Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱང་རིང་ནས་རྒྱ་བླ་གླེང་བ། ཨ་རིག་དགེ་མཐོང་།

Posted on 2012-12-202012-12-20 By ཁ་བརྡ་ 13 Comments on རྒྱང་རིང་ནས་རྒྱ་བླ་གླེང་བ། ཨ་རིག་དགེ་མཐོང་།

སྤྱིར་ བཏང་དེང་གི་དུས་སུ་རྒྱ་བླ་ཞེས་བོད་རིགས་སྤུན་ཟླ་ཚོས་གཤེ་གཤེ་འདྲ་ཞིག་གཏོང་ གིན་འདུག འོན་ཀྱང་རྒྱ་བླ་ཞེས་པ་ག་འདྲ་ཞིག་དང་རྒྱ་བླའི་ལེགས་ཉེས་སོགས་ནི་གླེང་མཁན་ཧ་ ཅང་དཀོན་པས་དེ་རིང་བདག་གིས་རྒྱ་བླའི་སྐོར་རགས་ཙམ་གླེང་འདོད་བྱུང་།

རྒྱ་བླ་ཞེས་པའི་མིང་ཐོགས་ཚུལ།

(རྒྱ་ བླ་)ཞེས་པའི་མིང་འདི་རྒྱ་ནག་ཏུ་ཆོས་བཤད་པ་དང་ཆོས་ཚོགས་བཙུགས་ཏེ་རྒྱུ་ཐོག་ ཏུ་བརྒྱབས་པའི་སྐྱེས་བུ་ཚོ་ལ། བོད་པ་སྐྱ་སེར་འགའ་རེས་ཆེད་དུ་ཁྱད་གསོད་ལྟ་བུའི་སྒོ་ནས་བཏགས་པ་ཞིག་རེད། མིང་མ་གཏོགས་དོན་ནི་ཕྱི་སྡོད་བོད་མིའི་ཁྲོད་ཀྱི་ཕྱི་རྒྱལ་ཡུལ་གྲུ་གང་སར་ ཆོས་ཚོགས་བཙུགས་པ་དང་ཆོས་བཤད་རྒྱག་པ་སོགས་ལ་ཕྱི་སྡོད་བོད་མི་ཚོས་(ཕྱི་རྒྱལ་ པ་ལ)་ཞེས་འབོད་པ་ཡང་རྒྱ་བླའི་རིགས་སུ་གཏོགས། དེས་ན་ངས་ཀྱང་དེ་གཉིས་ལྷན་དུ་སྦྱར་བའམ་གཞི་གཅིག་ལ་བཞག་ནས་གླེང་རྒྱུ་ཡིན།

 

རྒྱ་བླར་བཟུང་བའི་སྡང་སེམས།

བོད་ པ་ཚོའི་ནང་དུ་རྒྱ་བླར་སྡང་སེམས་ཤིག་སྐྱེ་བཞིན་པ་དང་སྐྱེས་ཟིན་པ་དེ་འདྲ་རེད། རྒྱུ་རྐྱེན་ནི་རྒྱ་བླ་འགའ་རེས་རྒྱུ་མངོན་བྱེད་སྟངས་མ་ཤེས་པས་རང་རིགས་སྤུན་ ཟླའི་སེམས་ལ་སྡུག་བཞག་པ་རེད། དཔེར་ན། ལུས་ལ་སྟོན་པའི་ན་བཟའ་བསྣམས། ཕྱག་ལས་ནི་རྒྱ་ནང་སོང་སྟེ་ནང་ཆོས་ལ་དད་གུས་ཡོད་པའི་རྒྱ་རིགས་རྨོངས་དད་ཅན་ གཙོས་མང་བོ་ཞིག་ལ་ཆོས་བཤད། དབང་བསྐུར། མོ་བཏབས། རིམས་འགྲོ་བསྒྲུབས་པ་སོགས་བྱས་ཏེ་རྒྱ་སྒོར་གང་མང་ཞིག་རག་པའི་རྗེས་སུ། ཕྱིར་བོད་ཀྱི་ས་ཆར་ཡོང་སྟེ་གནམ་གཤིས་ཧ་ཅང་ལེགས་པའི་དབྱར་ཁ་དང་སྟོན་གྱི་དུས་ སུ།བོད་ཁུལ་གྱི་ས་ཆ་གང་ཡག་ཏུ་སོང་སྟེ་ཟོག་ལུག་གང་མང་གི་ཚེ་སྲོག་འཕྲོགས་ཏེ་ གསོལ་སྟོན་རྒྱ་ཆེན་བཤམས་ནས་སྤྲོ་སེང་གཏོང་བ་དང་། ན་ཆུང་མཛེས་པ་གང་མང་ཞིག་ལ་དཔལ་འབྱོར་གྱིས་བཙན་འཛུལ་བྱས་ཏེ་བཙན་གཡབ་ལྟ་བུའི་ སྒོ་ནས་ལོངས་སུ་སྤྱོད་པ། ཆ་ལུགས་ཡ་མ་ཟུང་དང་སྐད་རིགས་བསྲེས་མ་བཤད་པ་སོགས་ཀྱིས་རེད། དེ་དག་ནི་རྒྱ་བླའམ་རྒྱ་ནག་ཏུ་སོང་བའི་གང་ཟག་རེ་ཟུང་མ་གཏོགས་ཡོད་ཚད་ནི་དེ་ འདྲ་ཞིག་གང་ནས་ཡིན། ཕྱི་སྡོད་བོད་མིའི་ཁྲོད་ཀྱི་ཕྱི་རྒྱལ་པ་ལ་ཚོ་ཟེར་བ་ཡང་དེ་འདྲ་རེད། མདོར་ན། དཔེ་ཞིག་ཏུ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུ་རེད། དཔེ་འདི་ནི་ཚད་མ་རྣམ་འགྲེལ་གྱི་ཕྱོགས་སྒྲའི་སྐབས་སུ་བཏགས་མིང་དུ་འཇུག་ཚུལ་ གླེང་དུས་ཡོད། དེ་གཉིས་གཅིག་མཚུངས་རེད། ཡ་གྱལ་གྱི་ཉེས་པ་ཚོགས་པ་སྤྱིའི་མགོ་ལ་བཞག་པའི་སྲོལ་རེད།  

རྒྱ་བླའི་རྒྱུའི་འོག་ཏུ་ཚུད་ཚུལ།

བོད་ པ་ཚོས་མངོན་ལྐོག་གཉི་ག་ནས་རྒྱ་བླ་ཚོ་ཞེས་གཤེ་གཤེ་གཏོང་ཡང་དོན་དུ་དགོན་པ་ ཚོས་འདུ་ཁང་བཞེངས་བསྐྲུན་དང་། སྐུ་གསུང་ཐུགས་རྟེན་ཨེབ་ཆེན་རེ་བཞེངས་དགོས་དུས་རྒྱ་བླ་ཚོའི་མདུན་དུ་ཁ་དར་ དཀར་པོ་བསྣམས་ཏེ་ཁ་ཚིག་དང་གུས་ཞབས་ལྡན་པའི་སྒོ་ནས་ལག་པ་བཟེད་དགོས་པ་དེ་འདྲ་ རེད་ལ། སློབ་གྲྭ་དང་ཁོག་ཡུག་གཙང་སྤྲའི་ལས་འགུལ། འབྲོག་པའི་རྟ་བརྒྱུག་རྒྱན་འཇོག་ཚུན་ཆད། གླུ་བའི་རྡུང་ལེན་འགྲན་བསྡུར་དང་འོད་སྡེར་ཕབ་བསྐྲུན་སོགས།དེ་བཞིན་ཤེས་ལྡན་ མི་སྣ་དང་ལྷག་བསམ་ཅན་གྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཚོས་ཀྱང་ཚགས་པར་དང་དུས་ དེབ་རེའི་སླད་དུ་རྒྱ་བླ་ཚོར་བསྡིགས་ཤོར་སྔུན་ནས་རྐང་པ་ས་ལ་བཙུགས་ཏེ་ལག་ཟུང་ ཐལ་མོ་སྦྱར་བ་ག་ཚོད་ཅིག་ཡོད་རྒྱུ་རེད། དེ་ནི་འདང་བརྒྱབ་ན་མི་ཕོག་རྒྱུ་མེད་པ་ཞིག་ཏུ་སེམས།དེ་བཞིན་ཕྱི་སྡོད་བོད་ མིའི་ཁྲོད་ཀྱི་ཕྱི་རྒྱལ་པ་ལ་ཚོ་ལ་མང་ཚོགས་ཀྱིས་ཁ་བརྡུང་བཏང་ཡང་དོན་དུ་རོགས་ པ་བྱེད་དགོས་སྐབས་ཁོ་ཚོ་ནི་ང་ཚོའི་མགོན་སྐྱབས་ལྟ་བུར་གྱུར་ཡོད་ལ། ཕྱི་སྡོད་བོད་མིའི་ཁྲོད་ཀྱི་དགོན་སྡེ་དང་སློབ་གྲྭ། སྨན་ཁང་སོགས་མང་བོ་ཞིག་འདི་དག་གི་རོགས་རམ་ལས་གྲུབ་པ་དང་། ད་དུང་ཕྱི་སྡོད་བོད་མི་གཅིག་པོ་མ་ཡིན་པར་གཞིས་ལུས་སྤུན་ཟླ་ཚོ་ལ་ཡང་རྒྱ་བླ་ ལྟ་བུའི་ཕྱི་རྒྱལ་པ་ལ་ཚོས་ཞལ་འདེབས་དང་རོགས་རམ་གང་མང་མང་བྱས་ཡོད་པ་མིག་ མཐོང་ལག་ཟིན་ནོ། །དེ་འདྲའི་རྒྱ་བླ་ཚོ་ལ་ཡག་བཙོག་གཉི་ག་དང་ལྷག་བསམ་ཡོད་མེད་ཟུང་འབྲེལ།སྡོམ་པ་ ཡོད་མེད་ཅི་རིགས།བོད་མི་རིགས་ལ་ཤ་ཞེན་ཡོད་མེད་སྣ་ཚོགས་ཤིག་ཡོད་པ་བཞིན་དུ། དེ་དག་གིས་འགྲོ་སོང་བཏང་བ་ཡང་རང་གི་ཆེད་དུ་དང་གཞན་གྱི་སླད་དུ་ཡིན་མིན་སྣ་ ཚོགས་ཡོད་པས་སོ་སོའི་ངོས་ནས་དབྱེ་འབྱེད་གནང་རྒྱུ་གལ་ཆེའོ།།  

རྒྱ་བླའི་ཤེས་ཚད།

རྒྱ་ བླ་ཞེས་པའི་མིང་འདིའི་འོག་ན་ཡོད་པའི་སྐྱེས་བུ་གང་ཞིག་ལ་མཚོན་ན་སྐད་རིགས་ གཉིས་ནི་མ་མཐའ་ཤེས་དགོས་པ་ལྟ་བུར་གྱུར་ཡོད་པ་དང་་བོད་ཀྱི་རིག་གཞུང་དང་ནང་ ཆོས་སྐོར་ཕལ་ཆེ་བས་ཤེས་ངེས། རེ་ཟུང་གིས་ནི་མོ་བཏབས་པ་དང་རྩིས་བྱས་ཏེ་མང་ཚོགས་ཀྱི་འདོད་བློ་བསྐང་ཡོད་པ་ འདྲ།དེ་བཞིན་ཕྱི་སྡོད་བོད་མིའི་ཁྲོད་ཀྱི་ཕྱི་རྒྱལ་པ་ལ་ཞེས་པའི་གང་ཟག་དེ་དག་ ལ་མཚོན་ན་དབྱིན་སྐད་དང་བོད་སྐད་གཉིས་ལ་མ་མཐའ་ཡང་ཐོགས་ཡ་མེད་པ་ལྟ་བུ་རེད། གཙོ་ཆེ་བའི་ངོས་ནས་བཤད་ཀྱིན་ཡོད། རེ་ཟུང་ནི་གོང་དུ་ཞུས་པ་དེ་དང་མཚུངས། ཉེ་སྔོན་ཁོ་བོ་བོད་ནང་དུ་བསྐྱོད་སྐབས་གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་ ཐེངས་བཞི་བར་མཉམ་ཞུགས་བྱེད་རྒྱུའི་སྐལ་བ་ལྡན།སྐབས་དེར་སྔོན་གྲྭ་ས་ནས་དགེ་ བཤེས་ལྷ་རམས་གཙོས་དགེ་བཤེས་བཏང་ཟིན་པའི་ཆོས་གྲོགས་མང་བོ་ཞིག་ལ་མཇལ། ཁོ་ཚོ་ལ་བོད་ནང་གི་སྤུན་ཟླ་རེ་ཟུང་གིས་རྒྱ་བླ་ཞེས་ལྐོག་ནས་འབོད་ཀྱིན་འདུག་ པ་མ་ཟད་ང་ལ་ཡང་དེ་འདྲའི་འགྲེལ་བཤད་རྒྱག་ཁུལ་བྱེད་མཁན་བྱུང་། བགྲོ་གླེང་གོ་སྒྲིག་པ་དང་འཚོགས་ཡུལ་ནི་རྭ་རྒྱ་དགོན་རེད་ལ། བགྲོ་གླེང་བའི་ངོ་བོ་གྲུབ་སྟངས་ནི་དགོན་སྡེ་ཕལ་ཆེ་བའི་རང་གི་དཔེ་ཁྲིད་དགེ་ རྒན་དང་དགེ་བཤེས། དཔེ་ཆ་པ་ལེགས་གྲས་བཏང་འདུག་པ་དང་། བགྲོ་གླེང་སྐབས་སུ་ཟབ་དོན་དབུ་མ་གཙོས་མདོ་སྔགས་གཉིས་ལ་བགྲོ་གླེང་བྱས་སོང་། ཚིག་དོན་འགྲེལ་བ་དང་དོགས་པ་བསླངས་པ་སོགས་གང་ཐད་ནས་བསྡུར་ཐབས་མེད་པ་དང་འགྲན་ པར་མི་ནུས་པ་ནི་གོང་གི་རྒྱ་བླ་འབོད་པ་དེ་དག་ཡིན་པ་རྗེས་སུ་འོད་སྡེར་ལས་ མཐོང་ངེས། ལྷག་པར་དགོན་སྡེའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་བཅས་ཀྱི་ཐད་དུ་གསུངས་ བཤད་གནང་སྐབས་ཀྱང་གོང་གསལ་གྱི་རྒྱ་བླ་འབོད་པ་འདི་དག་ལས་གཞན་དག་ཚོ་ནི་གཉོམ་ ཆུང་ལྟ་བུར་གྱུར་ཏེ་མི་སྨྲ་པའི་ཚུལ་བསྟན། དུས་དེར་བོད་ཀྱི་སྒེར་ཚུགས་སློབ་གྲྭ་མིང་གྲགས་ཅན་གངས་ལྗོངས་ཤེས་རིག་སློབ་ གླིང་དུ་བགྲོ་གླེང་བ་ཡོངས་གདན་འདྲེན་ཞུས་ཏེ་སློབ་བུ་ཚོ་ལ་བསླབ་བྱ་སོགས་ཀྱི་ བཀའ་སློབ་གནང་རྒྱུའི་གོ་སྐབས་དེར་མཚོན་ན་ཡང་རྒྱ་བླ་འབོད་པ་དེ་དག་གི་སྐད་ཆ་ ལ་སློབ་བུ་ཚོས་དགའ་བསུ་བྱེད་པ་ལས་གཞན་ཞིག་མ་བྱུང་བ་རྗེས་སུ་འོད་སྡེར་ལ་ གཟིགས་དང་གསལ་གསལ་ཐིང་ཐིང་དུ་ངེས།

ཡང་ ཁག་ཅིག་གིས་རྒྱ་བླ་དེ་དག་ལ་སྡོམ་པ་ཡོད་མེད་སོགས་ཀྱང་གླེང་གིན་འདུག ངས་བལྟས་ན་སྡོམ་པ་ཡོད་མེད་མངོན་ཤེས་རྒྱུད་ལྡན་གྱི་གང་ཟག་ཞིག་གིས་ཐག་གཅོད་ རྒྱུ་ལས་ཤེས་བྱའི་གནས་ཕྲ་མོའི་རིགས་ལ་རྨོངས་ཤིང་རྟུལ་བའི་སྐྱེ་བོ་ཚོས་ནི་ཁ་ ཚོན་གཅོད་དཀའོ།།སྡོམ་པ་ཡོད་མེད་ཀྱི་ཆ་ནས་བཤད་དགོས་ཚེ་དགོན་པ་ན་གཉོམ་ཆུང་ངང་ ཚོགས་ཆོས་གྲྭར་ཕེབས་མཁན་དང་གྲྭ་པ་དཔེ་ཆ་པ་འབོད་པའི་ང་རྒྱལ་ཅན་ཚོདེ་བཞིན་ དགེ་བཤེས་ཞེས་མིང་སྙན་མོ་འདིའི་འོག་ན་དུག་གསུམ་གྱི་འོག་ཏུ་ཤོར་མཁན་དག་ལ་ཡང་ བདག་གིས་ངོས་ནས་སྡོམ་པ་ལྡན་ནོ་ཞེས་ནམ་ཡང་ལབ་མི་ནུས།  དེ་ནི་མདོ་ལས། ང་དང་ང་འདྲ་བས་གང་ཟག་གིས་ཚོད་བཟུང་བར་ནུས་ཀྱིས། རྒྱུ་མཚན་ཡང་དག་མ་མཐོང་བཞིན་གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་ནུས་ཏེ་ཉམས་ པར་འགྱུར་ཏ་རེ་གསུངས་པ་དེས་ར་སྤྲོད་ཐུབ།མདོར་ན། རྒྱ་བླ་ཞེས་གཤེ་གཤེ་གཏོང་བ་འདི་ཡང་ཕྱོགས་གཅིག་ནས་ཕྲག་དོག་གི་རྣམ་པ་དང་མ་ དགའ་བའི་རྣམ་འགྱུར་ཅིག་ཏུ་ཚོར།

 རྒྱ་བླའི་ཕྱི་རྗེས་གླེང་བ།

སྤྱིར་ བཏང་གི་རྒྱ་བླ་ཞེས་འབོད་སྟངས་དེ་ནི་ཕྲག་དོག་གི་རྣམ་པ་ཞིག་ཏུ་ཚོར་བས་བདག་ གིས་ངོས་ནས་རྒྱ་ནང་དུ་ཆོས་གསུངས་མཁན་ཚོ་ཞེས་ཐ་སྙད་སྦྱོར་བསམ། དེ་བཞིན་རྒྱ་ནག་གཙོས་ཤར་ནུབ་ཀྱི་རྒྱལ་ཁབ་དག་ཏུ་ནང་ཆོས་གཙོས་བོད་ཀྱི་རིག་ གཞུང་ངོ་སྤྲོད་བརྒྱུད་བསྒྲགས་དང་། དགེ་མཚན་བརྒྱ་བཤད་སྟོང་བཤད། དེ་དག་ལ་བརྟེན་བོད་པ་ཟེར་བ་འདི་ཡང་འཛམ་གླིང་འདིར་ངོ་ཤེས་ཤིང་འུ་ཚང་གི་སྐད་ དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ལ་འགྲམ་ཆུ་ལྡིང་བཞིན་པ་ཁྱེད་ཅག་གིས་འབོད་བཞིན་བའི་ རྒྱ་བླ་ཚོའི་དྲིན་དུ་ངེས། ད་དུང་དུས་རབས་ཉེར་གཅིག་པའི་བོད་ཀྱི་ཡ་ང་བའི་གནས་སྟངས་སོགས་གསལ་བཤད་དང་། བོད་ཀྱི་ཆོས་དང་རིག་གཞུང་ཡོད་ཚད་དྲིལ་བསྒྲགས་གནང་བ་དང་། ཆོས་ཚོགས་སོགས་བཙུགས་ཏེ་དཔལ་འབྱོར་རེ་རག་རྗེས་ཕྱིར་བོད་སའི་དགོན་པ་དང་སློབ་ གྲྭ། དེ་བཞིན་ནད་མནར་དང་དབུལ་བོའི་ཚོགས་ལ་གནང་སྦྱིན་བྱས་པ་དེ་དག་ནི་ཕྱི་རྗེས་ ཟེར་ཆོག་ཆོག་རེད་སྙམ། མདོར་ན་དེ་ལྟར་གླེང་ན་རྫོགས་མཐའ་མེད་ཀྱང་རྒྱ་བླ་ཞེས་སྡང་སེམས་ཅན་དག་ལ་གནས་ ལུགས་ག་ཚོད་ཅིག་བརྗོད་ཀྱང་ཕན་འབྲས་དབེན་པས་མདོར་བསྡུས་ཤིག་འདིར་སྨྲས་པ་ཡིན།

 མཐའ་དོན་གསལ་བཤད་ལྟ་བུའི་སྐད་ཆ་ཚིག་གསུམ།

གོང་ དུ་ཁྱེད་ཅག་ལྟར་ན་རྒྱ་བླ་དང་ཕྱི་རྒྱལ་པ་ལ།གུས་པ་ལྟར་ན་རྒྱ་ནག་གཙོས་ཤར་ནུབ་ ཀྱི་ཡུལ་གྲུ་གང་སར་ཆོས་གསུངས་མཁན་ཚོ་ཟེར་བ་དེའི་སྐོར་རགས་ཙམ་ཞིག་གླེང་ཟིན་ པ་རེད།ཡིན་ནའང་འདིར་མཐའ་དོན་གསལ་བཤད་ལྟ་བུ་ཞིག་མ་བྱས་ན།ཕྲན་ནི་ལྟ་ལོག་དང་ སྒོར་མོའི་བྲན་གཡོག་པ། དེ་དག་གི་རྐུབ་ལྡག་མཁན་ཞིག་ཏུ་ངོས་འཛིན་བྱེད་ངེས། ངས་གོང་དུ་བཤད་པའི་ཆོས་གསུངས་མཁན་ཚོ་ཟེར་བའི་ནང་དུ་བསྟན་འཛིན་གྱི་སྐྱེས་ ཆེན་དང་། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན།མགོ་རྒྱལ་སྲས་བླ་སྤྲུལ་གཙོས་སྐྱེས་བུ་དེ་ དག་གིས་ནི།རྒྱལ་བའི་གསུང་རབ་སྤྱི་དང་ལྷག་པར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་ གཡང་དྲུང་བོན་དང་དཔལ་རྒྱལ་བ་ཇོ་ནང་བ་སོགས་ཀྱི་ལྟ་སྤྱོད་ཟུང་། དེ་བཞིན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཡོད་ཚད་ལ་མཁྱེན་པ་མངའ་བའི་བཀུར་ འོས་ཚོ་ལ་ཟེར་བ་ལས། ཆོས་པ་རྫུན་མ་དང་མི་མང་མགོ་བསྐོར་མཁན་གྱི་གཡོ་སྒྱུ་ཅན་ཚོ་ནི་ག་ལ་ཡིན། ཆོས་བཤད་མཁན་ནམ་གསུངས་མཁན་ཟེར་བ་དེ་ལ་བདེན་རྫུན་ཅི་རིགས་ཤིག་ཡོད་པས་དཀར་ནག་ གི་དབྱེ་འབྱེད་ནི་སྐྱེས་བུ་སྒེར་ངོས་ནས་འབྱེད་མ་ནུས་ཚེ་གཞན་གྱིས་ལམ་སྟོན་ དང་གསལ་བཤད་ཅི་འདྲ་བྱས་ཀྱང་ཕན་ཐོགས་དཀའ་བའི་གནས་སུ་གྱུར། ཤར་ནུབ་ཀྱི་རྒྱལ་ཁབ་དེ་དག་ཏུ་ཆོས་པ་རྣམ་དག་དང་རྫུན་མ་ཟུང་འབྲེལ་གྱིས་འཚང་ཀ་ ཞིག་ཡོད་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ཆོས་པ་མ་འགྲིག་པའི་སྐད་ཆ་ངན་པ་ ཁག་ཅིག་ཡོང་བཞིན་པ་དང་མ་འོངས་པར་ཡང་ཡོང་སྲིད། མདོར་ན། བླ་མ་རྫུན་མ། གྲྭ་གཟུགས་འགའ་རེས་ ནང་རྟོགས་པའི་ཡོན་ཏན་མེད་ཀྱང་ཡོད་ཁུལ་བྱེད་པ། ངོ་མཁྱེན་ཐོགས་པ་མེད་པ་ལྟ་བུ་བྱེད་མཁན་གྱི་གང་ཟག་ཁག་ཅིག་ནི་ཡོད་ཡོད་པ་རེད། ངས་གོང་དུ་ཞུས་པ་ལྟར་རས་ཡུག་གི་ཕྱོགས་གཅིག་ཚིག་པས་རས་ཡུག་ཚིག་ཅེས་བརྗོད་མི་ རུང་། དེ་ཙམ་ལ་གཞིགས་ཏེ་བོད་ཀྱི་བླ་སྤྲུལ་དང་གྲྭ་བཙུན་ཚོས་རྒྱ་ནག་གཙོས་ཕྱི་རྒྱལ་ ཡུལ་གྲུ་གང་སར་ཆོས་བཤད་པ་ལ་རྒྱ་བླ་ཞེས་སྡང་སེམས་འཛིན་མི་རུང་། རེ་ཟུང་གི་ཞིག་གི་བྱ་སྤྱོད་ངན་པ་སྤྱིའི་སྟེང་དུ་དྲུད་ཡོང་ན། ད་བཟོད་རང་གཞན་གཉིས་ཕོངས། འདི་ཕྱི་གཉིས་མེད་དུ་གྱུར་ངེས་པས་ཀུན་གྱིས་བརྟགས་དཔྱད་ཀྱི་ལས་ལ་འཇུག་སྟེ་ བདེན་རྫུན་གྱི་དབྱེ་འབྱེད་རེ་གང་ཟག་སྒེར་ངོས་ནས་ཨེ་རྙེད་ལྟ་རྒྱུ་ནི་བསམ་ འཆར་འདིའི་དམིགས་ཡུལ་གཙོ་བོ་ཡིན་པས་ཀུན་གྱིས་དེ་ལུགས་དགོངས་མངའ་ཡོད་པར་ཞུ་ ཞུ། མདོར་དྲིལ་ན། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་བཤད་མཁན་ནང་དུ་ལུས་ལ་གཟན་ཤམ་དང་ཆོས་གོས་བསྣམས་ པའི་སྤྱང་ཁུ་དམར་པོ་ལྟ་བུ་ཡོད་ལ། ཕྱི་རུ་ཉན་ཐོས་སྤྱོད་པའི་ཞུ་ཞིང་དུལ་བ་དང་ནང་དུ་རིམ་གཉིས་རྟོགས་པའི་ཉམས་ ལེན་ལྡན་མཁན་གྱི་སྐྱེས་ཆེན་དམ་པ་ཡང་ཡོད་པས་ཚང་མར་རྒྱུག་པ་ལེབ་བརྡུང་བྱ་མི་ རུང་།སྐྱོན་དང་ཡོན་ཏན་ཡོད་པ་དང་ལེགས་ཉེས་ཡག་བཙོག་ཅི་རིགས་ཤིག་ཡོད་པས་དེ་ གཉིས་བསྡུར་ཏེ་གང་མང་ན་དེའི་ཕྱོགས་ནས་གླེང་རྒྱུ་གལ་ཆེན་རེད་སྙམ། བདག་གིས་ཀྱང་ད་ཐེངས་སྐྱོན་ཡོན་གཉིས་ལས་ལེགས་པའི་ཕྱོགས་མང་བའི་ཆེ་ནས་གླེང་བ་ མ་གཏོགས་སྐྱོན་མེད་ཀུན་སེལ་རྐྱང་རྐྱང་རེད་བསམ་པ་ཡེ་ནས་མེད།གུས་པས་འདིར་ཁ་ ཐུག་བྲིས་པས་ནོར་འཕྱུག་ཡོད་སྲིད་པས་དགོངས་འཆར་ལམ་སྟོན་ལྷུག་བརྗོད་གནང་ན་ གནས་ལུགས་མཆིས་ཚེ་བདག་གིས་དང་ལེན་བྱ་ངེས་ཡིན། སྔོན་གྱི་དུས་སུ་ཀཱ་ཤཱིའི་གྲོང་འབོད་པ་ད་ལྟའི་སྐབས་སུ་་གནས་མཆོག་ཝཱར་ཎ་སཱི་ ཟེར་བ་ནས་ཨ་རིག་དགེ་མཐོང་གིས་སྦྱར་བའོ།།

དཔྱད་རྩོམ།

Post navigation

Previous Post: དཔེ་ཆ་ལྟོས་པའི་ཕན་ཡོན། སྒང་བུ་འཁྱམས་པོ།
Next Post: ཁ་བརྡའི་བགྲོ་གླེང་། “རང་སྲེག་གནང་མཁན་མང་ཆེ་བ་ན་ཆུང་གཞོན་ནུ་ཡིན་དོན་ཅི”

Comments (13) on “རྒྱང་རིང་ནས་རྒྱ་བླ་གླེང་བ། ཨ་རིག་དགེ་མཐོང་།”

  1. ཁྱབ་འཇུག says:
    2012-12-21 at 7:07 am

    ཡང་རྒྱ་བླ་ཞིག་ཡིན་པ་འདྲ། ད་ལྟ་རྒྱ་ནང་ནས་རྒྱ་བླ་ཕར་ཞོག་བོད་བླའང་མཐོང་ན་རྒྱ་མི་ཚོས་རྐུན་མ་མཐོང་བ་ནང་བཞིན་བྱེད་པ་དེ་ད་ཁྱེད་ཚོའི་དྲིན་རེད།

  2. ཨ་རིག་དགེ་མཐོང་གིས། says:
    2012-12-21 at 11:34 am

    ཁྱེད་ཚོ་ལབ་ན་སུ་སུ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-21 at 11:52 am

    རྒྱ་བླ་བྱས་པ་ལ་ཟ་སྐལ་ཡོད་མཁན་ཅིག་ཡིན་དགོས་ཚོད་འདུག་གོ །ཧ་ཧ།

  4. ཨ་རིག་དགེ་མཐོང་གིས། says:
    2012-12-21 at 12:56 pm

    གཅིག་ཡིན་ག་ལ་དགོས། ཧེ་ཧེ།

  5. ངོ་ལུག says:
    2012-12-21 at 4:43 pm

    རྒྱ་བླ་མང་ཆེ་ཡག་པོ་བཟང་པོ་ཡིན་ངེས། ཡང་ལྟོ་དང་ཁང་གླ། དངུལ་ཁུག་སོགས་ཀྱི་ཆེད་དུ་ཨུ་ཚུགས་ཀྱིས་བོད་ལ་མི་དགའ་རྒྱ་ལ་དགའ་མདོག་དང་། ཚེ་འདི་ཙམ་གྱི་ཆེད་དང་གྲུབ་མཐའི་ཞེན་ཁོག་ཞིག་གི་འོག་ནས་གོང་ས་མཆོག་ལ་མངོན་ལྐོག་གང་རུང་ནས་བསྐུར་བ་འདེབས་མཁན་རེ་གཅིག་རེ་གཉིས་ཡོད་པ་དེ་དག་ནི་སྙིང་རྗེ་ཅེས་མ་ནི་འདོན་སའི་ཡུལ་ཡིན་པ་དང་། གོང་ས་མཆོག་གིས་མི་སྡུག་པོ་རེ་གཅིག་རེ་གཉིས་ནི་སྤྱི་ཚོགས་གང་རུང་ཁྲོད་དུ་ཡོད་པ་རེད་གསུངས་པ་བཞིན་རྒྱ་བླ་དེ་དག་ལ་སློབ་གསོ་རེ་བྱེད་ཐུབ་ན་ཟླ་བ་ནགས་ཕྱོགས་ནས་དཀར་ཕྱོགས་སུ་ཕྱོགས་པའི་དགེ་མཚན་ཡོད་པས་དགེ་མཐོང་ལགས་ཀྱིས་ཀྱང་དེ་ཐད་ལ་འབད་པ་གནང་གི་ཡོད་ས་རེད། རྒྱབ་སྐྱོར་ཡོད།

  6. ལོག་སྨྲ་ཚར་གཅོད། says:
    2012-12-22 at 12:00 am

    གོང་དུ་ཨ་རིག་དགེ་མཐོང་མཆོག་ནས་བརྗོད་བྱ་དོན་དངོས་དང་མཐུན་མིན་གང་ཡིན་ཡང་ཞིབ་འཇུག་དང་བརྟགས་ཤིང་དཔྱད་ནས་བཤད་འདུག་པས་ཡི་རངས་ཡོད།

  7. ཨ་ཕྱི་ཆོས་སྒྲོན says:
    2012-12-22 at 12:14 am

    རྒྱ་བླ་དེ་ཚོ་ཡག་པོ་འདུག་བསམ་ཡོད། རྩོམ་པ་པོ་ལ་བསྔགས་བརྗོད་ཡོད།

  8. མང་ཐོས། says:
    2012-12-22 at 9:58 am

    ཨ་རིག་དགེ་སློང་གིས་བཤད་པ་ལ་བདེན་ཆ་འདུག ཡིན་ན་ཡང་། རྒྱ་བླ་ཚོས་ཕྱིར་དགོན་པར་ཡོང་ནས་རྒྱུ་ངོམ་ཐེངས་རེ་བྱས་ནས་ཕེབས་ཤུལ་ན། དཔེ་ཁྲིད་བྱེད་བཞིན་པའི་དགེ་བཤེས་མང་པོས་དགེ་ཕྲུག་སྐྱོང་མཚམས་བཞག་པ། དཔེ་ཆ་ལྟ་བཞིན་པའི་སློབ་གཉེར་བ་མང་པོས་དཔེ་ཆའི་ཤོག་སླེབ་སྒྱུར་མཚམས་ཆད་སོང་བ་མང་པོ་མཐོང་རྒྱུ་གོ་རྒྱུ་ཡོད། བྲེལ་འཚུབ་འཚུབ། འུར་ཟིང་ཟིང་། རྒྱ་བླར་འགྱུར་བའི་སྟ་གོན་བཤམས་བཞིན་འདུག

  9. ཨ་རིག་དགེ་མཐོང་གིས། says:
    2012-12-22 at 10:08 am

    དྲ་གྲོགས་ཚོས་རྒྱབ་སྐྱོར་ལྟ་བུའི་བསམ་འཆར་མཐོང་བས་དགའ་ཡོད། མང་ཐོས་ཀྱིས་བཤད་པ་དེ་ལ་བསམ་བློ་དན་དན་གཏོང་རྒྱུ་འདུག ཁོམ་སྐབས་ཤིག་ལ་བདག་གིས་དེའི་སྐོར་ཅིག་གླེང་བསམ།

  10. ཅོ་ཪི་ཉི་མ། says:
    2012-12-22 at 12:09 pm

    ་ང་ཡང་རྒྱ་བླ་དང་རྒྱ་བླ་ཟེར་ནས་འབོད་མཁན་ཞིག་ཡིན། རྒྱུ་མཚན་འདིས་སྐད་ཆ་ཚིག་ཁ་ཤས་བཤད་ཀྱི་ཡིན། ཨ་རིག་དགེ་མཐོང་ལགས་ཀྱིས་ནུབ་ཕྱོགས་ཡོབ་རོབ་དང་ཨ་མེ་ཀ་རི་ཀའི་ནང་གི་ཆོས་ཚོགས་ཁག་གི་བླ་སྤྲུལ་རྣམས་དང་དགྲ་བོ་གུན་ཁྲན་ཏང་གི་ལུང་པའི་ནང་དུ་ཆོས་བཤད་འགྲོ་མཁན་གཉིས་མཚུངས་བསྡུར་བྱས་འདུག་ཀྱང་འདི་གཉིས་ནི་རྩ་བ་ནས་འདྲ་ས་མེད།
    བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་རྒྱ་བླ་དང་སོག་བླ་རྣམས་ཀྱིས་ཆོས་བཤད་པའི་ཆོས་ཡོན་ཐོབ་ཡོད་པ་རྣམས་ལ་ཞིབ་ཏུ་བསམ་བློ་ཞིག་ཐོངས་དང་། འགོ་འགྲོ་མགོན་ཆོས་རྒྱལ་འཕགས་ནས་བོད་ཀྱི་རྒྱ་བླ་སོག་བླ་ཚོས་བཙུགས་པའི་མཆོད་ཡོན་འབྲེལ་བ་འདིས་ཕན་ཐོགས་འདུག་གམ། འོན་ན་གནོད་སྐྱེལ་འདུག
    སྔ་ནས་ད་ལྟའི་བར་དུ་རྒྱ་བླ་དང་སོག་བླ་ཚོས་ཆོས་བཤད་ནས་བོད་མི་རིགས་ཁ་གསོས་པའི་ལོ་རྒྱུས་མེད་ལ་གསོ་ཐུབ་ཐབས་ཀྱང་མེད། སྤྱིའི་ཆ་ནས་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་ཆོས་བཤད་ནས་སྒོར་མོ་ཕྱི་ནས་རག་གི་ཡོད་ན་དགའ་དགོས་པའི་གནད་དོན་ཞིག་ཅི་ལ་མིན། ཡིན་ཀྱང་ལོ་རྒྱུས་ཀྱི་ཐོག་ཏུ་རྒྱ་བླ་སོག་བླ་ཚོས་རྒྱ་དམག་དང་སོག་དམག་འཁྲིད་ཡོང་ནས་བོད་མི་དམང་དམར་གསོད་བཏང་བཅུག་མྱངས་ཡོད་པར་ལོ་རྒྱུས་ལས་གསལ།་་་་སྐྱུག་དྲོ་བའི་ལོ་རྒྱུས་ཀྱི་རྨ་ཁ་འདི་དག་སྔོན་ཕྱིན་རྒྱ་བླ་དམ་པ་ཚོས་བཟོས་པ་རེད། ་་་་དེང་སང་གི་རྒྱ་བླ་ཚོས་ཐུགས་བསམ་བཞེས་དགོས།

  11. གངས་དཀར་རྒྱལ་སྲས། says:
    2012-12-22 at 11:30 pm

    ཨ་རིག་དགེ་མཐོང་གི་བསམ་ཚུལ་རིང་མོ་འདི་མ་རེད་ཟེར་རྒྱུ་མེད་ཀི་ཡ། སྤྱི་ཚོགས་གང་ཞིག་ཡིན་ཡང་བྱ་བ་ལེགས་ཉེས་སྣ་ཚོགས་མཐོང་རྒྱུ་ཡོད་པ་ནི་སོ་སོ་སྐྱེ་བོའི་གནམ་འོག་ཡིན་པས་ཡིན་རྒྱུ་རེད་ལ། དེ་དག་ནི་སྙན་ངག་པ་ཚོ་དང་རྩོམ་པ་པོ་ཐ་ན་འགྲོ་མིའི་ཚོར་བ་སྣ་ཚོགས་མྱོང་བྱེད་ཀྱང་ཡིན།

  12. བྱང་ཆུབ་། says:
    2012-12-24 at 9:50 am

    བདེན་ནོ་བདེན་ནོ་དགེ་མཐོང་བདེན། ཉི་མ་ཡོད་ལ་མུན་པ་ཡོད་། དགེ་བ་ཡོད་ལ་སྡིག་པ་ཡོད། དཀར་པོ་ཡོད་ལ་ནག་པོ་ཡོད། ཆོས་དགའ་ཡོད་ལ་ཆོས་སྡང་ཡོད། བླ་དགའ་ཡོད་ལ་བླ་སྡང་ཡོད། རྒྱ་དགའ་ཡོད་ལ་བོད་སྡང་ཡོད།

  13. རྡོ་རྗེ says:
    2022-09-01 at 11:25 am

    ང་དང་ང་འདྲ་བས་གང་ཟག་གིས་ཚོད་བཟུང་་་་་་་ཚིགས་བཅད་འདི་བསྐུར་རོགས་གནང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme