Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྲིད་གཞུང་དང་མི་མང་གི་བླ་སྲོག་རེད།

Posted on 2020-09-18 By ཁ་བརྡ No Comments on རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྲིད་གཞུང་དང་མི་མང་གི་བླ་སྲོག་རེད།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
༄༅ མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སྲིད་གཞུང་དང་མི་མང་གི་བླ་སྲོག་ཡིན་པ་དང་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་ཆ་བཞག་ན་རང་བཙན་ཡོད་པའི་རྒྱལ་ཁབ་ལྟ་བུའི་རྩ་ཁྲིམས་བཟོ་རྒྱུའི་ཆ་རྐྱེན་མེད་ན་ཡང་མ་འོངས་བོད་ཀྱི་རྩ་ཁྲིམས་ལ་འགན་བཀུར་ནས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་བོད་མི་བཙན་བྱོལ་བ་དྲག་ཞན་དང་མཐོ་དམའ་ སྐྱ་སེར་དང་ཕོ་མོ་ རྒན་གཞོན་དང་དབུལ་ཕྱུག་ ལས་བྱེད་དང་མི་མང་དཀྱུས་མ་བཅས་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་བཅའ་ཁྲིམས་ལེའུ་བཞི་པ་ སྒྲིག་འཛུགས་ཀྱི་འགན་འཛིན། བཅའ་ཁྲིམས་ལེའུ་ལྔ་པ་ ཁྲིམས་བཟོའི་དབང་འཛིན། བཅའ་ཁྲིམས་ལེའུ་དྲུག་པ་ ཁྲིམས་ལུགས་དབང་འཛིན་བཅས་སྡེ་ཚན་འདི་གསུམ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་གིས་འཚོ་བའི་ལས་དོན་ཡོངས་རྫོོགས་ལ་འགན་ཁུར་དགོས་པ་དེ་བཅའ་ཁྲིམས་ནས་ངོ་སྤྲོད་གསལ་པོ་གནང་ཡོད་པ་ནི་ང་ཚོའི་ཁ་རྒྱུན་ལའང་སྡེ་ཚན་འདི་གསུམ་ལ་མང་གཙོའི་ཀ་བ་གསུམ་ ( Pillar of Democracy ) ལབ་སྲོལ་ཡོད་པ་དང་དངོས་འབྲེལ་བྱས་ན་མང་གཙོ་ལ་ཀ་བ་གཅིག་ལས་མེད་པ་དེ་མི་མང་ཡིན་པ་དང་མི་མང་མེད་ན་མང་གཙོ་ནམ་ཡང་གནས་མི་ཐུབ་པ་དེ་ཡང་འདྲི་བ་གཅིག་ཡིན་པ་དང་གོང་གི་སྒྲིག་འཛུགས་ཀྱི་འགན་འཛིན་དང་ ཁྲིམས་བཟོའི་དབང་འཛིན་དང་ ཁྲིམས་ལུགས་དབང་འཛིན་བཅས་སྡེ་ཚན་གསུམ་དེ་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་སྡེ་ཚན་གསུམ་ཡིན་པ་ལས་མང་གཙོའི་ཀ་བ་གསུམ་ལ་ངོས་འཛིན་ཞུས་ན་དོན་དངོས་མང་གཙོའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་( Democracy Theory ) དང་མཐུན་གྱི་ཡོད་མེད་ཐེ་ཚོམ་ནང་ལྷག་པ་ནས་ཟུར་གནས་མཁས་པ་ཚོའི་དཔྱད་ཡུལ་དུ་བཞག་རྒྱུ་དང་མང་གཙོའི་ཀ་བ་བཞི་པ་དེ་གསར་འགྱུར་བརྒྱུད་ལམ་དེ་ཡིན་པ་དང་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་དབང་ཅན་གྱི་་གསར་འགྱུར་བརྒྱུད་ལམ་ག་ཚོད་ཡོད་བཙན་བྱོལ་མི་མང་ནས་གསལ་པོ་མཁྱེན་ཐུབ་པ་དང་མང་གཙོའི་སྒྲིག་འཛུགས་ནང་མི་མང་གི་བསམ་ཚུལ་དང་མི་མང་གི་མངོན་འདོད་མི་མང་གི་འགན་དབང་ལས་གལ་ཆེ་བ་མེད་པ་དང་སྒྲིག་འཛུགས་ཀྱིས་ལས་དོན་ཁག་མང་གཙོ་དང་དྲང་བདེན་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་ཡོད་མེད་ལ་མི་མང་ནས་བྱ་ར་གནང་དགོས་པ་ནི་མང་གཙོའི་སྒྲིག་འཛུགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པར་མི་མང་ནས་ ( watch dog ) ཁྱི་གི་རྐུ་མ་སྲུང་བ་བཞིན་དུ་གནས་དགོས་པ་དང་གལ་སྲིད་མི་མང་ནས་མང་གཙོའི་་སྒྲིག་འཛུགས་སྲུང་མ་ཐུབ་ན་ ( Sleeping Democracy ) མང་གཙོ་གཉིད་ཤོར་བ་ནང་བཞིན་ཆགས་ནས་གོང་རིམ་ནས་རང་སྣང་གང་དྲན་གྱི་ཐག་བཅད་ནས་གྲལ་རིམ་དམངས་གཙོ་ལ་ཁ་མི་ཕྱོགས་པའི་ངེས་པ་མེད་པ་དང་ཉེ་ལམ་སྤྱི་འཐུས་རྒྱུན་ལས་ནས་གསལ་བསྒྲགས་སྤེལ་བའི་ནང་ཏོག་དབྱིབས་ནད་ཡམས་ལ་འགན་ཁུར་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་འདི་ལོའི་དབྱར་ཚོགས་དེ་རྗེས་ལོ་ཕྱི་ཟླ་གསུམ་པ་བར་བཅའ་ཁྲིམས་དོན་ཚན་དྲུག་པ་དང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་བཅས་ཀྱི་ཆ་རྐྱེན་འོག་ནས་ཕར་འགྱངས་གནང་འདུག་པ་བཅའ་ཁྲིམས་དོན་ཚན་དྲུག་པ་དང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་པ་དེ་དག་སྤྱི་འཐུས་གྲོས་ཚོགས་ཕར་འགྱངས་བྱ་རྒྱུའི་དོན་ཚན་ཞིག་ཡིན་མིན་ཐེ་ཚོམ་ནང་ལྷག་པ་ནས་བཙན་བྱོལ་མི་མང་གི་དཔྱད་གཞིའི་ཆེད་འདིར་བཅའ་ཁྲིམས་དོན་ཚན་དྲུག་པ་དང་དོན་ཚན་བཞི་བཅུ་ཞེ་དགུ་པ་གཉིས་ཀྱི་ནང་དོན་ཆ་ཚང་འདིར་བཀོད་ཡོད།

( བཅའ་ཁྲིམས་དོན་ཚན་དྲུག་པ་ རྒྱལ་སྤྱིའི་ཁྲིམས་ལུགས་དང་ ཡུལ་ཁྲིམས་ལ་བརྩི་སྲུང་ བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་ ཆབ་སྲིད་དབང་འཛིན་གྱི་བཀའ་ སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཅེས་དང། བཅའ་ཁྲིམས་དོན་ཚན་ཞེ་དགུ་པ་ སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་ ནང་གསེས་གཉིས་པ་ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཅེས་དང ། ་) ཏོག་དབྱིབས་ནད་ཡམས་ལ་འགན་ཁུར་ནས་སྤྱི་འཐུས་གྲོས་ཚོགས་དུས་ཐོག་ལ་ཚོགས་ཐུབ་ཀྱི་མེད་ན་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཆོད་ཀྱི་ལམ་ནས་ཕར་འགྱངས་བྱ་དགོས་པ་དེ་ཁྲིམས་མཐུན་ངོ་མ་དེ་ཡིན་པ་ལས་བཅའ་ཁྲིམས་ཀྱི་དོན་ཚན་ཟུར་འདོན་འོག་ནས་གྲོས་ཚོགས་ཕར་འགྱངས་གནང་རྒྱུ་དེ་ཁྲིམས་མཐུན་བྱུང་ཡོད་མེད་དེ་ཡང་གསལ་པོ་ཤེས་མ་སོང་ལ་ཟླ་དྲུག་ལྷག་གྲོས་ཚོགས་ཕར་འགྱངས་བྱ་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ནང་གསལ་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ལ་བཅའ་ཁྲིམས་དོན་ཚན་དྲུག་པ་ནི་ང་ཚོའི་ཁྲིམས་དང་སྒྲིག་གཞི་ག་འདྲ་ཞིག་གཏན་འབེབས་གནང་ཡང་་གནས་ཡུལ་ལུང་པའི་ཁྲིམས་སྒྲིག་དང་མ་འགལ་བ་ཞིག་དགོས་པའི་སྐོར་ཡིན་པ་དང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་པ་ནི་སྤྱི་འཐུས་གྲོས་ཚོགས་ཚོགས་སྐབས་སྤྱི་འཐུས་ཀྱི་གྲངས་ཚད་མ་ལོང་ན་ཉིན་བདུན་གཅིག་ལྷག་གྲོས་ཚོགས་འཕར་འགྱངས་བྱ་རྒྱུའི་དབང་ཚད་ཚོགས་གཙོ་སྦྲེལ་པོ་ལ་ཡོད་པའི་གོ་དོན་ཙམ་ལས་གྲོས་ཚོགས་ཟླ་དྲུག་ཕར་འགྱངས་བྱ་རྒྱུའི་དོན་ཚན་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ན་དོན་དངོས་སྤྱི་འཐུས་གྲོས་ཚོགས་མ་ཚོགས་སྔོན་དུ་སྤྱི་འཐུས་ཀྱི་ཉུང་མཐའི་གྲངས་ཚད་མ་ལོང་པར་སྤྱི་འཐུས་རྒྱུན་ལས་ནས་ཚོད་དཔག་ལ་འགན་ཁུར་ནས་གྲོས་ཚོགས་ཕར་འགྱངས་བྱས་པར་ངོས་འཛིན་དང་བཅས་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་དེ་དྲང་བདེན་དང་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འཇུག་བསྡུས་པའོ།
སླར་སྨྲས་པ་ བཅའ་ཁྲིམས་ནོར་བུ་མ་ནོར་ལམ་སྟོན་ལ། ཚུལ་བཞིན་ཉམས་ལེན་ཐུབ་པ་བོད་མིའི་འགན། མང་གཙོའི་འགན་དབང་བཅའ་ཁྲིམས་ལམ་སྟོན་འོག། དམངས་གཙོའི་འགན་དབང་གྲལ་རིམ་ལམ་སྟོན་འོག།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ སྤྱི་ཟླ་ ༩ ཚེས་ ༡༨ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: ༼བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པའི་སྲིད་སྐྱོང་དུ་འོས་སམ།༽ ཞེས་པའི་རྩོམ་ཡིག་བཀླགས་བྱང་།
Next Post: མངར་ཁ་སྐྱུར་གསུམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme