་ལོ་ ༢༩
འཚོ་ཐབས། ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་
ཕ་ཡུལ། ཁམས་རྟའུ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡ ཟླ་༨ ཚེས་༡༥  བོད་ནང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ།
ཞུགས་མེར་སྒྲོན་ས། རྟའུ་རྫོང་གི་ཁྲོམ་གཞུང་དུ།
སྐད་འབོད། “སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།  བོད་རང་དབང་ཡིན།”
སྐུ་འཚོའི་གནས་བབས། ཉིན་དེར་སྐུ་ཚེ་མ་ཟིན།


མཚན། ཕུན་ཚོགས་
དགུང་ལོ་ ༢༡ ཙམ་ཡིན་པ།
འཚོ་ཐབས། ཀིརྟི་དགོན་པའི་གྲྭ་
ཕ་ཡུལ། རྔ་པ་རྫོང་རྨེའུ་རུ་མ་
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༡༡  ཟླ་ ༣  ཚེས་ ༡༦
ཞུགས་མེར་སྒྲོན་ས། ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་
སྐད་འབོད། “༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང༌། བོད་རང་བཙན་ཡིན”
སྐུ་འཚོའི་གནས་བབས། ཉིན་དེར་སྐུ་ཚེ་མ་ཟིན།


མཚན། བཀྲ་བྷེ་
དགུང་ལོ་
འཚོ་ཐབས། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ།
ཕ་ཡུལ།
སྐུ་ལུས་ཞུགས་མེར་སྒྲོན་ཉིན། ༢༠༠༩ ཟླ་ ༢ ཚེས་ ༡༦
ཞུགས་མེར་སྒྲོན་ས།
སྐད་འབོད།
སྐུ་འཚོའི་གནས་བབས། རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་སྨན་ཁང་དུ་བསྐྱལ་རྗེས་ཀྱི་གནས་ཚུལ་མ་ཤེས།



གསར་འགྱུར།

Post navigation

Previous Post: སྦར་སིལ་དུ་བོད་དོན་ཆེད་ཉིན་ལྔའི་ཟས་བཅད་ངོ་རྒོལ།
Next Post: དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཛ་དྲག་གསར་འགོད་ལྷན་ཚོགས།

Comments (36) on “རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་ཞུ།”

  1. གཡག says:
    2011-11-04 at 2:32 am

    རྒྱལ་སྤྱིའི་དཔའ་བོ་དང་དཔའ་བོ་རྣམས་ལ་སྙིང་ནས་མྱ་ངན་ཞུ། འདིའི་ནང་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་མཚན་སོགས་ཀྱང་བཀོད་གནང་རོགས་ཞུ། ཐུགས་རྗེ་ཆེ།

  2. རིག་བཟང་། says:
    2011-11-04 at 5:46 am

    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཚན་འགོད་སྟངས་ཀྱི་གོ་རིམ་ཡང་སྐུ་ལུས་སྒྲོན་མེར་སྤར་བ་ལྟར་བཀོད་ན་མི་ལེགས་སམ། དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་པོ་དང་། དེ་ནས་བྱུང་རམ་ལྟར་བཀོད་ན་ལོ་རྒྱུས་སུ་འགོད་དུས་གོ་རིམ་ལྡན་པ་ཞིག་འདུག་སྙམ་པ་འདི་བདག་གི་བསམ་ཚུལ་ཙམ་ཡིན།

  3. ཨ་རིག་དགེ་མཐོང་། says:
    2011-11-04 at 7:15 am

    ལས་འགུལ་རླབས་ཆེན་རེད། ཧ་ཅང་དགའ་ཡོད། བོད་མི་ཞིག་ཡིན་ཚེ་འདི་ཚོའི་འབོད་སྒྲ་དང་རེ་བ། ལོ་ཚོད། འཚོ་ཐབས་བཅས་ལ་ཡིད་དུ་དམ་པོར་འཛིན་རྒྱུ་གལ་ཆེ། སེམས་ནས་མི་བརྗེད་རྒྱུའི་དམ་བཅའ་འཇོག་དགོས་ཀྱིན་འདུག དེ་ནི་རང་རང་གིས་འཇོན་པའི་ལས་ཀ་ཆུང་ཆུང་ཞིག་རེད།

  4. ནགས་ཤོད་སད་མི། says:
    2011-11-04 at 8:20 am

    བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སེམས་བསམ་པའི་གཏིང་ནས་གུས་བརྩི་བླ་མེད་ཞུ། བོད་རྒྱལ་གྱུར་ཅིག

  5. གནམ་ལྕགས། says:
    2011-11-04 at 9:06 am

    འདིར་ཞུ་དགོས་པ་ཞིག་ནི། རྔ་བའི་དཔའ་བོ་ཆོས་འཕེལ་དང་མཁའ་དབྱིངས་གཉིས་ནི་མི་སྐྱ་རེད། འདིར་ཀིརྟི་དགོན་པའི་གྲྭ་བ་རེད་གསུང་བ་ནོར་བ་མིན་འགྲོ བསྐྱར་དུ་དཔྱད་ཞིབ་ཅིག་གནང་རོགས།

    མཐར། དཔའ་བོའི་གཟི་བརྗིད་ནམ་ཡང་ཉམས་པ་མེད།

  6. རྨིག་སྒྲ says:
    2011-11-04 at 9:57 am

    ཧ་ཅང་གི་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ། ཡིན་ནའང་དཔའ་བོ་དཔའ་མོའི་རྗེས་དྲན་ཁོངས་སུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་མིན་འདུག་དེ་ཡིན་ནམ།

  7. རྨིག་སྒྲ says:
    2011-11-04 at 10:01 am

    ཧ་ཅང་གི་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ། ཡིན་ནའང་དཔའ་བོ་དཔའ་མོའི་རྗེས་དྲན་ཁོངས་སུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་མིན་འདུག་དེ་གང་ཡིན་ནམ།

  8. སློབ་དཔོན་མཆན་བུ་པ་ says:
    2011-11-04 at 11:10 am

    ལས་འགུལ་དགའ་བསུ་ཡོད་ཀྱང་། དྲག་པོའི་སྒོ་ནས་དགྲ་བོའི་ལུས་དང་མཚོན་ཆ་མེར་བསྲེག་དགོས་རེད། ཡང་ན་ཞི་བའི་སྒོ་ནས་དགྲ་བོའི་གདུག་རྩུབ་དང་ངན་འཆར་ཞི་བར་བྱེད་དགོས་ལ་པ་ལས། ཐབས་ལམ་གསུམ་པ་ཞིག་ངས་ནི་མཐོང་བགྱིད་མི་འདུག་ལགས། ངས་ཚིག་འདི་ལོག་འགྲེལ་མ་གནོངས་རོགས། ཐུགས་རྗེས་གཟིགས།

  9. བོད་དགའ་ says:
    2011-11-04 at 12:03 pm

    དེ་རིང་༤་་་༡༡་་༢༠༡༡་་ཉིན་ལྡི་ལི་རྒྱ་དམར་གཞུང་ཚབ་མདུན་རྒྱལ་གཅེས་པ་ཞིག་ནས་སྐུ་གཟུགས་ལ་མེ་སྤར་འདུག་ལུས་པོ་བརྒྱ་ཆ་༡༦ཙམ་འཚིགས་ཡོད་ཚོད་འདུག། ད་ལྟ་ཁོང་སྨན་ཁང་དུ་བཞུགས་ཡོད་པའི་གནས་ཚུལ་ལས་མིང་སོགས་གཞན་ཤེས་རྟོགས་མ་བྱུང་། ཁོང་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།། །།

  10. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-11-04 at 1:12 pm

    ད་དུང་རེའུ་མིག་གཅིག་ཁ་སྣོན་གནང་ནས་སྐུ་པར་རེ་བྱུང་ན་སྙམ་པ་ལགས།

  11. གཡག says:
    2011-11-04 at 1:24 pm

    དེ་རིང་ཞོགས་པར་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་ཤེས་རབ་ལགས་གཅིག་པུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ་རང་ལུས་མེར་བསྲེགས་བཏང་འདུག་པ་དེ་ཡང་འདིར་གང་མྱུར་བཀོད་གནང་རོགས་ཞུ།
    ཐུགས་རྗེ་ཆེ།

  12. ཀུན་གསལ་ཟླ་བ། says:
    2011-11-04 at 1:30 pm

    བོད་ཀྱི་དཔའ་བོ་དཔའ་མོ་ཚོར་སེམས་བསམ་པའི་གཏིང་ནས་གུས་བརྩི་དང་རྗེས་དྲན་ཞུ།

  13. སད་མི་ཅོང་ཐོགས། says:
    2011-11-04 at 2:18 pm

    མྱ་ངན་དང་གུས་འདུད་ཞུ།
    རང་ཅག་ཐུན་མོང་གི་མངོན་འདོད་མི་རིང་འགྲུབ་པའི་སྨོན་ལམ།

  14. བཙན་བྱོལ་བ་ says:
    2011-11-04 at 5:56 pm

    དཔའ་བོ་དཔའ་མོ་ཡོངས་དང་དམིགས་བསལ་དུ་རང་ལུས་མཆོད་མེད་ཀྱི་ལས་འགུལ་སྲོལ་འབྱེད་ཆེན་པོ་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་མྱ་ངན་རྗེས་དྲན་ཞུ། ད་ལྟ་ཁོང་གི་རྣམ་ཤེས་ཀྱིས་ཁོང་གི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་ལ་ངོ་མ་ཡི་རང་བྱེད་བཞིན་ཡོད་ཤག་རེད།

  15. ཀླུ་ཚང་། says:
    2011-11-04 at 6:57 pm

    ད་ང་ཚོ་འདུག་མུས་འདུག་དགོས་ལེ་ཨ་རེད། ཨ་རོག་ཚོ། སུ་འཚིག་ཡོང་ཧ་མི་གོ་བའི་དུས་ཚོད་ཅིག་ཚེས་ཚར་སོང་། ད་ནི་ཆོས་པ་ཚོས་ཀྱང་གུ་ཡངས་རེའམ། བཀའ་སློབ་མང་པོ་མ་གནང་ན་ཡག་པོ་འདུག
    འདི་འདྲ་ཡིན་ན། ས་ཡ་དྲུག་པོ་རིམ་པ་བྱས་ནས་འཚིག་རྒྱུ་ལས་མི་འདུག ད་ནི་གྲི་ཞིག་མ་གཏོགས་མེད་ཀྱང་། ཁུར་རན་མ་སོང་ན། ཕ་འབུམ་དུམ་པ་བཅུ་གཉིས། ཕ་རོ་ཟ་ཚོ།

  16. ལྡོང་གསེར་མིག says:
    2011-11-04 at 9:23 pm

    རབ་གསལ་སོགས་ཁ་བརྡའི་རྩོམ་སྒྲིག་པ་བཅུ་བདུན་ལགས། གོང་དུ་དཔའ་བོ་དཔའ་མོ་ཚོའི་སྐུ་པར་རེ་ཡང་བཀོད་ཐུབ་ན་ཡག་པོ་འདུག མཆན་དང་པོ་གཡག་གིས་བཤད་པ་ལྟར། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་མཚན་དང་ལོ་རྒྱུས་ཕྲན་བུ་ཞིག་ཀྱང་འགོད་རོགས་ཞུ། ཁོང་ནི་བོད་དོན་དུ་རང་ལུས་མེ་སྲེག་གཏོང་མཁན་གྱི་དཔའ་རྒོད་ཐོག་མ་དེ་ཡིན་པས་སོ།

  17. བོད་ཀྱི་བུ། says:
    2011-11-04 at 9:56 pm

    འདིར་རང་ལུས་མེར་བསྲེག་གིས་ལས་འགུལ་སྤེལ་མཁན་འདས་གསོན་གཉིས་ཀའི་ལོ་རྒྱུས་འགོད་ཀྱི་ཡོད་ན། དབུས་བོད་ཀྱི་རྒྱུན་ལས་ཟུར་བ་ལྷག་པ་ཚེ་རིང་ཞུ་པ་དེ་ཡང་འགོད་དགོས་པར་མཐོང་། མང་པོ་ཞིག་གིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མ་གཏོགས་ཁོང་འདིར་ཆད་ཡོད་པའི་ཟུར་ཙམ་ཡང་གླེང་གིན་མི་འདུག ཁོང་བཙན་བྱོལ་ནང་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་མཁན་པ་དེ་ཆགས་ཡོད་པ་རེད།

  18. བོད་ཀྱི་བུ། says:
    2011-11-04 at 9:59 pm

    བོད་ཀྱི་གཞོན་ནུའི་ཆད་འདུག དགོངས་དག

  19. ཆོས་འཕེལ་དར་རྒྱས་ says:
    2011-11-04 at 10:43 pm

    ཨ་རོ་གྲོགས་པོ་ཚོ། མདོ་དོན་བོད་ཆོས་རེད། སྐྱག་རྫིན་མ་ཡིན་པར། ཟན་ཕྱེ་བརྫིས་ནས་ཤོག། ཚོ་དཔོན་རང་གིས་བྱེད། རང་དབང་ལེན་དུ་འགྲོ། ཁ་ནས་མཎི་འདོན། ཚུམས་ཚུམས་མིག་གིས་བྱེད།།

  20. བཙན་ནག་པ། says:
    2011-11-05 at 3:46 am

    འདིར་དཔའ་བོ་ཁོང་གི་མཚན་ལ་ཤེས་རབ་ཚེ་རྡོར་ཞེས་དང་། ནོ་ཝེར་རླུང་འཕྲིན་ནས་དཔའ་བོ་ཁོང་གི་མཚན་ལ་མིག་དམར་ཚེ་རིང་ཞེས་གསར་བསྒྲགས་གནང་བཞིན་འདུག ཡང་བོད་ཀྱི་དུས་བབ་དྲ་བའི་ནང་ཁོང་གི་མཚན་ལ་ཤེས་རབ་ཞེས་བཀོད་པས། འོན་ཀྱང་སྤྱིར་དཔའ་བོ་ཁོང་ལ་མཚན་མང་པོ་ཡོད་སྲིད་ཀྱང་གསར་འགྱུར་ཁང་ཁག་ནས་མཚན་གཅིག་བེད་སྤྱོད་གནང་བ་ཡག་ཀ་མེད་དམ་བསམ་བྱུང་།

  21. གཡུ་ལོ། says:
    2011-11-05 at 6:56 am

    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམ་པ་ཚོས་མི་རིགས་དང་རང་དབང་གི་ཆེད་དུ་སྐུ་ལུས་ཞུགས་མེར་སྒྲོན་པའི་སྙིང་སྟོབས་ལ་ཡི་རང་དང་གདུང་སེམས་མཉམ་བསྐྱེད་ཡོད། ཀྱེ་མ་ང་ཚོའི་སྡུག་གི་ཁུར་པོ་དེ་ནམ་བོར་ཐུབ་ན། སྒང་པ་བོད་པ་ཚོ་ལས་དབང་ཅི་ཞིག་གིས་ཕམ་ཁས་མནར་བ་རེད། དཀོན་མཆོག་མཁྱེན།

  22. སྤྱན་ཆབ། says:
    2011-11-05 at 10:11 am

    ཡིད་ལ་བརྣག་པ་དེ་དག

    …… རང་ལུས་མེ་རུ་སྦར་པའི་སྐྱེས་ཆེན་དེ་དག་ཡིད་ལ་ཡང་ཡང་དྲན་པས།

    བདེན་ལ་རྫུན་ཅིང་རྫུན་ལ་བདེན་པའི་གསར་འགྱུར་དེ་དག་གིས
    ཡིད་ཀྱི་ཟབ་ས་ནས་དྲུས་འགྲོ་བ་ཞིག་གམ
    གློ་བའི་དྲོད་ས་ནས་གཏུབ་འགྲོ་བ་ཞིག
    རང་ངོས་ནས་མ་བདེན་ན་སྙམ་པའི་སྦྲིད་ཚོར་དེ་དག་དག་དང
    ཡིད་སེམས་མུག་པ་དེ་དག་གིས་ང་རང་ཅིས་ཀྱང་བསྡོད་དུ་མི་འཇུག་གོ

    མི་ཡུལ་ན་ཡོད་ལ་མེད་ཅིང་མེད་ལ་ཡོད་པའི་བློ་སྤོབས་དེ་དག་གིས
    སེམས་པ་ཞིག་གཅེར་བུར་གཏང་འགྲོ་ལ
    བུ་ཆུང་དེ་སྡུག་གིས་མནན་ཡོང་བས
    མི་སྙན་པའི་ངག་གི་སྡེབ་སྦྱོར་དང་ཕྲེང་པའི་སྙིགས་རོ་དག་ཀྱང
    ང་ཡིས་མནན་གྱིས་མ་སྐུལ་བར་ཞེ་ནས་བཞུར་འོང་པ་ཞིག་གོ

    བརྗེད་པར་བསམ་ཡང་དྲན་ནས་འོང་བ་དེ་དག་གིས
    མེ་འོད་དང་ཚིག་དྲི་ཡོད་ཚད
    གཉའ་གནོན་དང་ངར་ཤུགས་ཐམས་ཅད
    བསམ་གཞིག་གི་མིག་ཟུང་བཙན་གྱིས་བཙུན་ནའང
    ཡིད་ངོས་སུ་འབུས་པར་བྱས་པའང་དེ་དག་གོ

  23. ཆབ་བྲག་ལྷ་མོ་སྐྱབས། says:
    2011-11-05 at 10:23 am

    བྱུང་ན་འདི་དག་རྡོ་རིང་ངོས་སུ་གསེར་ཡིག་གིས་བཞེངས་དགོས།
    ཚོགས་སྡེ་ཁག་ཐུན་མོང་གིས་མཉམ་ལས་གནང་ན་ཞལ་འདེབས་ཀྱི་གནང་མཁན་ཧ་ཅང་མང་གི་རེད།

    མེ་ལྕེ།

    མེ་ལྕེ་རེ་རེ་ལྷམ་ལྷམ་འབར།

    རང་དབང་གི་ཆེད་དུ་འབར་སོང།

    མིའི་རིགས་ཀྱི་ཆེད་དུ་འབར་སོང།

    དམངས་གཙོ་ཡི་ཆེད་དུ་འབར་སོང།

    བདེན་དཔང་གི་ཆེད་འབར་སོང།

    དཔའ་བོའི་གཟི་བརྗིད་གནམ་འོག་ཁྱབ་ཤོག

    མེ་ལྕེ་རེ་རེ་ལྷམ་ལྷམ་དུ་འབར།

    མེ་ལྕེའི་འོད་སྣང་ཕྱོགས་ཀུན་མཆེད།

    གདུག་རྩུབ་ཀྱི་གདོང་འབག་བསྲེགས་ཏེ།

    བདེན་ལུགས་ཀྱི་རྒྱབ་ལྗོངས་གསལ་སོང།

    རེ་སྤོབས་ཀྱི་གསོན་ཤུགས་སྦར་སོང།

    དཔའ་བོའི་བྱས་རྗེས་གནམ་འོག་ཁྱབ་ཤོག

    མེ་ལྕེ་རེ་རེ་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ།

    མེ་ལྕེ་རེ་རེ་མི་རིགས་ཀྱི་སྡུག་བསྔལ་དང་རེ་སྨོན།

    མེ་ལྕེ་རེ་རེ་རྒྱལ་ཁའི་མདུན་སྐྱོད་ཀྱི་དཔལ་འབར།

    མེ་ལྕེ་རེ་རེ་ང་ཚོའི་སེམས་ཁོང་ན་འབར་བའི།

    རྒྱལ་གཅེས་དཔའ་བོའི་རྣམ་ཤེས་གསོན་པོ།

    དཔའ་བོའི་མཚན་སྙན་གནམ་འོག་ཁྱབ་ཤོག

  24. དགེ་འདུན་རབ་གསལ says:
    2011-11-05 at 1:48 pm

    དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སོགས་རིམ་གྱིས་འགོད་ཆོག་པ་ཞུ།

    བཙན་ནག་པས་གསུངས་པ་ལྟར། ང་ཚོའི་གསར་འགོད་པ་ཚོས་གནས་ཚུལ་གཏིང་ཟབ་ཟབ་དྲིས་ཏེ་འགོད་རྒྱུ་གལ་ཆེན་པོར་མཐོང་། དཔའ་བོ་རྣམས་ཀྱི་ལོ་རྒྱུས་རྡོ་རིང་ངོས་སུ་འབྲི་རྒྱུའང་གལ་ཆེ། ད་ལྟ་དགོས་གལ་ཆེ་བ་ནི་དཔའ་བོ་དང་དཔའ་མོ་རེ་རེ་བཞིན་གྱི་ལོ་རྒྱུས་ཧ་ཅང་ཁ་གསལ་བ་རེ་འབྲི་དགོས་པ་དེ་རེད་འདུག་དྲན། འདི་ནི་ང་ཚོ་མི་རེ་ངོ་རེ་ནས་འགན་ཁུར་ཏེ་འཚོལ་དགོས་པ་རེད་དྲན།
    ང་ཚོས་ཁོང་ཚོ་དྲན་པའི་སྙན་ངག་ལོས་འབྲི། འོན་ཀྱང་ད་ལྟའི་ཆ་ལ་སྙན་ངག་ལས་ཁོང་ཚོའི་ལོ་རྒྱུས་རྣམས་གསལ་ཐག་ཆོད་རེ་བྲིས་ཏེ་མི་རབས་རྗེས་མའི་ལོ་རྒྱུས་ནང་འཁོད་ཐུབ་པ་བྱེད་རྒྱུ་གལ་ཆེ་འདུག

  25. སྒོ་མེ་བུ། says:
    2011-11-05 at 2:13 pm

    ཁམས་རྟའུ་བཙུན་དགོན་བྲག་དཀར་ཆོས་གླིང་རེད་མ་གཏོགས་བྱང་ཆུབ་ཆོས་གླིང་མ་རེད་ལགས། མིང་དེ་ནོར་འདུག།

  26. ཁྲི་རལ་པ། says:
    2011-11-05 at 4:40 pm

    སྒོ་མེ་ལགས་བྲག་དཀར་དང་བྱང་ཆུབ་གཉིས་ཀ་ནོར་འདུག།རྟའུ་དགའ་ལྡན་ཆོས་གླིང་ཡིན་པར་དོགས་པ་མེད།ཁུངས་གསལ་བོ་ཡོད།དེ་ཡིན་ཁོ་ཐག་ཡིན།

  27. རྩམ་དགའ། says:
    2011-11-05 at 6:44 pm

    ལས་འགུལ་ལ་རྒྱབ་སྐྱོར་ཡོད་དང་ཡོད།

  28. ལུང་རྟོགས། says:
    2011-11-06 at 9:40 am

    དཔའ་བོ་རྣམས་རྒྱལ་གྱུར་གཅིག དཔའ་མེད་རྣམས་ཕམ་གྱུར་གཅིག

  29. སྒོ་མེ་བུ། says:
    2011-11-06 at 4:18 pm

    ཁྲི་རལ་ལགས། རྟའུ་བཙུན་དགོན་བྲག་དཀར་ཆོས་གླིང་ཡིན་མིན་ཐེ་ཚོམ་འདྲ་ཡོད་ཚེ་ཁམས་རྟའུ་ནས་ཡིན་པའི་གྲྭ་བཀྲ་ཤིས་ལགས་སུ་སྐད་ཆ་དྲིས་དང་ཁ་གསལ་ཡོང་ངེས་།ཁ་པར་ཨང་༨༥༥༣༤༨༤༨༨༦ ཁོང་ནི་བློ་འཁེལ་ཆོག་པའི་དགེ་འདུན་པ་ཡག་པོ་ཞིག་རེད་ལགས།

  30. yum says:
    2011-11-07 at 1:52 pm

    རོ་དང་མཚུངས་པའི་ལུས་པོ་འདི།།
    ག་དུས་ཤི་ཡང་མི་འགྱོད་དེ།།
    གསེར་དང་མཚུངས་པའི་རྣམ་དཔྱོད་དག།
    མཉམ་དུ་ཤི་ན་ཤིན་དུ་ཕངས།།

    གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང༌།།
    རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས།།
    དྲང་བོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།།
    སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད།།

  31. འདོད་ལྷ་ཁམས་པ། says:
    2011-11-08 at 1:05 am

    མི་ང་ཚོ་ནི་ཤི་དུས་བེམ་པོའི་ཕུང་བོ་ཙམ་ལས་གང་ཡང་མེད་པ་རེད། ཡིན་ན་ཡང་། ཁོང་ཚོ་ཤི་བ་ནི་རི་བོ་ཧི་མ་ལ་ཡ་ལས་ཀྱང་མཐོ་བའི་གཟི་བརྗིད་ལོ་རྒྱུས་དེབ་ཐེར་ན་ཡོད་པ་རེད།
    མི་ཚོ་སྐྱེས་པ་འདྲ་ན་ཡང་ཤི་བ་མི་འདྲ་ཚུལ་འདི་འདྲ་རེད།
    ཁ་བརྡ་ཚང་གི་ཁ་ལས་དགེ་གྱུར་ཅིག

  32. བསྟན་འཛིན་རིགས་བཟང༌། says:
    2011-11-10 at 4:51 am

    བོད་རྒྱལ་ཁབ་ཀྱི་ཆགས་འཇིགས་དང༌། བོད་མི་རིགས་ཀྱི་བདེ་སྡུག་ཆེད་རང་སྲོག་མཆོད་མེར་ཕུལ་མཁན་ཡོངས་ལ་སྙིང་ནས་གུས་བཏུད་དང༌། གདུང་སེམས་མཉམ་སྐྱེད་ཞུ།
    ང་ཚོ་བོད་མི་རིགས་ནི་སྤུ་རྒྱལ་བཙན་པོའི་བུ་རབས་ཚ་རྒྱུད་ཡིན་པས། ནམ་ཡང་གཉའ་མི་ཞུམ་པར་བཙན་འཛུལ་པར་འཐབ་རྩོད་བྱས་ན་རྒྱལ་ཁ་ལོན་ངེས་ཡིན།

  33. རིག་པའི་རལ་གྲི says:
    2011-11-10 at 5:46 am

    གནས་ཚུལ་གོ་ཐོས་ལ། གྲྭ་བ་ཞིག་གིས་བལ་ཡུལ་བྷོ་དྷ་ལར་རང་ལུས་མེ་རུ་སྲེག་འདུག་ཟེར་གྱི་འདུག

  34. གངས་ཕྲུག says:
    2011-11-10 at 6:00 am

    ད་ལྟ་རང་གནས་ཚུལ་ཁུངས་ལྡན་ཞིག་གོ་ཐོས་ལ། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་ ཞོག་ཀ་བལ་ཡུལ་ཆུ་ཚོད་༧ པའི་སྐབས་གྲྭ་བ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱ་དར་ཞིག་ཁྱེར་ནས་ ཁ་ནས་བོད་ལ་རང་དབང་དང་རང་བཚན་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན། ལ་སོགས་པའི་འབོད་ཚིག་ན་བསྒྲོགས་བཞིན་མཆོད་རྟེན་ལ་སྐོར་ར་གསུམ་བསྐོར་ཏེ་རང་ལུས་མེར་སྒྲོན་ཡོད་ཀྱང་ཉེ་འཁྲིས་ཀྱི་མི་རྣམས་ནས་མེ་གསོད་དེ་ས་གནས་གཞན་དུ་ཁྱེར་ཡོད་སྐད་འདུག གློ་བུར་དུ་རྒྱ་མིའི་ལྐོག་ངན་ཟ་མཁན་གྱི་བལ་ཡུལ་གྱི་Police སླེབས་ནས་ཇུས་ཏོག་བཟོས་ཡོད་ཀྱང་གྲྭ་དེ་ད་ལྟ་་Policeལག་ཏུ་ཤོར་མི་འདུག

  35. སྣྲོན་ངག་ཁྲི། says:
    2011-11-10 at 5:33 pm

    སྨན་རམས་པ་ལ་གཤགས་བཅོས་ཆུང་ངུ་ཞིག་བྱེད་དམ།

    མཁྱེན་ཡངས་རྒན་ལྷ་མོ་སྐྱབས་ལགས་དང་སྤྱན་ཅབ་ལགས་རྣམ་གཉིས་ཀྱི་སྙན་ངག་ཧ་ཅང་སྙན་ཞིང་ཚོར་བ་ཟབ་མོ་
    ཞིག་སྟེར་གྱིན་འདུག་ཀྱང་ད་དུང་མུ་མཐུད་ལས་འགུལ་དེ་རང་སྟུད་མར་སྤེལ་དགོས་པའི་འབོད་སྐུལ་སྙན་ཚིག་ལྟ་བུའི་རྒྱབ་ལྗོངས་ཤིག་ཀྱང་འདུག་པས་དེ་ནི་དབུ་མའི་ལམ་གྱི་སྟོན་པ་ཆེན་པོ་དང་ཤིང་རྟའི་སྲོལ་འབྱེད་ལྟ་བུའི་སངས་རྒྱས་གསུམ་པ་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་འམ་ནམ་རྒྱུན་གྱི་བཀའ་སློབ་༼བོད་མི་གཅིག་གི་ཚེ་སྲོག་ཡིན་ནའང་གསོན་པོར་གནས་ཏེ་བོད་དོན་འཐབ་རྩོད་ནང་གཅེས་ཉར་ཐུབ་པ་གལ་ཆེ་དོན་ཆེན་ཡིན་སྐོར་དང་འགལ་མེད་དམ་སྙམ་པའི་དོགས་པ་ཞིག་འདུག་པས་རྒན་ཆབ་བྲག་ལགས་ཀྱི་སྙན་ཚིག་ཚན་པ་དེའི་རྒྱབ་ལྗོངས་དེ་ལྟར་ཡིན་ནམ།གསལ་བཤད་གཅིག་གནང་རོགས་ལ། གལ་སྲིད་དེ་ལྟར་འབོད་སྐུལ་གནང་གི་ཡོད་པ་དང་ཕན་འབྲས་གཡུར་དུ་ཟ་བ་ཡོད་ན།ཐོག་མར་རང་ཉིད་སྐུ་ངོ་མ་ནས་རང་དབང་ལུང་པར་དེ་ལྟར་མགོ་འཛུགས་མ་གནང་བའི་རྒྱུ་རྐྱེན་གང་གང་ཡིན་ནམ།
    གཞན་ཡང་མཆན་དེའི་ནང་དུ། ༼ཞལ་འདེབས་ཀྱི་གནང་མཁན་༽ཞེས་བྲིས་གནང་འདུག་པ་དེ་བོད་ཀྱི་ལུང་པ་གང་གི་བཤད་སྲོལ་ལམ་ཡིག་སྐད་ཡིན་ནམ། གསལ་པོ་ཞིག་གསུང་རོགས་གནང་། ངས་ད་བར་མཐོང་ཐོས་བྱུང་བ་ནི་༼ཞལ་འདེབས་གནང་མཁན་༽ཞེས་འབྲེལ་སྒྲ་བསྡུས་པ་དེ་ཉིད་ཡིན་པས། ཁྱེད་ཀྱི་འབྲེལ་སྒྲ་

  36. ཕུན་ཚོགས་ says:
    2011-11-12 at 9:17 pm

    ༼མཆོད་མེ་འམ་མཆེད་མེ་༽
    ལྷ་ཚོགས་ནམ་ཡང་སྨག་རུམ་གྱི་ཀློང་ནས་ཕེབས་པས།
    ས་སྲོད་དུ། ངས་དད་པ་བརྟན་པོས།
    འབར་བཞིན་པའི་མཆོད་མེ་རྐང་གཅིག་སྒྲོན།
    ཡིན་ནའང༌། དེ་དགོང་ཅིའི་ཕྱིར།
    ངས་དག་སྣང་གི་དམིགས་པ་ཅི་ཙམ་གཏད་ཀྱང༌།
    རང་སེམས་ལྷ་དང་དབྱེར་མེད་དུ་བསྒོམས་མ་ནུས་ལ།
    རང་ལུས་འོད་དང་འདྲེས་རུང་དུ་འཛིན་མ་ཐུབ་པས།
    དངངས་སྐྲག་གིས།
    བླ་མ་འབོད་མ་ནུས་ལ།
    ཕ་མ་ཡང་འབོད་མ་ཐུབ་པ་ཅིའི་ཕྱིར།

    ཨ་ཙི། ང་དངོས་གནས་ནར་སོན་པ་ཡིན་ནམ།

    ངས་ཁས་བླངས་ཆོ
    འདོད་པའི་ཁམས་ནས།
    ངས་འདོད་པ་བརྗེད་ཅིང་
    མི་ཡུལ་ནས།
    ངས་མི་ཡུལ་བོར་བ་བདེན་ཡང༌།
    ང༌། འཕུར་མི་ཐུབ་པའི་བྱ་རྒོད་ཅིག་བྱེད་མི་འདོད་ལ།
    མཆོད་མེ་རྐང་གཅིག་གི་མདུན་ནས།
    ང༌། འཇིག་རྟེན་དང་མཉམ་དུ།
    ཅི་ཡང་མི་ནུས་པར། གཏོལ་མེད་ངང༌།
    ཐེངས་མང་པོར་འདི་ལྟར་ཧུར་རེར་འདུག་མི་འདོད།

    ཀྱེ་མ། ང་འབར་རྐང་ཞིག་བྱེད་འདོད།
    འདི་ཕྱི་ཕ་མའི་དྲུང་ནས། ང་འབར་རྐང་ཞིག་བྱས་ཏེ།
    ཞེད་སྣང་དང་འགྱོད་སྣང་ཅི་ཡང་མེད་པར།
    འཁོར་བ། ཕྱི་ལུས། ཐ་ན་ཐིག་ལེ་རླུང་བུ་དང༌།
    བཅས་པའི་ངོ་མཚར་ཡོད་ཚད།
    འབར་བཞིན་པའི་མཆེད་མེ་བཞིན་སྒྲོན་ནས།
    མཆེད་བཞིན་པའི་མཆེད་མེ་བཞིན་མཆོད་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme