Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཁམས་འགྲིམས་པའི་སྙན་ངག

Posted on 2013-11-202013-11-20 By ཁ་བརྡ་ 3 Comments on རྒྱལ་ཁམས་འགྲིམས་པའི་སྙན་ངག

ཧོར་རིག་པའི་རལ་གྲི།

རང་ཡུལ་དྲོན་མོ་རྒྱབ་ནས་བཞག་སྟེ་ལན་ཀྲོའི་གྲོང་ལ་བྲོས་ནས་ཡོང་།།
ང་ཡི་དད་སའི་ས་པན་མཁས་པ་སྔོན་གྱི་བཞུགས་གནས་དེ་ལ་ཡོད།།
ས་པན་ཀུན་དགའི་བཞུགས་ཁྲིའི་ཕྱོགས་ལ་དད་ཕྱག་གསུམ་གྱིས་སྨོན་ལམ་བཏབ།།
དུ་སྨུག་འཐིབས་པའི་གྲོང་ཁྱེར་དེ་ནས་ཟི་ལིང་ཟ་མ་སྙེགས་ནས་རྒྱུག །

ཟི་ལིང་ཙོང་ཁའི་མཁར་རྙིང་བརྒྱུད་དུས་བཤང་བཙོང་རྒྱ་མོའི་ལག་བརྡ་རིག །
ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་བརྒྱུད་དུས་རྒྱང་རིང་འབྲོག་མོའི་གླུ་སྐད་ཐོས།།

གནམ་ས་འདྲེས་པའི་གོར་མོའི་བྱེ་ཐང་དེང་རབས་དམག་གི་རྟེན་གཞིར་མཐོང་།།
གདང་ལ་ཆེ་བའི་རིའི་མགོར་སླེབས་དུས་གོ་ལའི་ཡང་རྩེ་ཡིན་སྣང་ཤར།།

ར་བ་གངས་ཀྱི་བས་མཐའ་ཞིག་ནས་ལྷ་ལྡན་དག་པའི་ཞིང་ལ་བཞུད།།
ཤར་ཕྱོགས་ཉི་ཟེར་ཕྲག་ལ་འཁུར་ནས་མཐོན་པོ་གངས་ཀྱི་རི་ལ་འཛེགས།།
རེ་བ་གསོན་པོ་རུམ་གང་འཁུར་ནས་རི་བོ་སྒང་དྲུག་འཕྲེད་ཀྱིས་བཅད།།
དཀའ་སྡུག་ཚོར་བའི་གདོང་ལ་བུད་དེ་པོ་ཏ་ལ་ཡི་མདུན་ལ་བསླེབས།།

སྐད་གྲགས་ཆེ་བའི་ལྷ་སའི་གྲོང་ན་གཡོ་ཁྲམ་ཚོང་བས་འདུ་ལོང་འཁྲུགས།།
ལྷ་ས་ཆོས་ཀྱི་ཞིང་ཁམས་དེ་ན་བཤང་བཙོང་བུ་མོའི་ཟུར་མིག་མང་།།
དག་པ་ལྷ་ཡི་གནས་མཆོག་དེ་ན་ཉིན་མཚན་མེད་པར་དཔུང་དམག་ཡོད།།
ལྷ་སའི་ཇོ་བོར་ཐོད་པ་གཏུགས་དུས་རྒྱབ་ན་མེ་མདའི་སོ་ཁ་ཡོད།།

འཚང་ཁ་ཆེ་བའི་མཇལ་བའི་ཁྲོད་ན་མདོ་དབུས་ཁམས་གསུམ་འཛོམས་ནས་ཡོད།།
མཇལ་བས་ངུ་ངག་དབྱངས་ལ་བཀུག་ནས་ཡིད་བཞིན་ནོར་བུར་གསོལ་འདེབས་ཐོས།།
ཇོ་ཁང་མཐའ་སྐོར་གཡས་གཡོན་ཀུན་ན་སོ་ཁང་དམག་གི་སྒུག་ར་ཡོད།།
རྒན་པོ་རྒན་མོས་མི་འདོད་གཏམ་གྱི་ཤུབ་སྒྲ་རྣ་བོའི་འགྲམ་ན་གྲག །

ཨ་ནེ་ཇོ་མོའི་ཁྱུ་ཚོགས་རེ་ཡིས་ཞལ་འདོན་སློང་མོའི་དབྱངས་རྟ་འཐེན།།
སྐྱ་མིན་སེར་མིན་གྲྭ་བ་འདྲ་བོས་ཕྱི་སྐོར་མཐའ་ནས་བྱུ་རུ་བཙོང་།།
སྐྱ་སེར་ཀུན་གྱི་སེམས་པའི་ནང་ན་སོས་མེད་སྡུག་གི་རྨ་ཁ་ལྕི།།
བདེ་སྲུང་དམག་གིས་གྲོང་ཁྱེར་སྐོར་རུང་སེམས་ལ་བདེ་བའི་ཞི་འཇགས་མེད།།

གནའ་བོའི་གྲོང་ཁྱེར་མཁར་ཤུལ་དེ་ན་དེང་དུས་རྒྱ་ཡི་གྲོང་ཁྱེར་ཆགས།།
གནའ་བོའི་བོད་ཀྱི་རྒྱལ་ས་དེ་ན་རྒྱ་ཕྲུག་ཁྲི་མ་འབུམ་གྱིས་ཁེངས།།
ལྷ་སའི་གྲོང་གི་འདུ་ཚོགས་ཁྲོད་ན་ཡུལ་མིའི་གྲངས་འབོར་རེ་གཉིས་ཙམ།།
ལྷ་ས་ལྷ་ཡི་ཞིང་ཁམས་དེ་ན་ལྷ་མོ་སྟོང་གི་ངོ་མདོག་འགྱུར།།

པོ་ཏ་ལ་ཡི་གཟིམ་ཁང་དེ་ན་ཁྲི་འཕང་མཐོན་པོ་རྡུལ་གྱིས་མནན།།
པོ་ཏ་ལ་ཡི་ལྷ་ཁང་ནང་ན་ལྷ་སྐུའི་ཐུགས་སེམས་སྐྱོ་ནས་བཞུགས།།
པོ་ཏ་ལ་ཡི་ཕོ་བྲང་རྩེ་ན་བྱ་ཚོགས་མང་བོའི་ངུ་སྒྲ་ཐོས།།
པོ་ཏ་ལ་ཡི་མདུན་ཐང་དེ་ན་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ།།

ལྷ་བ་མོ་བས་ལུང་བསྟན་ཁྲོད་ན་བོད་མི་གླེན་པ་འཐོམས་ནས་ཡོད།།
ལྷ་མེད་སྨྲ་བའི་དཔུང་སྡེ་ཁྲོད་ན་ཉམ་ཆུང་བོད་མི་བཙིར་ནས་ཡོད།།
ལྷ་ཀླུ་འཁྲུགས་པའི་བར་སྐབས་དེ་ན་ཀླད་མེད་ཁྲམ་པས་རང་དོན་བསྒྲུབས།།
ལྷ་ས་རྒྱ་འདྲེ་གྲོང་ཁྱེར་དེ་ལ་རྗེས་ནས་མི་ཡོང་སྨོན་ཚིག་ཤོར།།

ས་རྡུལ་འཕྱུར་བའི་བཀྲ་ཤིས་ལྷུན་པོ་རྡོ་གསེག་བྱེ་མའི་ཐང་ལ་ཆགས།།
མཁར་རྙིང་ཐ་རེ་ཐོར་རེ་གསེབ་ན་དུ་སྤྲིན་ནག་པོ་མཁའ་ལ་འཁྲིགས།།
པན་ཆེན་བླ་མའི་བཞུགས་ཁྲིའི་སྟེང་ན་ཁ་བཏགས་སེར་བོ་འཕྲེད་ཀྱིས་ཉལ།།
རྒྱ་ཕིབས་སེར་བོའི་འོད་མདངས་ཆེ་རུང་ནང་གི་བླ་ཆེན་ཏང་གིས་བརྐུས།།

ཡར་ཀླུང་གཙང་བོ་མར་ལ་འབབ་རུང་ང་ནི་གྱེན་དུ་ཡར་ལ་འཛེགས།།
ཡར་ཀླུང་གཙང་བོའི་འགྲམ་ངོགས་བརྒྱུད་དེ་ལྷོ་བཞུད་འགྲུལ་བའི་རྐང་རྗེས་བཙལ།།
ཡར་ཀླུང་རླུང་འཚུབ་ཅི་ཙམ་རྒོད་ཀྱང་ང་ནི་འཁུར་བའི་ནུས་པ་མེད།།
ཡར་ཀླུང་འགག་གི་ལམ་ཁ་དོག་རུང་ང་ནི་ཁོག་པའི་རེ་བ་མེད།།

འཛམ་གླིང་ས་ཡི་ཡང་རྩེ་དེ་ན་འཁྱག་རོམས་རླུང་གི་འུར་སྒྲ་ཆེ།།
ལྭ་བ་དཀར་བོ་གཡོགས་པ་འདྲ་བའི་གངས་རི་མཐོན་པོ་དགུང་ལ་སྙེགས།།
རྫོགས་མཐའ་མེད་པའི་གངས་རི་མང་བོ་ཅི་ཙམ་བརྒྱུད་ན་ཚར་རྒྱུ་མེད།།
གཡང་གཟར་ཆེ་བའི་གཞུང་ལམ་བརྒྱུད་དེ་ཏོལ་སྐྱེལ་རླངས་འཁོར་ནང་ནས་ཡོང་།།

གཉའ་ལམ་དམྱལ་བའི་འཕྲང་རིང་འགྲིམས་དུས་སྙིང་ཆུང་དམར་བོ་ཁ་ལ་འཚངས།།
མགོ་བོ་བཀྱགས་ཏེ་ཡར་ལ་ལྟས་ན་བྲག་མགོ་སྤྲིན་པའི་ནང་དུ་ཟུག །
མགོ་བོ་སྨད་དེ་མར་ལ་ལྟས་ན་གཏིང་རིང་གཙང་བོའི་རླབས་སྒྲ་རྒོད།།
བར་གྱི་བྲག་ཐེམ་སྐེད་ལམ་ཕྲ་མོའི་ཀྱག་ཀྱོག་གཡང་གཟར་འཇིགས་སུ་རུང་།།

སྟོད་ཀྱི་རི་མགོ་གངས་ཀྱིས་བཟུང་སྟེ་འཁྱག་པའི་དགུན་དུས་ཡིན་ནའང་།།
བར་གྱི་ཤིང་ནགས་སྔོ་ལྗང་ལོ་མ་མེ་ཏོག་དཀར་དམར་ཁྲ་ཅིལ་ལེ།།
སྨད་ཕྱོགས་གཤོང་གི་ཞིང་སའི་མྱུ་གུ་སྨིན་ལེགས་སྙེ་མའི་ཁོ་ལག་རྒྱས།།
སྟོན་དགུན་དཔྱིད་གསུམ་དུས་ཚིགས་འཛོམས་པས་འགྲམ་གྱི་ནམ་དུས་ཡིད་དུ་འོང་།།

གཉའ་ལམ་དམྱལ་བའི་འདབས་ལ་སླེབས་དུས་འགྲམ་གྱི་གྲོང་ཚོ་ནགས་ན་ཆགས།།
དམྱལ་བ་ཡི་དྭགས་ཁམས་ནས་སླེབས་འདྲའི་མི་སྐམ་ནག་པོའི་ཐ་ར་ར།།
མི་རིགས་མི་གཅིག་ཕྱི་གླིང་ཞིག་ལ་སླེབས་འདྲའི་ཚོར་སྣང་ཡ་མཚར་སྐྱེས།།
ཨ་མདོ་མགོན་པོའི་བསུ་མ་དེ་ཡིས་དགའ་བའི་ཚོར་ཤུགས་གཙང་བོའི་རླབས།།

ཉིན་ཞག་གསུམ་ལ་འགྲུལ་བའི་ཚུལ་དུ་འགྲམ་གྱི་འཚོ་བར་རྒྱུས་ལོན་མེད།།
རྗེས་འདེད་མང་བའི་རྒྱ་དམག་རིགས་ཀྱིས་དྲག་པོའི་རྩལ་ཤུགས་ལམ་ན་ངོམས།།
ལྟས་མདོག་མེད་པའི་བལ་བོའི་རིགས་ཀྱིས་གཞུང་ལམ་འགྲམ་ན་འདུར་རྒྱུག་ཆེ།།
འགྲུལ་བ་ཚང་མར་དོགས་པ་ཟ་བའི་མཐའ་མཚམས་སྲུང་དམག་འདི་ན་ཡོད།།

ཕར་འགྲོ་ཚུར་འོང་བཙོན་དུ་འཇུག་པའི་དམྱལ་ཁམས་བཅོ་བརྒྱད་འདི་ན་ཡོད།།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་མ་མཐོང་མིན་ཁུང་མནར་གཅོད་འདི་ན་ཡོད།།
ན་ཆུང་བུ་མོར་བཙན་གཡེམ་གཏོང་བའི་རྒྱ་དམག་གདུག་རྩུབ་འདི་ན་ཡོད།།
ཐར་ཐུབ་དཀའ་བའི་རྒྱལ་མཚམས་དོག་མོའི་དམྱལ་བའི་འཕྲང་རིང་འདི་ན་ཡོད།།

བདེ་མོའི་ཐང་ཆེན་འགྲིམས་ནས་ཡོང་དུས་གྱི་ལིང་རྟ་བོའི་གོམ་འགྲོས་བཞིན།།
གཡང་གཟར་ཆེ་བའི་བྲག་རིར་ཐུག་དུས་ཐང་དཀར་རྒོད་པོའི་གཤོག་རྩལ་གཡར།།
དྲག་ཏུ་བཞུར་བའི་གཙང་བོར་ཐུག་དུས་ཉ་མོའི་ཚུལ་དུ་ཆུ་ལ་བསྐྱལ།།
རྩི་ཤིང་འཛིངས་པའི་ནགས་ལ་ཐུག་དུས་སྟག་གི་མཆོང་རྩལ་ང་ལ་ཡོད།།

ཉིན་ཞག་གསུམ་ལ་རི་བོའི་གསེབ་ནས་རི་ཆུ་ནགས་གསུམ་བརྒལ་ནས་ཡོང་།།
སྲུང་དམག་ལྟ་བུའི་སྐྱེལ་མཁན་གཉིས་ཀྱིས་རྒྱབ་མདུན་གཉིས་ནས་སྲུང་བྱ་དམ།།
ང་ནི་སྟག་ཕྲུག་ཁེར་འགྲོ་ཡིན་རུང་འགྲམ་ནས་སྐྱེལ་མི་མགོན་པོས་བཙལ། །།
ཉིན་ཞག་གསུམ་གྱི་ལག་རོགས་གཉིས་ལ་ལག་བརྡ་ཙམ་གྱིས་གོ་བརྡ་འཕྲོད།།

ཤི་རུང་གསོན་རུང་དཔའ་བོ་ཁེར་འགྲོའི་རྣམ་ཐར་ང་ཡིས་ཉམས་སུ་མྱངས།།
ལོ་ན་གཞོན་པའི་སྣང་ཟོར་དེ་ཡིས་སྡུག་གི་དཀའ་ཚེགས་ཟིལ་གྱིས་མནན།།
ཉམས་མྱོང་མེད་རུང་སྤོབས་པ་ཆེན་པོས་འགྲོ་བའི་ལམ་ནས་ཕྱིར་ལྡོག་མེད།།
ཕྱིར་ལ་རང་ཡུལ་སྙེགས་ནས་ཡོང་དུས་གཉའ་ལམ་བརྒྱུད་ནས་འགྲོ་འདོད་མེད།།

རྒྱལ་ཁམས་འགྲིམས་པའི་སྙན་ངག་ལས་བོད་ཡུལ་འགྲིམས་པའི་ལེའུ་སྟེ་དང་པོའོ། །

༢༠༡༣ ༡༠ ༢༦ ཉིན།

སྙན་ངག

Post navigation

Previous Post: ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།
Next Post: བློ་ཡི་གཏེར་ལ་ཕྱག་འཚལ་ལོ།

Comments (3) on “རྒྱལ་ཁམས་འགྲིམས་པའི་སྙན་ངག”

  1. ཉི་ནུབ says:
    2013-11-20 at 12:15 pm

    ཁོ་རེ་སྙན་ངག་གྲང་མོ་བྲིས་འགུལ།

  2. དགེ་འདུན་རྒྱ་མཚོ། says:
    2013-11-20 at 1:19 pm

    གཅིག་མ་གཏོགས་ཁྱོད་ཀྱིས་ཚང་མ་རིག་སོང་ཟིག

  3. རང་བྱུང་རིག་པའི་རྡོ་རྗེ says:
    2013-11-20 at 3:22 pm

    དྲ་གྲོགས་ཚོར་ཞུ་རྒྱུར། Thailand, Bangkok ཐེ་ལན་ཏྲིར་འགྲོ་མྱོང་མཁན་ཡོད་ན་ལམ་སྟོན་གནང་རོགས། སྡོད་ཡུལ་དང་མགྲོན་ཁང་ཁེ་བོ་སོགས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme