Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ། གཏམ་དཔེ།

Posted on 2012-06-162012-06-16 By dhatsenpa 25 Comments on རྒྱ། གཏམ་དཔེ།

རྒྱ་རྒྱ་ཡུལ་དུ་སྐྱིད། བོད་བོད་ཡུལ་དུ་སྐྱིད།

རྒྱ་རྒྱ་ནང་དང་ཉ་ཆུ་ནང་།

རྒྱ་ཡི་ཇ་ཞན་ལེ་ཡིན་དང་། བོད་ཀྱི་ཆུ་ཞན་ལེ་ཡིན།

རྒྱ་ཡི་ཇ་ཉོབ་རེད། བོད་ཀྱི་ཆུ་ཉོབ་རེད།

རྒྱ་ལ་འགྲོ་བར་རྒྱུ་དགོས། རྒྱུ་མ་རྒྱོང་བར་ཁྲག་དགོས།

རྒྱ་ཇ་ཁ་ལ་འཐུང་དུས། སྨུག་ཆུང་དྲེའུ་མི་བརྗེད།

རྒྱ་མགོ་མཐོ་དུས་རྒྱ་མགོ། བོད་མགོ་མཐོ་དུས་བོད་མགོ།

རྒྱ་ལྷ་ཁང་གི་དགེ་སློང་བྱེད་པ་ལས། ཆུ་སུམ་མདོའི་ཀོ་མོག་བྱེད་པ་དགའ།

རྒྱ་ཉལ་ན་སྟག་ཉལ་ཉལ། བོད་ཉལ་ན་ཁྱི་ཉལ་ཉལ།

རྒྱ་རོང་བ་གཉིས་ལ་ཞད་ཅིག སྒྱིད་པའི་ནང་ན་གུག་ཅིག

ཨ་ཅེ་རྒྱ་མོ་ཡག་གི་ཟེར་ན། ཁ་ལག་ཉིས་བཀྲུ།

རྒྱ་ཡིག་ཐོག བོད་ཚིག་ཐོག

རྒྱ་ཞག་ཅིག་འདུག་སར་མཁར་རྫོང་། བོད་ཚེ་གཅིག་འདུག་སར་ཐལ་ཕུང་།

རྒྱ་སྐྱིད་སྐྱིད་བོད་མི་སྐྱིད། རྒྱ་སྡུག་སྡུག་བོད་མི་སྡུག

རྒྱ་ཟ་ཁ་གྲགས། བོད་ཉལ་ཁ་གྲགས།

རྒྱ་ཤ་ཟན་གྱི་ཁ་ལ་མ་ལྟ། བོད་ཆང་འཐུང་གི་ངོ་ལ་མ་ལྟ།

མཚར་གཏམ།, སྣ་ཚོགས།

Post navigation

Previous Post: འཇིག་རྟེན་མི་ཆོས།
Next Post: རྒྱལ་ཡོངས་སྔ་འགྱུར་གྲོས་ཚོགས་འཛུགས་དགོས།།

Comments (25) on “རྒྱ། གཏམ་དཔེ།”

  1. བོད་ལ་ཞེན། says:
    2012-06-16 at 12:04 pm

    རྒྱ་མོ་ཤ་དཀར་ཡང་ནད་མང་།། རྒྱ་ལ་གཡོ་ཡོད་ཀྱང་ཁོག་མེད།།

  2. འབའ་བློ says:
    2012-06-16 at 12:22 pm

    རྒྱ་སྤོ་ལེང་ན་སུ་སྐྲག རྒྱ་འཇེ་ཁུར་ན་སུ་ལ་འཛག

  3. tashi says:
    2012-06-16 at 12:43 pm

    གོང་གི་གཏམ་དཔེ་དེ་ཚོས་རྒྱ་མི
    ་རིགས་དེ་དཀའ་ལས་རྒྱག་མཁན།
    བོད་པ་དེ་ཚོ་ཉལ་འདུག་མཁན་གོ་གི་འདུག དེ་བདེན་པ་རེད།

  4. རི་རྒྱལ་ཏི་སེ། says:
    2012-06-16 at 1:08 pm

    རྒྱ་ནག་གོང་མ་གཟི་བརྗིད་ཆེ། །བོད་རྗེ་བཙན་པོ་དཔའ་ཉམས་ཆེ།།
    རྒྱ་མིའི་གཙང་སྦྲ་ཕྱི་ལ་བྱེད། །བོད་པའི་གཙང་སྦྲ་སེམས་ལ་བྱེད།།
    རྒྱ་མཇེ་དཀར་པོ་ཤིང༌། །བོད་མཇེ་ནག་པོ་ལྕགས།།
    རྒྱ་མོ་སྟུ་དཀར། །བོད་མོ་བློ་དཀར།།

  5. མགོན་པོ་ཕྱག་གཉིས་པ། says:
    2012-06-16 at 4:39 pm

    ཨ་འཆང་ཆངས་ལོ་ཤུར་རུ་རུ། རྒྱ་རྒན་རླིག་པ་ཅུར་རུ་རུ།
    བྱིས་པ་ཚོས་ཆངས་ལོ་ཟེར་བ་ཞིག་ས་ཁར་བུད་པའི་མེ་ཏོག་དང་ལོ་མ་ཚོམ་བུ་རྣམས་མཉམ་དུ་བཟུང་ནས་གོང་གསལ་ལྟར་ཁ་ནས་བརྗོད་བཞིན་ཡར་འཐེན་ན་ནར་གྱིས་ཡར་ཕྱུང་ཐུབ་ཐུབ་པ་ཞིག་ཡོད། ཤུར་རུ་རུ་དང་ཅིར་རུ་རུ་ཡི་དག་ཆ་ཅི་ལྟར་ཡིན་མི་ཤེས།

  6. མགོན་པོ་ཕྱག་གཉིས་པ། says:
    2012-06-16 at 7:48 pm

    རྒྱ་ཤེས་རབ་ཀྱི་བདག་པོ། བོད་སྙིང་རྗེ་ཡི་བདག་པོ།

    རྒྱ་དོགས་པས་ཕོངས། བོད་རེ་བས་ཕོངས།

  7. ཚངས་པ། says:
    2012-06-16 at 11:27 pm

    རྒྱ་མོ་ཤ་འཇམ། བོད་མོ་གཤིས་ཀ་འཇམ།
    རྒྱ་མོ་འཁྲུལ་ཚ། བོད་མོ་འོག་འདེགས་ཚ།
    རྒྱ་མོ་སྟུ་གྲང། བོད་མོ་སེམས་དྲང།

  8. དྲང་པོ། says:
    2012-06-17 at 12:36 am

    ངའི་རྒྱ་ནག་དང་འབྲེལ་བའི་གཏམ་དཔེ་འདི་དག་ལ་རིགས་གཉིས་ཡོད།

    “རིགས་དང་པོ། བོད་པ་སེམས་ཤུགས་སློང་བ།”

    རྒྱ་དཀའ་ལས་སྔོན་ལ་རྒྱབ་པ་ལ། བོད་སྐྱིད་པོ་སྔོན་ལ་གཏོང་ལེ་རེད།

    རྒྱ་དམག་འགྲབ་སྒྲིགས་དུས། བོད་སྟོན་མོ་སྒུགས་ནས་སྡོད།

    རྒྱ་མི་ཡུལ་དབང་དུ་བསྡུ། བོད་ལྷ་ཡུལ་བདག་རེ་བྱེད།

    རྒྱ་སྒོར་མོ་གསོག་པ་ལ། བོད་མ་ནི་གསོག་ནས་སྡོད།

    རྒྱ་དཔོན་པོས་དབང་ཁྲིམས་བསྡམ་ནས་སྡོད། བོད་བླ་མས་སྙིང་རྗེ་བཤད་ནས་སྡོད།

    རྒྱ་འཛམ་གླིང་དབང་དུ་བསྡུ་སྐབས། བོད་ཞི་བདེའི་ཚོགས་འདུར་བྲེལ།

    གཉིས་པ། ལག་ལེན།

    རྒྱ་ལ་དམག་བྱུས་སྟོང་ཞིག་ཡོད། བོད་ལ་སྒོམ་རིམ་ཁྲི་ཞིག་ཡོད།

    རྒྱ་བཙན་འཛུལ་གདིང་སྐབས། བོད་ལྷ་ཀླུ་གསོལ།

    རྒྱ་དམག་གྲུ་བཟོ་དུས། བོད་དཀྱིལ་འཁོར་བཞེངས།

    རྒྱ་དམག་སྦྱོང་། བོད་རྟགས་བསལ།

    རྒྱ་ཚོང་པ། བོད་བླ་མ།

    རྒྱ་དཔོན་པོར་དགའ། བོད་བླ་མར་དགའ།

    རྒྱ་གོང་མ། བོད་བླ་མ།

    རྒྱ་འཆར་གཞི་གདིང་སྐབས། བོད་ཉལ་ས་བཟོ།

    རྒྱ་ལ་ཡོད་པ་ཁྲི་རེད། བོད་ལ་མེད་པ་འབུམ་རེད།

    རྒྱ་ཕྲུག་ལག་རྩལ་ཤེས་དགོས། བོད་ཕྲུག་ཁ་འདོན་ཤེས་དགོས།

    རྒྱ་མོར་འཇོན་རབས་བཤད་ན་འོ་སྦྱིན།
    བོད་མོར་མེད་རབས་བཤད་ན་སྟུ་སྦྱིན།

  9. དགེ་ལེགས། says:
    2012-06-17 at 5:01 am

    རྒྱ་དོགས་པས་ཕུང་། བོད་རེ་བས་ཕུང་།

  10. དགེ་ལེགས། says:
    2012-06-17 at 5:03 am

    སྲིད་ལ་རྒྱ་ཞིབ། ཆོས་ལ་བོད་ཞིབ།

  11. གནམ says:
    2012-06-17 at 5:11 am

    རྒྱ་ལ་སྡུག་གི་ཁོག་རྩིས་མང་།། བོད་ལ་སྐྱིད་ཀྱི་ཞབས་བྲོ་མང་།།
    ཁྱི་རྒན་སྒོ་ཁ་ན་ཡོད་ན།། རྒྱ་རྒན་གོ་ཁ་ནས་མི་འགུལ།།
    བོད་འདྲེ་རྒྱ་ལ་མི་གནོད།། རྒྱ་འདྲེ་བོད་ལ་མི་གནོད།།
    རྒྱ་སྐྱག་རེད་ཁྱི་སྐྱག་ལ་རྔ་མ་མེད།།
    རྒྱ་རྒན་སྤྱང་པོ་ངུ་ནི་མང་།། འབྲོག་པ་བློང་རྒན་ཤི་ནི་མང་།།
    ས་གྲུ་བཞི་རྒྱ་ལག་ཤོར་སོང་ན།། བུ་ཚེ་ཐག་རིང་ཡང་དགའ་རྒྱུ་མེད།།
    རྒྱ་མོའི་ལག་ཕྱིས་ཁ་གང་།། གང་ལ་བཞག་ན་གང་མཛའ།།
    རྒྱ་ལ་དགོས་ནོ་རྒྱུ་རེད། བོད་ལ་དགོས་ནོ་ཆོས་རེད།།

  12. མདའ་བ་ཚང་། ལྷ་མོ། says:
    2012-06-17 at 7:45 am

    རྒྱ་རྒྱུ། སྒྱུ་མའི་ཟས་བཅའ། བོད་མ་ཀ་ཤི་རྐྱེན།

  13. མགོན་པོ་ཕྱག་གཉིས་པ། says:
    2012-06-17 at 8:16 am

    སྟོད་རྒྱ་གར་ནས་ཆོས་དར། སྨད་རྒྱ་ནག་ནས་ཁྲིམས་དར།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-06-17 at 8:37 am

    འདས་པར།

    བོད་རྒྱལ་དཔའ་བོ།
    རྒྱ་རྒྱལ་ངན་གཡོ།

    བོད་ཕོ་མགོ་རིལ།
    རྒྱ་མོ་རྐང་རིལ།

    ད་ལྟ།

    བོད་པའི་ཆོས་བཟང་།
    རྒྱ་མིའི་སྲིད་ངན།

    བོད་པ་སེམས་སྐྱིད།
    རྒྱ་མི་ལུས་བདེ།

    མ་འོངས་པར།

    བོད་རྒྱ་སེམས་བདེ།
    རྒྱ་བོད་ལུས་བདེ།

    རྒྱ་བོད་ཞི་བདེ།
    འཛམ་གླིང་ཞི་བདེ།

  15. འཇམ་དཔལ་ཚུལ་ཁྲིམས། says:
    2012-06-17 at 10:21 am

    རྒྱ་ལུག་ནང་ལ་མངགས་པ་འདྲ།

  16. ཤུག་པ། says:
    2012-06-17 at 10:22 am

    རྒྱ་མིས་རྒྱུ་སྲུང་། བོད་མིས་ཆོས་སྲུང་།
    རྒྱ་སྒྱུ་མ་མཁན་གྱིས་འཕྲུལ་བསྟན་ན། བོད་ནར་མ་ནོར་གྱི་རྒྱུ་ཤོར།

  17. ལོག་སྨྲ་ཚར་གཅོད་ནས། says:
    2012-06-17 at 10:52 am

    རྒྱ་དང་བོད་པ་ཁག་ཁ་རེད། ཤ་དང་རུས་པ་སོ་སོར་རེད།
    བླ་མ་གྲྭ་སར་མ་འགྲོ དཔོན་པོ་རྒྱ་ནག་མ་འགྲོ
    རྒྱ་དང་ཐུག་ན་རྒྱ་སྐད། བོད་དང་ཐུག་ན་བོད་སྐད།

  18. གནམ་ལྕགས་རྡོ་རྗེ says:
    2012-06-17 at 11:32 am

    རྒྱ་ལ་རྒྱ་ཆས་འཛའ། བོད་ལ་བོད་ཆས་ཡག།

  19. བཀྲ་རྣམ། says:
    2012-06-17 at 8:22 pm

    རྒྱ་ནག་རྒྱལ་པོའི་མངའ་འོག་ལ། རྒྱ་ཞྭ་མི་གྱོན་ཁག་མེད་ཡིན།
    རྒྱ་སྒྱུར་མ་མཁན་གྱིས་ལས་པ་དེ། བོད་ཆག་སྒོ་ཅན་གྱི་མགོ་ལ་སྐོན།
    རྒྱ་རྒྱལ་རོང་མྱི་ལོ་བཅོ་བརྒྱད་འཁྲུགས། འཁྲུག་དོན་ཨ་སྲག་༼བག་ལེབ༽ལྷེབ་ཅིག་རེད།

  20. རིན་ཆེན་དར་རྒྱས། says:
    2012-06-17 at 11:03 pm

    རྒྱ་ཁེ་བ་ཧ་རྡིབ་པ་བཞིན་དུ།ཧད་དེ་མ་འདུག

  21. སེང་གེ says:
    2012-06-17 at 11:49 pm

    རྒྱ་འབུ་ཟན། བོད་རྩམ་ཟན། རྒྱ་རྒྱ་ཡུལ་དགའ བོད་བོད་ཡུལ་སྐྱིད། རྒྱ་མི་མ་སྤྲེལ་གྱིས་བཟོས་ལེ་དེ། བོད་མི་མིན་ནོར་གྱིས་ཤེས་ལེ་མིན། རྒྱ་ཁ་ནག བོད་ཁ་དཀར།

  22. ལུང་རིགས་རྒྱལ། says:
    2012-06-18 at 2:38 am

    རྒྱ་ལྕགས་རིས་བསྐོར། བོད་གངས་རིས་བསྐོར།
    རྒྱ་སྔོན་པོ་ཡིན། བོད་སྨུག་པོ་ཡིན།

  23. རིན་ཆེན་དར་རྒྱས། says:
    2012-06-18 at 12:25 pm

    རྒྱ་མིན་བོད་མིན།ར་མིན་ལུག་མིན། རྒྱ་མ་བོད། ར་མ་ལུག

  24. དཀོན་ཚེ says:
    2012-06-20 at 8:51 pm

    རྒྱ་སོས་དལ་ན།། བྱ་ཕོ་ཆུ་ཁ།།

  25. དྲང་བདེན་མེ་ལྕེ། says:
    2014-07-11 at 11:16 pm

    རྒྱ་རྒྱ་ཡུལ་དུ་སྡོད་ནས་རྩ་ཁྲིམས་བཟོ།།
    བོད་མི་ཡུལ་དུ་སྡོད་ནས་ནང་འཁྲུགས་བྱེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme