Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱའི་དབང་འཛིན་པ་ཚོས་ཤེས་རྟོགས་ཐུབ་དགོས།

Posted on 2008-06-23 By དབང་ཕྱུག་ 1 Comment on རྒྱའི་དབང་འཛིན་པ་ཚོས་ཤེས་རྟོགས་ཐུབ་དགོས།

འབྲོང་དར་རྒྱས།

འདི་ལོའི་གསུམ་པའི་ཚེས་བཅུ་ནས་བཟུང་གནམ་འོག་གི་བོད་པ་ཡོད་ཚད་ལག་གདང་གི་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་མི་མང་ཚོར་བོད་པའི་གདོང་རིས་གསལ་བོར་བསྟན་ཡོད་ལ། ལྷག་དོན་རྒྱ་ནག་དབང་འཛིན་པ་ཚོར་རྒྱ་བོད་ཀྱི་གནད་དོན་སྐོར་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་པའི་སློབ་གསོ་ཐེངས་ཤིག་སྤྲད་ཡོད།
ད་ལན་གྱི་ཞི་རྒོལ་འདི་ནི་རྒྱ་ནག་གིས་བོད་ཐོག་ལ་ལོ་ཤས་རིང་བསགས་པའི་ནག་ཉེས་ཤིག་མ་ཡིན་པར་རྒྱ་གཞུང་གིས་བོད་པ་བཙན་བཟུང་བྱས་པ་ནས་བསག་པའི་ནག་ཉེས་འབའ་ཞིག་ཡིན། དེ་ནི་བོད་ཀྱི་སྣོད་བཅུད་སོགས་ཕྱོགས་ཐམས་ཅད་ལ་བཏང་བའི་གནོད་འཚེ་སྟེ་རིག་དངོས་བརྐུ་འཕྲོག་བཅོམ་གསུམ་དང༌། ཆོས་ལུགས་དད་མོས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ལ་བརྟེན་ནས་མནར་སྡུག་རིམ་པར་བསག་པའི་སེམས་ཁོང་གི་མེ་རི་དེ། ད་ལན་ཞི་བའི་ཐབས་ལམ་གཅིག་པུ་ལ་བརྟེན་ནས་འབར་ཡོད། གནས་ཚུལ་འདིས་རྒྱ་ནག་གི་གཡོ་སྒྱུ་ཧམ་རྫུན་གྱིས་འཛམ་གླིང་ལ་ཆེད་བསྒྲགས་བྱས་པའི་བོད་མི་ཚོར་རང་དབང་བདེ་སྐྱིད་ཡོད་པ། འཚོ་བ་ཕུན་སུམ་ཚོགས་པ་སོགས་ཡིན་ཚུལ་གྱི་རྫུན་གཏམ་ལ་བདེན་དོན་གྱི་ཞི་རྒོལ་འདིས་ནུས་མེད་བཏང་ཡོད།
རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཡུལ་འདི་རྒྱ་ནག་གི་མི་སེར་སྤེལ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་ཆོས་དང་རིག་གཞུང་སོགས་ལེགས་བྱང་ཕུན་སུམ་ཚོགས་པའི་བོད་འདི་མེད་པར་བཟོ་རྒྱུའི་ཆེད་ཡིན་ཡང༌། དེ་ནི་སྟོང་བསམ་རང་ཡིན་པ་ད་ལན་གྱི་བོད་མིའི་ཞི་བའི་ངོ་རྒོལ་འདིས་གསལ་བཤད་བྱས་ཡོད་ལ། རྒྱའི་བཙན་འོག་ནས་བོད་ལ་རང་དབང་དང་བདེ་སྐྱིད་མེད་པ་གསལ་པོ་བྱས་ནས་བསྟན་ཡོད། བོད་ས་སྟོད་སྨད་བར་གསུམ་ནས་བྱུང་བའི་ཞི་བའི་ཡར་ལངས་པ་ཚོའི་ཐོག་ལ་དྲག་མཚོན་སྣ་ཚོགས་ཀྱིས་བཙན་གནོན་བྱས་པ་འདིས་རྒྱ་ནག་ནང་རང་དབང་དང་དྲང་བདེན་གྱི་ཁྲིམས་ལུགས་ཤིག་མེད་པར་བསྟན་ཡོད། ད་དུང་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱི་གླིང་པའི་གསར་འགོད་པ་བཏང་མེད་པ་འདིས་དེ་ལ་ལུང་རིགས་ཀྱིས་རྒྱབ་སྐྱོར་བྱས་པ་ལས་ལྷག་ཡིན།
དཀའ་ངལ་འདི་ནི་རྒྱ་གཞུང་གི་བཙན་འོག་ཏུ་གནས་པའི་མི་རིགས་ཁག་གིས་ཅིས་ཀྱང་ཤེས་རྟོགས་ཐུབ་དགོས་པ་གལ་གནད་ཅིག་ཡིན། ཞི་རྒོལ་འདིའི་འོག་ནས་བསམ་ཤེས་ཐོངས་དགོས་པ་དེ་རྒྱ་ནག་གི་དབང་འཛིན་མི་སྣ་སོགས་ཡིན་ལ། ཏཱ་ལའི་བླ་མས་བཏོན་གནང་བའི་གཉིས་ཕན་དབུ་མའི་ཐབས་ལམ་འདི་ཏཱ་ལའི་བླ་མ་སྐུ་བཞུགས་པའི་སྐབས་འདིར་སེལ་ཐབས་མ་བྱས་ཚེ། ཏཱ་ལའི་བླ་མའི་སྐུ་ཚེ་རྫོགས་པ་དང་ལྷན་དུ་བོད་དོན་རྫོགས་རྒྱུའི་རྒྱ་དཔོན་ཚོའི་སྔོན་དཔག་དེ་མ་ཡིན་པར་གཉིས་ཕན་དབུ་མའི་ལམ་འདི་ཡིན་ཞེས་པ་དོན་ལ་གནས་པ་ཞིག་ཡིན།
གནད་དོན་འདི་ནི་བོད་གཞིས་བྱེས་གཉིས་སུ་འཁོད་པའི་གཞོན་སྐྱེས་དག་གི་ཐབས་ཟད་འུ་ཐུག་གི་ལམ་ཁ་ཞིག་གདམ་འཇུག་མིན་རྒྱ་ནག་དབང་འཛིན་པ་ཚོའི་ལག་པར་ཡོད། རྒྱ་ནག་གི་ཕྱིའི་དངོས་པོ་དང་དཔལ་འབྱོར་ཡར་རྒྱས་བཏང་བ་དང་ལྷན་དུ་ནང་བསམ་བློ་ཡར་རྒྱས་གཏོང་མ་ཐུབ་པ་འདི་ཆེས་ཞན་ཆ་ཆེ་ཤོས་ཤིག་ཡིན། འདི་ལྟར་ཏཱ་ལའི་བླ་མའི་བོད་རྒྱ་གཉིས་ཕན་གྱི་སྲིད་བྱུས་ཤིག་བཏོན་པའི་དགོངས་དཀྱེལ་འདིའི་རྗེས་སུ་སྙེག་ཐུབ་མཁན་རྒྱ་ནག་དབང་འཛིན་པ་ཚོ་ནས་གཅིག་རང་ལས་བྱུང་ཐུབ་མེད། དེ་ནི་འདས་པོ་ཏིན་ཞའོ་ཕུན་རེད། ཁོང་གིས་རང་བཙན་མ་ཡིན་པའི་གནད་དོན་ག་རེ་ཡིན་རུང་ཐག་གཅོད་བྱེད་ཆོག་ཅེས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལ་བཤད་ཡོད་མོད། གནད་དོན་མང་པོ་ཞིག་གི་རྐྱེན་གྱིས་ལས་དོན་དེ་ལེགས་འགྲུབ་མ་ཡོང་གོང་ལ་ཁོ་རང་འདས་སོང་བ་དེ་ཡིན། དེ་ནི་བོད་རྒྱ་གཉིས་ཀར་འཕོག་པའི་གྱོང་ཆེན་ཞིག་ཡིན། གནད་འགག་འདི་ནི་ད་ཡོད་ཀྱི་རྒྱ་ནག་དབང་འཛིན་པ་ཚོས་ཤེས་རྟོགས་ཐུབ་དགོས།
སྔ་དང་མགྱོགས་གྱིས་རྒྱབོད་ཀྱི་གནད་དོན་མ་སེལ་བར་ནར་འགྱངས་བྱས་ན་གནད་དོན་འདི་མེད་པར་ཆགས་རྒྱུ་ཕར་ཞོག་ཆེ་ནས་ཆེ་རུ་འགྲོ་རྒྱུ་ཡིན། དང་པོ་རྒྱ་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་རིག་དངོས་བཅོམ་བཅག་དང་བརྐུ་འཕྲོག མི་སྣ་གསོད་རྡུང་དང་བཙོན་འཇུག་གི་ལས་གཞི་མདོ་སྟོད་སྨད་ནས་རིམ་པར་རྒྱལ་ས་ལྷ་སར་འབྱོར་ཏེ། ཆོས་ལྡན་གྱི་ལྷ་ས་དམྱལ་བ་ལྟ་བུར་སྒྱུར་ཅིང༌། སྣོད་བཅུད་གཉིས་ཆར་གོད་ཆག་ཚད་ལས་བརྒལ་བ་བཏང་བའི་ཁྲོད་ནས་མི་ཆེས་ཉུང་ཤས་ཤིག་བྲོས་བྱོལ་ལ་ཕྱིན་པའི་ནང་ྋརྒྱལ་དབང་དོན་གྱི་བདག་པོ་ཡང་ཕེབས་ཐུབ་ཡོད། དེ་ལ་བརྟེན་ནས་སྐབས་དེའི་རྒྱའི་གཙོ་འཛིན་མའོ་ཡིས་ཏཱ་ལའི་བླ་མ་བྲོལ་བྱོལ་ཟིན་པ་གོ་རྗེས་བོད་འདི་ལག་ནས་ཤོར་བ་རེད་ཅེས་ཁ་ནས་ཤོར་བར་གྲགས། འདི་ཡང་རྒྱ་ནག་དཔོན་རིགས་ཚོས་བསམ་བློ་ཐོངས་དགོས་པའི་གནད་དོན་ཞིག་རེད།
གནད་དོན་འདི་དག་སེལ་བར་བྱེད་པ་ལ་རྒྱ་གཞུང་གིས་ཏཱ་བླའི་བླ་མར་མཇལ་འཕྲད་ཀྱིས་ཞི་གྲོས་ཀྱི་ལམ་ནས་རྒྱ་བོད་ཀྱི་གནད་དོན་སེལ་ཐུབ་པ་བྱ་དགོས། དེ་ལྟར་མ་བྱུས་ཚེ་དེ་རིང་གི་གནམ་འོག་བོད་པ་ཚོའི་ཡར་ལངས་འདི་ཞི་རྒོལ་ཡིན་ཡང་འབྱུང་འགྱུར་གྱི་ཡར་ལངས་དེ་ཞི་རྒོལ་ཡིན་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ།།

སྣ་ཚོགས།

Post navigation

Previous Post: ཤེས་རབ་སྒྲོལ་མའི་སྙན་རྩོམ་བཀླགས་རྗེས།
Next Post: གཡབ་ཁང་ནང་གི་གཏམ་རྒྱུད།

Comment (1) on “རྒྱའི་དབང་འཛིན་པ་ཚོས་ཤེས་རྟོགས་ཐུབ་དགོས།”

  1. yak says:
    2008-07-16 at 4:55 am

    i think ok

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme