Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱག་རེས་དང་རྒྱག་རེས་གླེང་མཁན་ལ་དྲན་སྐུལ་ཇ་ཐོག་མ།

Posted on 2019-07-22 By ཁ་བརྡ 8 Comments on རྒྱག་རེས་དང་རྒྱག་རེས་གླེང་མཁན་ལ་དྲན་སྐུལ་ཇ་ཐོག་མ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཇ་ཐོག་ཏུ་བྲིས།
 
ང་ཚོས་ཉིན་གཉིས་ཀྱི་སྔོན་ལ་ཉི་མ་ལྷ་མོ་གླེང་ནས་ད་དུང་བྲོད་མ་ཡལ་ཙམ་རེད།
དེ་རིང་སྦེལ་ལྗམ་གྱི་ཕོ་སར་འགའི་རྒྱག་རེས་བརྒྱབ་པའི་གནད་དོན་དེས་དྲ་ངོས་ཡོངས་རྫོགས་ཁེངས་པ་ལྟ་བུ་ཞིག་གླེང་སོང་།
དེ་གླེང་ན་ལོས་ཆོག །
ལར་ནས་ངས་ནི་མི་ཚེ་གང་པོར་མི་ཞིག་ལ་འཛིང་མོ་ཙམ་ཡང་བྱེད་ཕོད་མ་མྱོང་མོད།
ཕོ་སར་དང་ཕོ་སར་འཛིང་རེས་ཅུང་ཟད་རེ་བྱེད་པ་འདི་འཛམ་གླིང་གང་དུའང་དར་བས་ཧ་ལས་པ་དང་བློ་ཡུལ་དུ་མ་ཤོངས་པ་ཞིག་རེད་ཟེར་ན་ཁག་པོ་འདུག
།
ཡིན་ན་ཡང་། བྱ་བ་འདི་ཡག་པོ་མ་ཡིན་པ་ནི་ཨ་ཅང་ཅང་།
དེས་ན་ངེས་པར་དུ་རྗེས་ནས་དེ་འདྲའི་གནས་ཚུལ་མ་ཡོང་བ་ཞིག་དགོས་པ་གལ་ཆེ།
ནོར་འཁྲུལ་བཟོ་མཁན་ཚོས་ཀྱང་རང་ཉིད་༧གོང་ས་ཡིད་བཞིན་ནོར་བུའི་སློབ་མ་ཞིག་ཡིན་པའི་ཆ་ནས་ས་ཆ་གང་དུ་ཡོད་ཀྱང་དམིགས་བསལ་གྱི་འགན་འཁྲི་རེ་ཡོད་པ་ཤེས་དགོས།
ཁྱད་པར་དུ། བོད་མིའི་ལས་དབང་གཅིག་གྱུར་གྱི་གནས་བབས་ཀྱི་ངོས་ནས་དེ་བས་ཀྱང་འདི་ལྟ་བུའི་འཛིང་རྩོད་དང་ལག་འཛིང་བྱེད་པ་དེ་མ་འོས་པ་ཞིག་ཡིན་པ་དེ་གཏིང་ཟབ་པོས་ངོས་ཟིན་དགོས།
སྤྱི་ཚོགས་ལ་ཡང་དགོངས་དག་ཐུགས་བདེན་ཞུ་དགོས།
དྲ་གྲོགས་ཚོས་ངན་སྨྲས་དང་སྐྱོན་བརྗོད་གང་འཚམས་རེ་བྱས་ན་ཡང་ཕྱིན་ཆད་དེ་འདྲ་མི་འབྱུང་བར་ཕན་པས་དེ་ལྟར་འོས།
ཡིན་ན་ཡང་དྲ་གྲོགས་ཚོའི་ངོས་ནས་བརྗེད་མི་རུང་བའི་དོན་དག་གཅིག་ཡོད་རེད།
དེ་ནི་ང་ཚོ་ཁོང་ཚོའི་ཐོག་ལ་ཁོང་ཁྲོ་ལངས་དགོས་པའི་རྒྱུ་མཚན་རྩ་བ་དེ་གང་རེད།
དེ་ནི་ཁོང་ཚོའི་བྱ་སྤྱོད་དེས་བོད་པའི་གདོང་ཆུ་ལ་གཡུགས་སོང་།
ཞབས་འདྲེན་ཞུས་སོང་ཟེར་བ་དེ་རེད།
མི་སྔུན་ལ་ངོ་ཚ་ཞིང་སྐྱུགས་བྲོ་བའི་བྱ་སྤྱོད་ཅིག་རེད་ཟེར་བ་དེ་རེད།
དེ་ཡིན་ན། འོ་ན་ག་རེ་བྱས་ནས་ཁོང་ཚོའི་ཞབས་འདྲེན་གྱི་གསར་འགྱུར་དེ་ཚམ་ཚོམ་མེད་པར་དྲ་ཐོག་ལ་ཁྱབ་བརྡལ་དུ་འགྲེམ་སྤེལ་བྱེད་ཀྱི་ཡོད།
གལ་ཏེ་བོད་པ་ནང་ཁུལ་ལ་ཕན་ཚུན་གཏོང་ཙམ་བྱས་ན་ཨོ་ཙམ་རེད། ད་དུང་།
སྐད་ཡིག་གཞན་གྱི་ཐོག་གསལ་བཤད་དང་བཅས་འགྲེམ་སྤེལ་བྱེད་དོན་ག་རེ་རེད།
ཀླད་པའི་ནང་དུ་ཆུ་འཛུལ་བ་འདྲ་མིན་ན།
ངས་བསམ་ན་དེ་ནི་ཕྱི་ནང་མི་ཤེས་པའི་ལས་ཀ་བྱེད་སྟངས་ཤིག་རེད།
ས་མཚམས་མ་ཟིན་པའི་ཐེར་འདོན་བྱེད་སྟངས་ཤིག་རེད། དཔེར་ན།
གསར་འགོད་པ་ཞིག་གིས་དྲག་སྤྱོད་དོན་རྐྱེན་གྱི་གནས་ཚུལ་ཞིག་སྤེལ་དགོས་ན་ཡང་དེ་ཡང་དྲག་སྤྱོད་ཡུལ་དངོས་ཀྱི་ཞེད་སྣང་ཚ་བའི་རྣམ་པ་དེ་ངེས་པར་ཇི་མ་ཇི་བཞིན་སྤེལ་ཆོག་གི་མ་རེད།
ང་ཚོས་ཡུལ་ཤུལ་ས་ཡོམ་གྱི་གནས་ཚུལ་སྤེལ་སྤེལ་བྱས་ནས་མྱི་རོ་ཚང་མ་ས་ཁ་ལ་བསྒྲིགས་ནས་དེ་དཔར་བླངས་ནས་འགྲེམས་སྤེལ་བྱེད་མཁན་ཞིག་ཡོད་མ་རེད།
དེའི་རྒྱུ་མཚན། བྱིས་པ་སོགས་ཀྱི་སེམས་ཁམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད་པ་རེད།
བརྒྱུད་ལམ་ཁག་གི་འགྲོ་སྟངས་རགས་པ་ཙམ་རེ་སུས་ཀྱང་ཨེ་མི་ཤེས།
དེ་ནང་བཞིན་ང་ཚོས་ཀྱང་ནང་ཁུལ་དུ་ཁོང་ཚོའི་ནང་གི་བྱེ་གཏེ་དག་ལ་ངན་སྨྲས་སྐྱོན་བརྗོད་ལོས་ཆོག
།ཁོང་ཚོ་གུ་ཡངས་ཐོངས་ལབ་ཀྱི་མེད། ཡིན་ན་ཡང་། ས་མཚམས་ཟིན་པ་ཞིག་དགོས།
དམིགས་ཡུལ་གྱི་ལྡོག་ཕྱོགས་སུ་མ་སོང་བ་ཞིག་དགོས།
ཚོར་བ་ཙམ་གྱི་དབང་དུ་མ་སོང་བ་ཞིག་དགོས།
ནང་མི་ཞིག་གིས་ནོར་འཁྲུལ་ཞིག་བཟོས་ན།
ཤ་ཉེ་སྤུན་མཆེད་ཚོས་ཞི་དྲག་གཉིས་ཆར་དང་ནུས་ཤུགས་ཡོད་ཚད་ཀྱིས་སྐྱོན་བརྗོད་བྱ་ངེས་རེད།
ཡིན་ན་ཡང་། ཁོའི་རང་མཚང་དང་ནོར་འཁྲུལ་དེ་ཕྱི་ལ་བསྒྲགས་ནས་དེ་ཁོ་ལ་ཆད་པ་གཅོད་པ་དང་སློབ་གསོ་གཏོང་བའི་ཚབ་ཕལ་ཆེར་བྱེད་ཀྱི་མ་རེད།
མཐའ་དོན། ངས་འདིར་ཁོང་ཚོའི་གནས་ཚུལ་དེ་དྲ་ཐོག་ལ་གཏན་ནས་འཇོག་འོས་ནི་མ་རེད་ཟེར་གྱི་མེད།
གསན་ཕྱོགས་མ་ནོར་བ་གནང་རོགས། ཡིན་ན་ཡང་།
དེ་ལ་ཡང་མཚམས་དང་ཚིགས་ཤིག་ཡོད་དགོས་ངེས་རེད་སྙམ། ད་ཤེས་སོང་ངམ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་ནུབ་ཇ་འཐུང་ཞོར་འཕྲལ་བྲིས།(2019/7/21)

བསམ་ཚུལ།

Post navigation

Previous Post: རྒྱལ་ཀུན་ཡུམ་ཆེན་སྤྱན་རས་གཟིགས་ལ་གསོལ་འདེབས་ཕྲེང་བ་དཀར་པོ།
Next Post: ཨོ་གླིང་གི་ཆང་བཤད་པ་ཆུང་ཆུང་བསྟན་འཛིན་འབྱུང་གནས།

Comments (8) on “རྒྱག་རེས་དང་རྒྱག་རེས་གླེང་མཁན་ལ་དྲན་སྐུལ་ཇ་ཐོག་མ།”

  1. ཨ་ཤོ་ཀ says:
    2019-07-22 at 3:13 am

    རྫ་ཚེ་རིང་ལ་བཀྲིན་ཆེ། ངས་མོས་མཐུན་ཡོད། ད་ལན་གནས་ཚུལ་ངས་ཡུ་ཊུབ་ནས་མཐོང་བ་དང་མི་གཅིག་ད་ལ་མང་པིས་རུབ་ཚོགས་ལང་སྟེ་ས་ལ་འགྱེལ་བཏང་། མ་ཟད་མི་དེའི་གཟུགས་པོའི་སྟེང་ལ་མཆོང་རྒྱགས་བྱས། དེ་ཚོ་ནི་ཧ་ཅང་གི་ཐལ་ཆེ་བའི་མ་རབ་ཐ་ཤལ་ཅིག་རེད། གལ་སྲིད་མི་དེ་ཚོས་ཨིན་ཇི་མི་གཅིག་ལ་དེ་འངྲ་བྱས་ཡོད་ན་་་རུབ་ཚོགས་པ་དེ་ཚོ་ཉུང་མཐར་ལོ་གཅིག་ལ་མཙོན་ཁང་ལ་ཞུགས་དགོས་ཀྱི་ཡོད། གང་ལྟར་ཡུ་རུབ་བོད་པའི་ཚོགས་པ་ཁག་ནས་མཉམ་རུབ་ཐོག་ནས་ཁ་རུག་རུག་ཁ་སྤུ་ཤུར་ཤུར་ཟེར་བའི་དཔེ་ལྟར། མུ་དེ་ཚོ་ལ་ངེས་པར་དུ་ཉེས་ཆད་གཏོང་དགོས། ད་ལན་སུས་གཅིག་གིས་ཕཡུལ་དང་། ལུང་ཚན་། ཆོས་ལུགས་ཀྱི་མིང་འཁྱེར་མ་ཡོང་། བུ་གཅིག་པུ་དེ་ས་འགྱེལ་བ་ཅན་དེར་། སྙིང་རྗེ་དང་ཤ་ཚ་གནང་རོག། རྒྱབ་སྐྱོར་གནང་དགོས། གནད་དོན་ག་རེ་ཐུག་ཡོད་ནའང་འདི་འདྲ་ཞིག་བྱས་ཚར་དུས་མི་རུབ་ཚོགས་དེ་ལ་ནག་ཉེས་༡༠༠% བྱུང་ཚར་རེད། ཚང་ནས་གཟབ་ནན་ Tibet stars YouTube བཟོ་མཁན་དེ་ནི་དཀྲུགས་ཤིང་དང་། གནོད་སྐྱོན་མ་གཏོགས་ཕན་པ་སྤུ་ཙམ་མུ་འདུག ད་གཟིགས་དང་། བོད་པའི་དགོན་སྡེ་མཚང་རྡོལ་བྱེད་། ཡང་དེ་སྲུབ། ད་དེ་མི་དེ་ནི་རྒྱབ་ལྗོངས་ལ་ཡིད་ཆེས་བྱུང་མ་སོང་།
    བུ་ནད་པ་དེ་ལ་ཚང་མས་རྒྱབ་སྐྱོར་གནང་དགོས་

  2. འབྲོང་བུ་སོག་ཚ། says:
    2019-07-23 at 10:44 am

    འུ་ཅག་བོད་པ་ཚང་གི་རང་གཤིས་ངོ་མ་གང་ཡིན་ཕྱིར་འདོན་པར་ཁྱད་པ་ཧ་ཅང་མེད་མོད། ཡིན་ནའང་གནས་སྟངས་འདི་འདྲ་ཞིག་གི་ནང་དུ་བྱེད་སྟངས་འདི་འདྲ་ཞིག་ནི་ཆེས་ཐ་ཤལ་ལས་མ་འདས། མ་གཞི་སྤྱི་ལོ་ ༡༩༤༠ ཡས་མས་སུ་འཛམ་གླིང་གི་ཡུལ་ལུང་གཞན་ལག་ཏུ་སོང་བ་རྣམས་ཚུར་རང་བཙན་ལོན་པའི་དུས། ངེད་བོད་པ་ཚང་ཕར་བསྐྱེལ་བའི་དུས་སྐབས་ཡིན་པས་གནད་འགག་དེའང་ལས་སྟངས་འདི་འདྲ་ཞིག་ལ་ཐུག་པ་མིན་ནམ་དྲན། ཨ་ཁ་ང་ཚོ་བོད་པ།

  3. གནམ་ལྕགས་རྡོ་རྗེ། says:
    2019-07-23 at 12:16 pm

    ཞེ་སྡང་ནི་ཡག་པོ་ཞིག་མིན་པ་འཛམ་གླིང་ཡུལ་མིས་ཀུན་གྱིས་ཤེས་གསལ་ཡིན།
    ཕོ་སར་དེ་དག་ཞེ་སྡང་གིས་གཟི་ནས་རང་སེམས་མི་ཤེས་པའི་ནག་ཐོམ་ནང་དུ་ལག་པ་གང་བྱུང་དུ་གཡུག་མཁན་ལྟ་བུ་ཞིག་མཐོང་བྱུང་།
    ཁག་མེད། ཉོན་མོངས། ཞེ་སྡང་རེད།
    དེ་མིན་མི་སེམས་ཡོད་ཅིག་ཡིན་ན་ངོ་མ་ཚེ་སྲོག་གི་སྟེང་དུ་འདི་འདྲ་རྒྱག་མི་ཕོད་གདའ། ཨ་མ་མ།

  4. བདེ་འཇགས་ཕོ་ཉ། says:
    2019-07-24 at 12:59 am

    ཨ་རོག མྱི་འདང་ཆ་ག སྐད་ཆ་བཤད་ན། ལས་རྒྱུ་འབྲས་དང་མཐུན་དགོས་ཡ། བརྙན་དེའི་མགོ་ནས་མཇུག་བར་བལྟས་ན། དེ་ནི་རྒྱག་རེས་ཤིག་མ་རེད། ཐུབ་ཚོད་རེད། ང་ཚོའི་ཕ་ཡུལ་དུ་རྒྱག་རེས་ལབ་ན། ཕན་ཚུན་གཉིས་ཀས་གཅིག་གིས་གཅིག་ལ་གཞུ་རེས་བྱས་པ་ལ་རྒྱག་རེས་ཟེར། འདི་བལྟས་བལྟས་མར་མང་པོ་ལོག་ནས་གཅིག་ལ་རུབ་རྡུང་བྱས་ནས་ཤ་ཉོག་རུས་ཉོག་ལ་བཏང་ནས་ལང་རྒྱུ་མེད་པར་བཟོས་སོང་། ངས་བལྟས་ན་འདི་མི་ལ་ཐུབ་ཚོད་བཏང་བ་རེད་མ་གཏོགས། རྒྱག་རེས་ཤིག་གཏན་ནས་མ་རེད་འདོད་ཀི

  5. བོད་ལ་དགའ། says:
    2019-07-24 at 4:24 pm

    ཁ་བྱང་ནོར་འདུག་ རྒྱག་རེས་མ་རེད། དེ་ལ་རུབ་རྡུང་ཟེར།

  6. AྀBHARU JIGWANG says:
    2019-07-29 at 11:01 pm

    དགྲ་དགའ་གཉེན་སྡུག་གི་གནས་ཚུལ་བྱུང་བ་དེ་ནི་སེམས་སྐྱོ་དགོས་ཡ་རེད།
    རང་ཡུལ་མི་བསམ་སོ་སོ་གང་དུ་བསྡད་ཡོད་ངེས་པར་ཤེས་པར་གྱིས།
    ཤེས་ཡོན་འཇོན་ཐང་གང་ཡང་མེད་པ་མ་ཡབས་སྤྱོད་པས་གང་བ་ནི་བློ་ཕམ་དགོས་པ་རེད།

  7. ཨ་ཁུ་འབྲོག་པ། says:
    2019-08-06 at 2:44 pm

    ཕྱོགས་གཅིག་ནས་གློག་བརྙན་འཁྲབ་པ་ལྟར་རུབ་བརྡུང་བྱེད་ཕོད་སར། ཕྱོགས་གཞན་པ་དེས་གློག་བརྙན་བསྟན་མི་ཕོད་པའི་བསམ་མནོ་སྙིང་འཇེབས་པོ་དེ་འདྲ། བློ་བུར་འཁོར་རྒྱུ་རང་གཞན་རོགས་གསུམ་ཚང་མར་དཀའ་མོ་རེད། རང་ཐོག་ཏུ་བབ་ན་རྫ་ཚེ་རང་ཡང་ལྟོ་འགྲངས་ཉི་མས་དྲོས་དུས་ཀྱི་ཆོས་པ་དེ་འདྲ་འོང་མིན་ཅི་ཤེས། ཧའུ་ཡོང་བཟོ་མི་གདའ། འགོ་བརྗོད་བྲི་སྟངས་ལ་བལྟས་ནའང་དཀའ་མོ་ཡིན་བཟོ་གདའ།

  8. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-06 at 5:36 pm

    མི་གཅིག་ལ་མི་མང་རུབ་ན་དེ་ལ་དཔའ་བོ་ཟེར་ལེ་མིན།
    རྟ་གཅིག་ལ་རྟ་མང་རུབ་ན་དེ་ལ་མགྱོགས་པ་ཟེར་ལེ་མིན།
    ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་གོང་ས་མཆོག་
    ནས་བཀའ་སློབ་ག་ཚོད་གནང་ཡོད་པ་དེ་ཕོ་གསར་དེ་ཚོའི་
    ཡུ་རོ་དང་ཌོ་ལར་གྱིས་ཟི་ནས་མ་ཐོས་མ་ཚོར་ནས་ཁྱི་འཁྲུགས་
    རྒྱག་པ་ནི་ཡུལ་མིའི་མདུན་ངོ་ཚ་དགོས་པ་་ཞིག་ལས་མ་འདས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme