Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མིའི་རྒྱུག་ཁྱིར་གྱུར་བའི་བལ་གཞུང་ལ་ཐུགས་རྗེ་ལན་པོར་ཞུ་དགོས་དོན་ཅི།

Posted on 2009-04-18 By དབང་ཕྱུག་ 10 Comments on རྒྱ་མིའི་རྒྱུག་ཁྱིར་གྱུར་བའི་བལ་གཞུང་ལ་ཐུགས་རྗེ་ལན་པོར་ཞུ་དགོས་དོན་ཅི།

གངས་ཕྲུག་རྨས་མ།

ཉེ་ལམ་བལ་ཡུལ་དུ་གནས་སྡོད་བྱ་བའི་བོད་མི་སྤྲེལ་ལད་པ་འགས་དམར་ཤོག་གི་ལྟ་བ་སྐྱོང་བའི་བལ་གཞུང་གསར་བར་མི་ལོ་ལྔ་བཅུའི་རིང་བོད་མི་སྐྱབས་བཅོལ་བར་མཐུན་རྐྱེན་རོགས་རམ་གནང་བར་ཐུགས་རྗེ་ལན་པོ་ཞུ་རྩིས་ཡོད། སྤྱིར་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་སྤྲོད་མ་ནུས་རུང་དྲན་པ་དེ་འགྲོ་བ་ཡོངས་ཀྱི་ཆོས་ཉིད་དུ་འདོད་མོད། མའོ་དམར་ཤོག་པས་བལ་ཡུལ་ནང་དུ་མི་ལོ་ཉི་ཤུའི་རིང་ཉམ་ཆུང་གི་ཡུལ་མིར་བརྡབ་གསིག་བྱས་པའི་བརྒྱུད་རིམ་ཁྲོད། བོད་པའི་དགོན་སྡེ་ཁག་དང་བཟོ་གྲྭ་ཁག་ལའངས་སུན་པོ་ག་ཚོད་བཟོས་ཡོད་པ། ཁྱད་པར་དུ་ལོ་སྔོན་མར་བོད་མི་སྐད་འབོད་པར་བལ་གཞུང་དམག་མིའི་དབྱུག་རྩལ་སྦྱོང་ཡུལ་བྱས་པ་དང་། ད་དུང་སྣེ་ལེན་སྐུ་ངོ་དང་བུད་མེད་ཚོགས་གཙོ་གཉིས་ཉེས་མེད་བཙོན་འཇུག་བྱས་པ་སྤྲེལ་ལད་པ་དག་གིས་བརྗེད་སོང་བ་མ་ཟད། འདི་ལོའི་སུམ་བཅུའི་དུས་དྲན་སྔོན་བོད་མི་ཉེས་མེད་བཅུ་གཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཧ་གོ་མེད་པ་འདྲ། རྒྱུན་དུ་བོད་མིའི་སྤྱི་ཚོགས་ལ་འཆམས་མཐུན་བྱ་བའི་མི་མང་ལ་ཐུགས་རྗེ་མི་ཞུ་བར་མའོ་ཡི་ལྟ་བ་འཁྱེར་བའི་བལ་གཞུང་གསར་བར་ཐུགས་རྗེ་ཞུ་དགོས་པའི་རྒྱུ་མཚན་ལ་གཞིག་ན། ཁོ་ཚོའི་སེམས་ཁྲལ་ཆེ་ཤོས་དེ་ཁོ་ཚོ་དང་འབྲེལ་ཆེ་བ་དག་ལ་སྔོན་རྒྱལ་པོས་བསྩལ་བའི་ས་ཞིང་དང་ཁང་ཁྱིམ་སོགས་ཕྱིར་གཞུང་བཞེས་བྱེད་པར་དོགས་ནས་སྤྲེལ་ལད་ཀྱི་ཁ་བཏགས་ཤིག་མི་དབུལ་རང་དབུལ་དུ་ཆགས་ཡོད་མི་སྲིད་པ་མ་རེད། སྤྲེལ་ལད་པ་འདི་དག་གི་མི་ཚེ་སྤྲེལ་ལད་དང་རྐུབ་ཀྱག་མཁྲེགས་སྲུང་བྱས་པར་གོམས་པ་ལས་གཞན་འཇོན་ཐང་དང་ལྷག་བསམ་གང་ཡང་མེད་པ་མིག་མཐོང་ལག་ཟིན་དུ་འདོད། ཡང་འདི་དག་འགའ་རེའི་ངག་སྒོ་ན་གང་ཡོད་ཅེ་ན། ང་ཚོ་བལ་སྡོད་བོད་མི་ཚོ་མི་མཐུད་དུ་གནས་ཐུབ་པ་གལ་ཆེ་བ་སོགས་ཀྱི་འཆལ་གཏམ་སྣ་ཚོགས་ལས། སྔོན་རྒྱལ་པོའི་སྐབས་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་བཟོས་པའི་ལམ་ཁ་དེ་རྒྱུན་སྐྱོང་མ་བྱས་པ་དང་མ་ནུས་པ་དེ། ད་ལྟ་བལ་ཡུལ་མཆོད་རྟེན་དང་འཕགས་ཤིང་སོགས་ཀྱི་ཉེ་འགྲམ་ན་བོད་མི་བརྒྱ་ཕྲག་མང་པོར་སྐྱབས་བཅོལ་གྱི་ཐོབ་ཐང་གང་ཡང་མེད་པ་དག་གི་དངོས་ཡོད་དཀའ་ངལ་ལ་གཞིག་ན་གསལ་བོ་རེད། སྤྲེལ་ལད་པ་དེ་ཚོས་སྒེར་དོན་གཙོ་ཉེར་ལ་མགོ་འཁོར་བ་ལས་མ་འོངས་བོད་མིའི་གཞི་རྩའི་བདེ་སྡུག་ལ་བསམ་གཞིགས་བྱས་མྱོང་མེད་པ་ཡང་དངོས་ཡོད་དུ་འདོད། སྤྱིར་ ད་ལྟའི་གནས་སྟངས་འདིར་དགྲ་དགའ་སྤྱད་དང་གྲོགས་སྡུག་སྤྱད་ཀྱི་སྡུག་སྨྲེ་འདོན་འདོད་མེད་མོད། དངོས་ཡོད་གནས་ཚུལ་ཕྲན་ཙམ་ཡིག་ཐོག་ཏུ་འགོད་ཤོར་སོང་བས། གལ་སྲིད་དྲ་གྲོགས་ཚོས་བལ་ཡུལ་བོད་མིའི་གནས་སྟངས་དེ་ལས་མང་བ་ཤེས་འདོད་ཡོད་ན་བསམ་ཚུལ་བརྗེས་རེས་ཀྱི་ལམ་ཁ་འདི་ནས་ཐུག་ཆོག

སྣ་ཚོགས།

Post navigation

Previous Post: སྐུ་ངོ་ཨ་ཏི་ཤཱས་གཞུང་དང་མི་དམངས་ཁ་ཁ་ཡིན་ཟེར།
Next Post: མཁས་དབང་མཁར་རྨེའུ་་བསམ་གཏན་ལགས་སུ་བཅར་འདྲི།

Comments (10) on “རྒྱ་མིའི་རྒྱུག་ཁྱིར་གྱུར་བའི་བལ་གཞུང་ལ་ཐུགས་རྗེ་ལན་པོར་ཞུ་དགོས་དོན་ཅི།”

  1. དཀོན་མཆོག says:
    2009-04-18 at 12:39 am

    སྙིང་རྗེ། སྤྲེལ་ལད་དེས་སྤྲེལ་ལད་འཁྲབ་མཁན་དག་ལ་ཕན་ནའང་དཔེ་མི་སྲིད་པའི་ཡག་པོ་རེད། ངེས་རྒྱུ་ཞིག་ལ་ང་ཚོར་དགྲ་གཅིག་མ་གཏོགས་ཡོད་པ་མ་རེད།

  2. གངས་ཕྲུག་རྨས་མ། says:
    2009-04-18 at 1:22 am

    མཁས་དབང་ཧོར་གཙང་འཇིག་མེད་ལགས་ཀྱིས།
    གཞིས་ལུས་སེང་ཕྲུག་རྒོད་པོའི་ཚོགས་ཀྱིས་མདའ་མཚོན་ཆར་པར་གདོང་ལེན་བྱེད།།
    གཅེས་སྲོག་དྲོན་པོར་ཕངས་པ་མེད་པར་དམར་པོ་ཁྲག་གི་ལོ་རྒྱུས་བསྐྲུན།།
    འོན་ཀྱང་འཁྱམས་འཁྱར་སྐུ་ངོ་དག་གིས་ཉིན་བཞིན་དགའ་སྤྲོའི་གསོལ་སྟོན་ཟ།།
    ང་ཡིས་ཐུགས་སྤྲོའི་ཟན་རྡོག་རེ་རེ་བཙན་གྱིས་མིད་ཀྱང་སླར་ཡང་སྐྱུགས།།
    རང་ངོས་ནས།
    བཀའ་སྤྱི་གཉིས་ལ་ཡིད་ཆེས་སྤྲད་པར་ཁ་འཇམ་མཁས་པའི་སྙན་ཞུ་ཕུལ།
    བཀའ་སློབ་དུམ་གཅིག་བློ་རུ་བཟུང་ནས་རྨོངས་བའི་དམངས་ལ་སྦྲིད་སྨན་སྦྱིན།།
    ཕྱི་དགྲ་གཏུམ་པོའི་མེ་མདའི་འོག་ན་གཞི་སྡོད་དཔའ་བོའི་མཛད་རྗེས་ཡོད།།
    ནང་དགྲ་མགོ་བདེའི་གཡོ་སྒྱུའི་འགྲམ་ན་བྱེས་སྡོད་སྡར་མའི་ལྐོག་ལབ་ཡོད།།

  3. དཀོན་མཆོག says:
    2009-04-18 at 1:44 am

    ང་ཚོས་དཔའ་ངོམས་ས་དེ་གནས་ཡུལ་རྒྱལ་ཁབ་དང་དེའི་མི་མང་མིན། ག་དུས་ཡིན་རུང་རང་ཉིད་བཙན་བྱོལ་བ་ཞིག་ཡིན་ཟེར་ནས་དམའ་ས་དང་གཉོན་ཁུར་རྒྱུ་དེ་གནད་འགག་ཧ་ཅང་ཆེ། དེ་ལས་བཟློག་ན་ང་ཚོར་གནམ་འོག་ལ་མི་ཤོང་བའི་གྱོང་གུད་རེག་ཉེན་ཡོད།

  4. ཉི་འོད says:
    2009-04-18 at 6:34 am

    གངས་ཕྲུག་རྨས་མ་ཟེར་བའི་བཤད་སྟངས་ལ་ཡིད་ཆེས་མེད། བལ་སྡོད་བོད་མིས་མའོ་རྗེས་འབྲང་པར་ཐུགས་རྗེ་ལེགས་གསོལ་ཞུ་རྩིས་ཡོད་པའི་བཟོ་འདྲ་བཀོད་འདུག དེ་བདེན་པ་མིན་པ་ང་ཚོས་ཐག་བཅད་ནས་བཤད་ཐུབ། གཞུང་གང་དང་གང་ལ་བཀའ་དྲིན་རྗེས་དྲན་ཞུ་ན་སྐབས་བབ་གཞུང་འཛིན་ཚོགས་པ་དེར་འབྲེལ་བ་མ་བྱས་ཀ་མེད་རེད། བལ་སྡོད་བོད་མི་ཚོས་བལ་ཡུལ་གཞུང་ལ་མི་ལོ་ལྔ་བཅུའི་རིང་སྐྱབས་བཅོལ་གཡར་བ་བཀའ་དྲིན་ལེགས་གསོལ་ཞུ་བ་མ་གཏོགས་མའོ་རྗེས་འབྲང་པས་ལོ་ངོ་ཉི་ཤུའི་རིང་དམག་འཁྲུག་གྱིས་རྒྱལ་ཁ་ཐོབ་སྟེ་ང་ཚོ་བོད་མི་སྐྱབས་བཅོལ་བར་བཀའ་དྲིན་ཆེན་པོ་བྱུང་ཞེས་ཞུ་འཆར་ཡོད་ཀྱི་མ་རེད། གལ་ཏེ་དེ་ལྟར་ཞུ་གིན་ཡོད་ན་ངས་གངས་ཕྲུག་རྨས་མར་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་ཡིན།
    སྤྱིར་རྒྱ་དམར་གྱི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མིའི་ལས་འགུལ་ལ་བཀག་སྡོམ་བྱས་དང་བྱ་བཞིན་པར་སྐྱོན་བརྗོད་བྱེད་འོས་པ་ཞིག་ཡིན་ཀྱང༌། དེ་བཞིན་མི་ལོ་ལྔ་བཅུ་ཧྲིལ་པོར་སྐྱབས་བཅོལ་གནས་སྡོད་ཀྱི་མཐུན་རྐྱེན་སྦྱོར་བ་དེར་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། དེས་ན་ང་ཚོས་ལེགས་ཉེས་སོ་འབྱེད་ཤེས་པར་བྱས་ཏེ་ཉེས་པ་ལ་སྐྱོན་བརྗོད་དང་ལེགས་ཚོགས་ལ་དགའ་བསུ་ཞུ་དགོས་པ་ལས་ཕྱོགས་ཚང་མར་ནག་པོར་རྩིས་ན་འགྲིག་ཐབས་མེད་པ་ཞིག་ཡིན་སྙམ།

  5. ཀླུ་སྨྱོན། says:
    2009-04-18 at 1:59 pm

    རེད་ལགས། བལ་ཡུལ་གྱིས་རྒྱ་མི་ལ་ངོ་དགའ་བྱེད་ཞོར་བྱེད་ཞོར་བོད་པ་སྐྱབས་བཅོལ་བ་ཉིས་ཁྲི་ལྔ་སྟོང་ཙམ་ཞིག་ལོ་ངོ་དེ་སྙེད་ཅིག་ལ་ཁོ་ཚོའི་རྒྱལ་ཁབ་ཏུ་སྡོད་བཅུག་ཡོད་པ་རེད། འདི་ལས་སླ་བོ་ཞིག་ག་ལ་ཡིན། ང་ཚོ་དང་ཆོས་རིག་གཅིག་པའི་འབྲུག་པ་ཚོས་ང་ཚོར་ཅི་བྱས་སོམས་དང་དེ་ནས་ཤེས་རྒྱུ་ཞིག་ཡོད། བལ་བོ་ནི་རྩ་བའི་ཆ་ནས་ཆོས་རིག་རིགས་གསུམ་ང་ཚོ་དང་ཡོངས་སུ་ཐ་དད་པའི་ཧིན་རྡུའི་རྒྱལ་ཁབ་ཅིག་རེད་དོ།།དེ་དང་མཉམ་དུ་ང་ཚོའི་ཚོང་བ་ཚོས་བལ་བོའི་མི་སེར་སྟོང་ཕྲག་མང་པོར་ལས་ཀ་སྤྲད་པའི་གནས་ཚུལ་དང་། བོད་པའི་བླ་མ་ཚོས་བལ་ཡུལ་གྱི་ནང་བསྟན་ཧ་ལས་པའི་ཡར་རྒྱས་སུ་བཏང་བ་དེ་ཡང་བསུབ་ཏུ་མེད་པའི་བོད་མིའི་གཟི་བརྗིད་ཅིག་དང་ལོ་རྒྱུས་ཤིག་རེད།

  6. གངས་ཕྲུག་རྨས་མ། says:
    2009-04-18 at 11:14 pm

    བཀུར་འོས་པའི་དྲ་གྲོགས་རྣམ་པའི་དགོངས་འཆར་ལ་གུས་པས་ཀྱང་མོས་མཐུན་ཡོད། ཡིན་ནའང་བལ་དམག་གིས་བོད་པ་སྐད་འབོད་པའི་སྟེང་དུ་གདུག་རྩུབ་ཀྱི་རྣམ་འགྱུར་དང་བྱ་སྤྱོད་རེ་རེ་སྤེལ་སྐབས་ཁོང་ཁྲོ་གནོན་ཐུབ་ཀྱི་མི་འདུག་ག
    རྒྱ་ནག་གཞུང་གིས་བལ་གཞུང་ལ་རོགས་དངུལ་ས་ཡ་བྱེ་བ་སྤྲོད་ཀྱི་ཡོད་པ་སུས་བཀའ་དྲིན་ཡིན་པ་ངོས་ཟིན་པ་ཕར་ཞོག བོད་པ་སྐྱབས་བཅོལ་བ་བལ་ཡུལ་དུ་སླེབས་པ་ནས་བཟུང་ཁ་ལག་པར་དྲིན་ཆེ་དང་ལག་པ་ཁར་དྲིན་ཆེ་བ་ཤེས་ཀྱི་མེད་པར་འདོད་ལ། བོད་ནང་གི་བྱམས་པ་ཕུན་ཚོགས་སོགས་ཀྱིས་རྐུབ་ཀྱག་གི་ཆེད་དུ་རྒྱ་དམར་གྱི་རྒྱུག་ཁྱི་བྱས་པ་དང་། བལ་གཞུང་དཔོན་ངན་ཚོས་མི་དམངས་ལ་ཕན་མི་ཐོག་པར་ཁ་རྒྱལ་ཁབ་ཀྱི་ཆེད་དུ་ཁ་གཡར་ནས་རྒྱ་མིའི་རྒྱུག་ཁྱི་བྱས་དེ་གཉིས་ལ་ཁྱད་པར་ཆེན་པོ་མེད་པར་སྙམ། ང་མའོ་དམར་པོའི་གཞུང་ལ་ཁོང་ཁྲོ་ལངས་དགོས་དོན་བོད་པར་གཉའ་གནོན་བྱས་པ་ཁོ་ནས་མིན། བོད་པར་འཆམས་མཐུན་དང་རམ་འདེགས་གང་ནུས་གནང་བའི་ཉམ་ཆུང་གི་ཡུལ་མིར་དཔོན་ངན་དེ་དག་གིས་གཉའ་གནོན་དང་བསླུ་འཁྲིད་བྱ་བར་སྣང་བར་འགྲོ་གི་མི་འདུག རྒྱལ་པོ་སྔོན་མའི་སྐབས་ལྟ་བུ་ཞིག་ཡིན་ན་ངས་དྲིན་ཅན་ལ་དྲིན་ལོག་བྱ་སྲིད་ཀྱི་མ་རེད། ལག་ཏུ་མཚོན་ཆ་ཐོགས་ནས་ང་གསོད་པའི་ལག་དམར་དང་ང་དགྲ་ལ་བཙོང་མཁན་གཉིས་ལ་ངས་ཁྱད་པར་དབྱེ་འབྱེད་མྱོང་མེད། དེ་ནི་ངའི་བསྒྱུར་ཐབས་བྲལ་བའི་རང་གཤིས་གྱོང་བོ་དེ་རེད།

  7. མི་ཞུན་ནས། says:
    2009-04-20 at 6:14 am

    སྐད་ཆ་དག་མོ་ཞིག་སུས་ཀྱང་བཤད་དཀའ་མོ་རེད། དེས་ན་ ངས་བལྟས་ནའང་སྤྲེལ་ལད་པས་གཞུང་ལ་སྤྲེལ་ལད་འཁྲབ་པ་ལའང་རྒྱུ་མཚན་ཞིག་ཡོད་ངེས་རེད། ཁོང་ཚོའི་འཚོ་སྡོད་ཐད་ཀྱི་སྤྲེལ་ལད་ཅིག་ཡིན་ན་དེ་སྨན་དུ་འགྱུར་རྒྱུ་རེད་མ་གཏོགས་དུག་ཏུ་འགྱུར་ཉན་མི་འདུག་ཨང༌། སུས་ཀྱང་གནད་འགག་གི་སྐབས་སུ་རང་གི་མིག་འདུན་ལ་བསམ་བློ་མི་གཏོག་མཁན་ཉུང་ནི་རེད། དེ་བས། གནས་ཚུལ་ལ་རྒྱུས་ལོན་མེད་པར་ཁ་གཏོང་རྐྱང་མ་བྱེད།

  8. གངས་ཕྲུག་རྨས་མ། says:
    2009-04-21 at 3:39 am

    ཧ་ཧ་ཧ་་་་་་་་་་་་གུས་པ་རྨྲ་བརྗོད་ཀྱི་རང་དབང་ལྡན་པའི་ལུང་བར་སླེབས་ཡོད་པར་ངོས་ཟིན་གྱི་ཡོད་པས། གནས་ལུགས་དང་རྒྱུ་མཚན་མེད་པར་ཁྱི་ཟུག་ཟུག་བྱེད་དེ་བས་ཀྱང་ག་ལ་རུང་། དྲ་གྲོགས་མི་ཞུན་གྱི་དགོངས་ཚུལ་ལ་ཁག་མེད། དེང་སང་ཁ་གཅིག་གྲགས་ན་རང་གཞུང་ལ་སྐྱོན་བརྗོད་ཁོ་ནར་གོམས་པའི་མི་མི་ཉུང་བ་ཞིག་ཡོད་ག།

  9. ཚེ་བཀྲ says:
    2009-04-24 at 3:42 am

    བཀྲ་ཤིས་བདེ་ལེགས།

  10. གངས་སེང་། says:
    2009-04-26 at 11:45 am

    བོེད་ཀྱི་མི་དམངས་ཀྱི་མི་དང་ བོད་ཀྱི་རྒྱལ་ཁབས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme