Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱི་སྐུ་ཕུང་སྦྱིན་སྲེག་གནང་འདུག

Posted on 2013-01-192013-01-20 By ཁ་བརྡ་ 4 Comments on རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱི་སྐུ་ཕུང་སྦྱིན་སྲེག་གནང་འདུག

གནས་ཚུལ་མཁོ་གཏོང་བ་བསོད་ནམས།

ཁ་སང་ཕྱི་ཟླ་༡་པའི་ཚེས་༡༨ཉིན་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱི་སྐུ་ཕུང་འབར་ཁམས་སུ་ཁྱེར་ནས་སྦྱིན་སྲེག་གནང་འདུག ཕྱི་ཚེས་༡༨ཉིན་ཕ་ཀྱོག་པོ་དང་མ་གཡང་མཚོ་ཡི་བུ་གྲུབ་མཆོག་ལགས་ཀྱིས་ཕྱི་ཚེས་༡༨ ཉིན་རྒྱབ་བོད་ནང་གི་ཆུ་ཚུད་༣དང་སྐར་༡༥་སྟེང་རང་ལུས་མེ་རུ་བསྒྲོན་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིེད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་པ་དང་། ཁོང་གི་སྐུ་ལུས་མེར་སྲེག་གནང་ཡུལ་ནི་སྦྲ་ཆེན་ཤང་གི་མི་དམངས་འདུ་འཛོམས་བྱེད་སའི་ལག་རྩེད་སྤོ་ལོ་རྩེད་ཐང་གི་ཉེ་འགྲམ་ལམ་གྱི་བཞི་མདོ་རེད།
ཁོང་སྐུ་མ་གྲོངས་གོང་ལ་ལག་གཉིས་ཕལ་མོ་སྦྱར་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཁ་ནས་བརྗོད་པ་དང་། དཔའ་བོ་ཁོང་གི་རང་ལུས་མེར་བསྲེགས་སྐབས་ས་གནས་དེ་གར་འབྲོག་མི་བརྒྱ་ཕྲག་མང་པོ་འཛོམས་ནས་སྐུ་ཕུང་རྒྱ་ལག་ལ་ཤོར་ཏུ་མ་བཅུག་པར་དཔའ་བོ་དམ་པའི་རང་ཁྱིམ་ལ་ཁྱེར་ཡོད་ནའང་། མདང་དགོང་རྒྱ་ནག་སྲིད་གཞུང་གི་མི་སྣ་དང་ཉེན་རྟོག་པ། དྲག་ཆས་དམག་མི་སོགས་མང་པོ་ཁོང་གི་རང་ཁྱིམ་དུ་བླུགས་ནས་སྐུ་ཕུང་བཙན་འཕྲོགས་ཀྱིས་ཁུལ་སྲིད་གཞུང་གི་ལྟེ་གནས་འབར་ཁམས་ལ་ཁྱེར་ནས་ས་གནས་དེ་རུ་སྐུ་ཕུང་སྦྱིན་བསྲེགས་བཏང་འདུག ཁོང་གི་ཕ་མ་དང་ཉེ་འབྲེལ་གཅིག་ཀྱང་འབར་ཁམས་སུ་འགྲོ་བཅུག་མི་འདུག སྐབས་དེར་ཨ་མཆོག་དགོན་པའི་གྲྭ་མང་རྣམས་དཔའ་བོ་ཁོང་གི་རང་ཁྱིམ་དུ་ཕེབས་ཏེ་བསྔོ་བ་སྨོན་ལམ་གསུངས་ཡོད་འདུག
དེ་རིང་ཕྱི་ཚེས་༡༩ཉིན་ས་གནས་ཡུལ་མི་རྣམས་ཁོང་ཚང་གི་ཁྱིམ་ལ་མྱ་ངན་འཚམས་འདྲིར་ཕེབས་ཡོད་པ་དང་། མྱ་ངན་འཚམས་འདྲིར་ཕེབས་མི་རྣམས་ལ་དཔའ་བོ་དམ་པའི་ཨ་ཕ་ཀྱོག་པོས་ངའི་བུ་འདི་བོད་མི་རིགས་ཀྱི་བདེན་དོན་དང་རང་དབང་གི་ཆེད་དུ་ཤི་བ་ཡིན་པས་ཕ་ང་ལ་འགྱོད་པ་སྤུ་ཙམ་ཡང་མེད་ཟེར་ནས་གཏམ་བཤད་གནང་འདུག
ཉིན་དེའི་ཕྱི་དྲོ་ནས་བཟུང་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་བརྡལ་དུ་རྒྱ་དམག་གིས་ཡོངས་སུ་བསྐོར་ནས་ལག་ཏུ་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་བཟུང་སྟེ་ཡུལ་འདིའི་འབྲོག་མི་རྣམས་ལ་དྲག་པོས་གཉའ་གནོན་བྱས་འདུག་པས་ས་གནས་ཡུལ་མི་རྣམས་འཇིགས་སྐྲག་གི་འོག་ཏུ་གནས་འདུག སྦྲ་ཆེན་གྲོང་བརྡལ་ནི་མཛོ་དགེ་རྫོང་དང་ཁྱུང་ཆུ་རྫོང་གཉིས་ཀྱི་ས་འབྲེལ་དུ་ཆགས་ཡོད་འདུག
དཔའ་བོ་ཁོང་ནི་ཕྲུ་གུ་ཆུང་ཆུང་གཉིས་ཀྱིཕ་ཡིན་པ་དང་ཁོང་གི་མཚན་ལ་གྲུབ་མཆོག་དང་རང་ལོ་༢༧དང་། ལོ་རྟགས་སྟག་ལོ་བ་རེད།
ཁོང་ལ་ཕྲུ་གུ་གཉིས་ཡོད་པའི་གཅིག་གི་མིང་ལ་དཀོན་མཆོག་ཆོས་སྒྲོན་དང་རང་ལོ་༥རེད། ཅིག་ཤོས་ཀྱི་མིང་ལ་གནས་གསུམ་མཁའ་འགྲོ་དང་རང་ལོ་གཉིས་༣རེད་འདུག བཟའ་ཟླ་རིག་པའི་ཁོག་ལ་ཡང་ཕྲུ་གུ་ཞིག་ཆགས་ནས་ཟླ་ཤས་ཕྱིན་འདུག

འབྲེལ་བ་གནང་ཡུལ། ༠༠༤༡་་་༧༦༥༢༧༧༥༢༢

གསར་འགྱུར།

Post navigation

Previous Post: མ་འོངས་ལུང་བསྟན་བཞུགས་སོ།།
Next Post: སེམས་དང་ཚེ་སྲོག་གི་བགྲོ་གླེང་ཐེངས་༢༦དང་དམིགས་ཡུལ།

Comments (4) on “རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་ཀྱི་སྐུ་ཕུང་སྦྱིན་སྲེག་གནང་འདུག”

  1. འཇམ་གཅེས says:
    2013-01-19 at 8:08 pm

    ཨ་ཁ་ཁ་ཁ་་་ད་ང་གང་ཡང་བཤད་མི་ཤེས་པ་དང་གང་ཡང་བསམ་མི་ཕོད་པ་གྱུར་སོང་། གནས་ཚུལ་འདིའི་རིགས་ལ་ངོ་མ་སེམས་ཁོངས་འཆི་མའི་ཁེངས་སོང་། བོད་ལ་རང་དབང་དང་བཙན་ཟེར་བ་ཞིག་དུས་ནམ་ཡང་མ་ཐོབ་ཀྱང་རུང་། བོད་མི་རིགས་འདི་བཞིན་སྒང་འདི་ནས་འཇིགས་ན་ཡང་ཐོང
    །འདི་འདྲའི་གནས་ཚུལ་དེང་ནས་བཟུང་སྟེ་མ་ཡོང་བ་ཤོག་་་་་་་་་་་་་་་་་་་་་

  2. འཇམ་གཅེས says:
    2013-01-19 at 8:09 pm

    ས་སྒོང་འདི་ནས་ཞེས་བཅོས་གནང་རོགས་དགོངས་སེལ་ཞུ།

  3. ཚེ་རིང་། says:
    2013-01-19 at 10:21 pm

    སྤྱི་ཚེས་༡༨དེ་རིང་སྟེ་བོད་ནང་གི་དགུང་མོའི་ཆུ་ཚོད་༨དང་༩པའི་ཁམས་དཀར་མཛེས་རང་སྐྱོང་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་ས་ཡོམ་ཤུགས་ཚད་༥-༤ཡས་མས་ཅན་ཞིག་བརྒྱབ་ཡོད་པ་དང་། ཁང་པ་ཁག་ཅིག་གཏོར་སྐྱོན་བྱུང་བ་ལས། ད་ལྟའི་ཆར་མི་ལ་གནོད་སྐྱོན་མི་འདུག་ཟེར། དེ་ཡང་ས་ཡོམ་གྱི་རྒྱག་སའི་ལྟེ་བ་དཔལ་ཡུལ་ཡིན་པ་དང་། དཀར་མཛེས་རྫོང་དུ་ཡང་ཤུགས་ཆེ་ཙམ་བརྒྱབ་ཡོད་འདུག གསེར་རྟ་རྫོང་དང་། འབའ་ཐང་རྫོང་ཐོག་ཏུ་ཡང་ཤུགས་ཚད་ཆུང་ཆུང་ཐེངས་འགར་བརྒྱབ་ཡོད་འདུག ཤུགས་ཚད་ཆེ་བ་རྒྱག་ས་ཚོའི་ཁང་པ་ཁག་ཅིག་འཐོར་བ་དང་། ནང་གི་ཅ་ལག་འཐོར་བ་སོགས་བྱས་པ་ལས། མི་ལ་གནོད་སྐྱོན་བྱུང་མེད་པ་དང་། ད་ལྟ་མི་ཚང་མ་ཕྱི་ལོག་ཏུ་ཉལ་གྱི་ཡོད་འདུག་ཅེས་འཕྲིན་ཕྲན་ལས་ཕན་ཚུན་ལ་བསྐུར་གྱིན་འདུག

  4. འཇིགས་མེད་རྒྱལ་པོ། says:
    2013-01-20 at 7:23 am

    གང་དྲག་་་་ད་ང་ཚོས་ཅི་ཞིག་བྱེད་ནུས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme