Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རྒན་གྱི་སྐད་ཆ་འདིས་ང་ངོ་ཚ་རུ་བཅུག་བྱུང་།

Posted on 2014-09-162014-09-16 By ཁ་བརྡ་ 5 Comments on རྒྱ་རྒན་གྱི་སྐད་ཆ་འདིས་ང་ངོ་ཚ་རུ་བཅུག་བྱུང་།

སྣང་རྒྱལ་ཤེས་དགེ།
 

《རང་བཙན་གྱི་ལྟ་བ་འཁྱེར་མཁན་ཚོས་དབུ་མའི་ལམ་པ་ཚོ་ལ་སྙིང་སྟོབས་མི་འདུག་ཟེར་བ་དང་། དབུ་མའི་ལམ་པ་ཚོས་རང་བཙན་རྩོད་མཁན་ཚོས་རྒྱལ་བ་རིན་པོ་ཆེར་ངོ་ལོག་བྱས་པ་རེད་ཟེར་ནས་ནང་ཁུལ་མ་མཐུན་པ་བྱེད་མི་ཉན》

༢༠༡༤ཟླ་བ་༩ཚེས་༦ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་བོད་མི་རྣམས་ལ་རྒྱ་རིགས་ཀྱི་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ལ་ལྟ་ཚུལ་ཅི་འདྲ་ཡོད་པའི་སྐོར་ལ་གཏམ་བཤད་ཀྱི་ལས་རིམ་ཞིག་བཀོད་སྒྲིག་བྱས་འདུག་ཅིང་། གཏམ་བཤད་གནང་མཁན་ལ་རྒྱ་རིགས་ཤེས་ཡོན་ཅན་འགའ་ཞིག་གདན་འདྲེན་ཞུས་འདུག
སྤྱིར་བཏང་བྱས་ན་བརྗོད་བྱ་བོད་མིའི་སྤྱི་ཚོགས་ནང་ཁུལ་གྱི་འགལ་ཟླའི་རིགས་མིན་ནའང་། རྒྱ་མི་ཤེས་ཡོན་ཅན་ཞིག་གིས་རྐང་བཙུག་ནས་བོད་མིའི་འགལ་ཟླའི་ཕྱོགས་ནས་གླེང་བ་འདི་ནི་བསམ་གཟིས་ནས་བོད་མི་ཚོར་མཚང་འབྱིན་བྱས་པ་ཞིག་རེད་ཅེས་བཤད་མི་ཐུབ་ནའང་ཉན་མཁན་བོད་པ་ཞིག་ཡིན་པས་ངོས་ནས་གདོང་པ་དམར་པོ་ཆགས་དགོས་པའི་གནས་སྟངས་ཤིག་ཅིས་ཀྱང་རེད་སྙམ།

ང་ཚོས་ཁ་གཏོད་དགོས་ས་དེ་རྒྱ་ནག་དམར་པོའི་སྲིད་གཞུང་དང་དམིགས་ཡུལ་འཛིན་དགོས་པ་ནི་གཞིས་བྱེས་མཉམ་འཛོམས་དང་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་དེ་ཡིན་པ་ལས་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་ཕན་ཚུལ་ལ་ངན་སྨོད་དང་མཐོང་ཆུང་བྱེད་རྒྱུ་དེ་མིན། འོན་ཀྱང་ད་ལྟའི་ཆར་ཚོགས་ཁག་འགའ་ཞིག་གིས་མདུང་རྩེ་ནང་ལ་གཏོད་པའི་གནས་ཚུལ་ཧ་ཅང་ཤུགས་ཆེན་པོར་གྱུར་འདུག་པར་བརྟེན་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་བྱས་རྗེས་དང་དཀའ་ལས་གང་མང་རྒྱག་མྱོང་མཁན་གྱི་ཚོགས་སྡེ་འགའ་རེ་བོད་མིའི་སྤྱི་ཚོགས་ནས་འཕུད་རྒྱུའི་ཉེན་ཁར་ལྷུང་ཡོད།
ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་ཚོགས་སྡེ་མང་ཆེ་བའི་སྣེ་ཁྲིད་པ་འགའ་རེ་མ་གཏོགས་བྱིངས་ན་གནས་པའི་ཚོགས་མི་མང་ཆེ་བ་རང་གིས་རྒྱབ་སྐྱོར་བྱེད་སའི་ཆབ་སྲིད་ཀྱི་ལམ་ཕྱོགས་དེའི་ངོ་བོ་ཤེས་ནས་ཚོགས་མིར་ཞུགས་པ་ཞིག་མ་ཡིན་པར་གང་ཟག་བྱེ་བྲག་པ་དང་ཁེ་སྤོགས་ཡན་གར་བ་ཞིག་ལ་དམིགས་ནས་རྨོངས་ཚོད་དང་ཆགས་ཞེན་གྱིས་དབང་གིས་ཞུགས་པ་ཡིན་པའི་རྐྱེན་གྱིས་གནས་སྟངས་འདི་འབྱུང་གིན་ཡོད་པ་རེད།

ནང་འཁྲུག་གི་གནས་སྟངས་འདི་རྣམ་པ་མི་གསལ་བ་ནས་གསལ་བ་དང་ལྐོག་གྱུར་ནས་མངོན་གྱུར་དུ་གནས་འཕོས་ཏེ་ད་ལྟའི་ཆར་ཕྱི་མི་རྒྱ་རྒན་ཚོས་ཀྱང་བསླབ་བྱ་རྒྱག་དགོས་པའི་ཚད་དུ་སླེབས་པ་འདིས། གཅིག་ནས་བོད་ཀྱི་ཆབ་སྲིད་པར་རློམས་པ་རྣམས་ལ་དོན་དངོས་ཐོག་ཆབ་སྲིད་ཀྱི་ཤེས་ཚད་དང་བློ་གཤོག་ཅི་ཙམ་ཡོད་མེད་གསལ་འདོན་བྱས་པ་དང་། གཉིས་ནས་བོད་ཀྱི་མ་འོངས་པ་འདི་བོད་མི་རང་ཉིད་ཀྱི་དངོས་ནས་ཐག་གཅོད་བྱེད་ཐུབ་མིན་གྱི་སྔོན་བརྡ་གསལ་པོ་ཞིག་མངོན་པ་རེད།

ང་ཚོས་རྒྱུན་དུ་ང་ཚོ་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་ཟེར་བའི་སྐད་ཆ་འདི་གསོབ་ཤུན་ལ་ཚོན་རྩི་བྱུག་པ་ལྟ་བུའི་ཆེས་སྙིང་པོས་དབེན་ཞིང་རང་མགོ་སྐོར་བའི་འུད་སྟོང་ཞིག་དང་། ལྟག་ཆུ་ཆད་པའི་རྫིང་བུ་དང་ཐན་པ་ཕོག་པའི་སྙེ་མ་བཞིན་དུ་སྲོག་རྒྱུན་ཐུང་ཞིང་རེ་ལྟོས་དབེན་པའི་སྐྱོ་གར་ཞིག་ཡི་པ་ཧ་གོ་དགོས་ཀྱིན་འདུག་སྟེ། མཐར་ཐུག་གི་ཕམ་ཁ་ཤེས་བཞིན་དུ་གནས་སྐབས་ཀྱི་རྒྱལ་ཁ་གཙོ་གནད་དུ་འཛིན་པ་དང་། རང་ཉིད་ཀྱི་ནོར་བ་ཤེས་བཞིན་དུ་ནོར་བ་ཁས་ལེན་པའི་བློ་སྟོབས་མེད་མཁན་ཁྱུ་གཅིག་གིས་སྤྱི་ཚོགས་འདིའི་བཞི་མདོ་མང་པོ་ཞིག་བཀག་ནས་འདུག་པས། དེ་དག་གི་རྗེས་འཇུག་རྨོངས་འཐོམ་པ་དག་ལ་བླངས་དོར་གྱི་ཤེས་རབ་སྤེལ་རྒྱུ་ནི་ཆེས་དཀའ་བ་ཞིག་དང་གང་ཟག་སྒེར་ལ་མཚོན་ན་ཆེས་ཉེན་ཁ་ཅན་ཞིག་ཡིན་པ་ནི་འདས་པའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བ་སྐྱེལ་སྟངས་དེས་གསལ་བཤད་བྱས་ཡོད།

ངོ་ལ་ཚོར་བ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་རྒྱ་རྒན་གྱི་སྐད་ཆ་འདིས་ངོ་གདོང་ཚ་བེར་བེར་ཞིག་དང་། སེམས་ལ་འདུ་ཤེས་ཡོད་མཁན་ཞིག་ཡིན་པའི་ངོས་ནས་རྒྱ་རྒན་གྱི་སྐད་ཆ་འདི་སེམས་རྩ་གྲང་ཤུར་ཤུར་ཞིག་ཏུ་མི་འགྱུར་བ་ག་ལ་སྲིད།

གང་ལྟར་བོང་བུའི་ནང་ཆ་ཕྱི་ལ་བཀྲམ་ཟིན་པའི་དེ་རིང་གི་ཉིན་མོར། ང་ཚོར་དགོས་པ་ནི་གཅིག་སྒྲིལ་དང་བསམ་ཤེས། སྤོབས་པ་དང་མིག་རྒྱང་བཅས་ཡིན་པས། ཆབ་སྲིད་ཀྱི་ལྟ་བ་འགལ་ཟླར་ལངས་པ་འདི་དམངས་གཙོའི་རྒྱན་དུ་འདོད་མཁན་ཚོས་ཅིས་ཀྱང་རྒྱན་ཆ་འདི་རྒྱན་ཆར་འགྲོ་བ་ཞིག་བྱས་ཏེ། མི་འགྱང་བར་སྡེ་ཁག་ཕན་ཚུན་འཆམ་མཐུན་དང་གུས་ཞབས་ཆེན་པོའི་ངང་གནས་ཐུབ་པ་དང་། དེང་ཕྱིན་ཆད་ཕྱི་མི་ཞིག་དང་ལྷག་པར་དུ་རྒྱ་མི་ཞིག་གི་བསླབ་བྱ་རྒྱག་མི་དགོས་པའི་གནས་སྟངས་བཟང་པོ་ཞིག་ཏུ་འགྱུར་བའི་རེ་འདུན་ཟབ་མོ་དང་བཅས་བྲིས།།

བསམ་ཚུལ།

Post navigation

Previous Post: སི་ཁོལ་ལཎ་ཊྲིའི་ལམ་དབུ་མའི་འབྲས་བུ་དེ་རང་བཙན་ཡིན་ནམ།
Next Post: ས་གནས་བརྒྱད་ཀྱི་གཞོན་ལྷན་གྱི་གསར་འགོད་གསལ་བསྒྲགས།

Comments (5) on “རྒྱ་རྒན་གྱི་སྐད་ཆ་འདིས་ང་ངོ་ཚ་རུ་བཅུག་བྱུང་།”

  1. གནམ says:
    2014-09-16 at 10:13 am

    དགྱ་རྒན་ཚོས་ནམ་ཡིན་ན་དེ་འདྲའི་འདྲ་ཆགས་པོ་འདྲ་བཤད་ནི་རེད། ཁོས་བཤད་པའི་སྐད་ཆ་འདི་ཚོ། སྔོན་མ་ང་དྲུག་ལོར་ལབ་པ་རེད། བོད་མི་ཚོས་བོད་མི་བཅོམ་པ་དེ་ཡག་པོ་མ་རེད། ང་ཚོས་ཁྱེད་ཚོ་ལ་སེམས་དཀར་བསླབས་བྱ་དང་རོགས་རམ་བྱེད་ཟེར་བ་དེ་ནས་བོད་རྒྱུས་ཤོར་སོངས་བ་རེད།
    དགྱ་ལ་ངོ་ཚ་མི་དགོས། དོགས་དགོས།

  2. སྨུ་ཐག་གི་བུ་རྒྱུད། says:
    2014-09-17 at 1:01 am

    བོད་རེ་བས་ཕུངས། རྒྱ་དོགས་པས་ཕུངས། ད་གཉིས་སྨན་དེ་གཉིས་ཕུངས་ལ་འགྱུར་བཞིན་པ་འདྲ།

  3. འཕྲིན་དོན། says:
    2014-09-17 at 1:44 am

    གང་ལྟར་བོང་བུའི་ནང་ཆ་ཕྱི་ལ་བཀྲམ་ཟིན་པའི་དེ་རིང་གི་ཉིན་མོར། ང་ཚོར་དགོས་པ་ནི་གཅིག་སྒྲིལ་དང་བསམ་ཤེས། སྤོབས་པ་དང་མིག་རྒྱང་བཅས་ཡིན་པས། ཆབ་སྲིད་ཀྱི་ལྟ་བ་འགལ་ཟླར་ལངས་པ་འདི་དམངས་གཙོའི་རྒྱན་དུ་འདོད་མཁན་ཚོས་ཅིས་ཀྱང་རྒྱན་ཆ་འདི་རྒྱན་ཆར་འགྲོ་བ་ཞིག་བྱས་ཏེ། མི་འགྱང་བར་སྡེ་ཁག་ཕན་ཚུན་འཆམ་མཐུན་དང་གུས་ཞབས་ཆེན་པོའི་ངང་གནས་ཐུབ་པ་དང་། དེང་ཕྱིན་ཆད་ཕྱི་མི་ཞིག་དང་ལྷག་པར་དུ་རྒྱ་མི་ཞིག་གི་བསླབ་བྱ་རྒྱག་མི་དགོས་པའི་གནས་སྟངས་བཟང་པོ་ཞིག་ཏུ་འགྱུར་བའི་རེ་འདུན་ཟབ་མོ་དང་བཅས་བྲིས།།

  4. མིག་དམར། says:
    2014-09-17 at 6:41 am

    རུས་ལ་རྐང་ཡོད་པ་དང་། ཤ་ལ་ཁྲག་ཡོད་པ་ཞིག་གི་སྐད་ཆ་རེད། ཡི་རངས་ཡོད།

  5. རྔ་བ་བརྒྱདགསུམ་གཅིག་དྲུག says:
    2014-09-18 at 9:14 am

    རྒྱ་རྒན་ཀྱི་་སྐད་ཆ་འདིས་ང་ཡང་ཐང་ཆད་སོང་། སྣང་ཤེས་ལགས་ཀྱིས་དྲང་གཏམ་ཅི་ཞིག་བཤད་ཡང་ཕན་ཐོག་ནི་མ་རེད།
    རྒྱ་བོད་ལ་དགའ་ནས་ཐུག་པ་སྤྲད་ཀྱི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme