Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བླའི་ཟིལ་ཤུགས་དང་བོད་བླའི་དག་སྣང་།

Posted on 2013-09-112013-09-11 By ཁ་བརྡ་ 10 Comments on རྒྱ་བླའི་ཟིལ་ཤུགས་དང་བོད་བླའི་དག་སྣང་།

ཀ་ཐར་ཚེ་རིང་།

0ལོ་མང་ཞིག་ནས་བཟུང་ཨ་རིར་གནས་སྡོད་རྒྱ་མི་ཞིག་གིས་རང་ཉིད་སངས་རྒྱས་གསུམ་པ་༼རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་༽ཡིན་པར་བརྗོད་ནས་བོད་ཀྱི་བླ་མ་ཆེ་ཁག་ཐམས་ཅད་ཀྱི་ཕྱག་ཡིག་རེག་ཐབས་བྱས་ཡོད་པ་དང་། དེ་རྗེས་དེབ་ཧ་ཅང་མང་པོ་བཟོས་ཤིང་། དེའི་ནང་དུ་དུས་འཁོར་དང་འཇིགས་བྱེད། དམ་ཅན་ཆོས་རྒྱལ། རྡོ་རྗེ་ཕུར་བ་དང་རྟ་མགྲིན་སོགས་གསར་མ་རྙིང་མ་གཉིས་ཀྱི་ཡི་དམ་རྣམས་དང་། རྒྱ་བོད་ཀྱི་པཎ་གྲུབ་ཐམས་ཅད་ཁོ་རང་གི་བཀའ་སྡོད་དང་སྤྲུལ་པའམ། ཡང་ན་བྱིན་གྱིས་བརླབས་པ་ཡིན་མདོག་གིས་ཁོ་རང་གི་པར་གྱི་འོག་ན་བསྒྲིགས་ཡོད་པ་རྒྱལ་ཕྱི་ནང་གང་སར་བཀྲམས་ཡོད་པ་རེད།

0-1འདི་དག་རྒྱ་མི་དེ་གཅིག་པོས་ལས་ཀ་རེད་དམ་ཟེར་ན་མ་ཡིན་པར། བོད་བླ་མང་པོ་ཞིག་གིས་ཀྱང་རྒྱ་མི་དེ་སངས་རྒྱས་གསུམ་པ་ཡིན་ལུགས་ཡིན་ཚུལ་གྱི་ཡི་གེ་མང་པོ་གནང་འདུག དེའི་ཁྲོད་ན་འབུར་དུ་ཐོན་པ་ཞིག་ནི་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཆེས་ཐོག་མའི་ཡོངས་འཛིན་བདུད་མོ་ཆོས་རྗེ་༼མིང་གི་དག་ཆ་མ་ཤེས། གོ་ཚོད་ལ་བདུད་མོ་ཆོས་རྗེ་འདྲ་ཞིག་ཟེར་བཞིན་འདུག་པས་སྒྲ་གདངས་ལས་ཚོད་དཔག་བྱས་ཏེ་བྲིས་པ་ཡིན།༽ཟེར་བ་དེ་རེད།

0-2བདུད་མོ་ཆོས་རྗེས་རྒྱ་མི་སངས་རྒྱས་གསུམ་པ་ཟེར་བ་དེ་རྡོ་རྗེ་འཆང་ཡིན་པར་མ་ཟད། ཀརྨ་པ་ལ་བྱིན་གྱིས་བརླབས་པ་ཁོ་རང་གི་དག་སྣང་གིས་དངོས་སུ་མཇལ་ཚུལ་གྱི་ཡི་གེ་བྲིས་ཤིང་། ད་དུང་བདེན་དཔང་སྟོབས་ཆེན་གྱི་ཆེད་དུ་ཡི་གེ་དེ་ལག་པས་བཟུང་ནས་པར་ཡང་བརྒྱབ་འདུག ཡི་གེ་དེར། ངའི་སྐྱེ་བ་འདིས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་ཐོག་མར་ན་བཟའ་གོན་མཁན་དང་ཡི་དམ་གྱི་དབང་བསྐུར་མཁན་ཡང་ཡིན།

0-3ཉིན་ཤས་སྔོན་དག་སྣང་དུ་ཀརྨ་པའི་དབུའི་ཐད་དུ་རྡོ་རྗེ་འཆང་གསལ་ནས་འོད་ཟེར་འཕྲོས་པས་འོད་ཟེར་གྱིས་ཀརྨ་པར་བྱིན་གྱིས་བརླབས་པར་མཇལ་བ་དང་། མི་རིང་བར་རྡོ་རྗེ་འཆང་ཆེན་གོས་སེར་པོ་དང་། དབུ་སྐྲ་སྟོད་ཁེབས་པ་གཟི་བརྗིད་ཅན་བཞུགས་ཚུལ་གྱི་རྒྱབ་ཏུ་བྲག་རི་དང་། རྫིང་བུ་དང་། ཁང་བཟང་དང་། གུར་གུམ་མེ་ཏོག་དང་། ཤུག་པའི་སྡོང་པོ་སོགས་ཡོད་པར་སྣང་། སོགས་ནས་ཉེ་ཆར་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པའི་ཕྱག་དཔེ་ཐོབ་རྗེས་དེའི་ཤོག་གྲངས་21 པའི་ནང་གི་རྨད་བྱུང་གི་སྣང་བརྙན་མཇལ་བ་སྔོན་གྱི་དག་སྣང་དང་གཅིག་པ་ཡིན་ཚུལ་སོགས་བྲིས་འདུག་པ་པར་རིས་ལྟར་ཡིན་པས་ཀུན་གྱིས་གཟིགས་མཛོད། མཉམ་དུ་རིན་ཐང་ཅན་གྱི་འདྲ་པར་དགུ་ཡོད་པ་ལ་རེ་རེ་བཞིན་པར་གྱི་འོག་ཏུ་འགྲེལ་བཤད་བྱས་ཡོད།
0-40-5

0-60-7

0-8

སྣ་ཚོགས།

Post navigation

Previous Post: གཞས་པ་གཞས་མ་རྩེ་གྲས་ལ་འོས་འཕེན་དུ་ཤོག
Next Post: མི་ཤ་ཟ་བའི་ཕྲ་མེན་མ།

Comments (10) on “རྒྱ་བླའི་ཟིལ་ཤུགས་དང་བོད་བླའི་དག་སྣང་།”

  1. ལུང་རྟོགས། says:
    2013-09-11 at 10:17 am

    འདི་ནི་འདས་ཟིན་པའི་གནས་ཚུལ་ཞིག་རེད། རྟ་རྒྱུག་ཚར་ཐལ་ཚུབས་ཡལ་ཚར་བ་ཞིག་འདིར་བསྐྱར་བཀོད་བྱེད་དགོས་པའི་དགོས་དམིགས་ཅི་ཞིག་ཡིན་ནམ།

  2. བདེན་པ།། says:
    2013-09-11 at 10:42 am

    ས་སྐྱ་གོང་མའི་ཀྱང་རྟགས་ཡིག་གནང་ཡོད་པ་མ་ཟད་བོད་ཀྱི་བླ་མ་ཕལ་ཆེར་གནང་ཡོད་རེད།།

  3. ནམ་མཁའ says:
    2013-09-11 at 11:04 am

    དེང་སང་བླ་མ་ཚོར་སུས་དངུལ་མང་པོ་སྤྲད་ན་བདེན་དཔང་ཡི་གེ་རེག་སླ་བོ་རེད། ཡིན་ཡང་ཁོང་ཚོའི་དག་སྣང་ནི་དངུལ་ལས་བྱུང་བའི་དག་སྣང་ཞིག་ལས་སྡིག་པ་སྦྱངས་ཏེ་དག་པའི་སྣང་བ་ཞིག་མིན། འདིའི་རིགས་ནི་ཤིན་ཏུ་མང་པོ་ཡོད་པ་རེད་དེང་སང་། ཁོང་ཚོ་ལོང་བས་ལོང་པ་ལ་ལམ་ཁྲིད་དེ་གཡང་ལ་མཆོངས་ཀི་འགྲོ་གི་ཡོད་པ་གཅིག་མཚུངས་ཡིན།

  4. བན་དེ་བ། says:
    2013-09-11 at 12:03 pm

    ད་ལྟད་མོ་རེད།

  5. ལུང་རྟོགས། says:
    2013-09-11 at 12:29 pm

    ད་བཤད་ན་བཤད་ན་ཀརྨ་ནག་རིལ་ཐུབ་ས་མ་རེད་དོ། ཁ་སང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་བ་མ་ཟད། སྐུ་འགྲོན་གཙོ་བོའི་གྲལ་རེད་འདུག འབྲི་གུང་ཨ་ཕྱི་སྙིང་གས་ན་ཡང་སྡུག་གྱོང་ཡིན་ས་རེད། ཧཧ

  6. ཨ་ཕྱི་ཆོས་སྒྲོན says:
    2013-09-11 at 1:02 pm

    སྤྲུལ་རྐུ་ལུང་རྟོག་ལགས། སྤྲུལ་རྫུན་ནག་རིལ་དེ་མོས་ཟིག་རེད། ཧ ཧ ལོ་རྒྱུས་ནག་པོ་ཅན་ཚོས་ནང་བསྟན་འདི་འདྲས་བཤིག་ནས་ངོ་ཚ་མེད་པ་ཚོས་ལབ་ལབ་རེད། ༧རྒྱལ་བ་རིན་པོ་ཆེ་དབུ་བསྐོར་བརྫུན་ཞུས་ཚར་ན་ལུང་རྟོག་ཁྱེད་དགའ་ནས་ཤི་ན་ཡང་སེམས་ཅན་མོས་པ་རེད་མོ། དེ་བས་རྒྱལ་བ་འབྲི་གུང་བཀའ་བརྒྱུད་པ་ལ་མཁས་གྲུབ་མང་ནི་རེད་ཀོ །

  7. དབུས་ལྗོངས་དགའ་བ། says:
    2013-09-11 at 2:13 pm

    ཨ་ཕྱི་ལགས། རྒྱ་བ་ཀརྨ་པ་ནག་རིལ་ཡིན་ནའང་འདྲ་སྐྱ་རིལ་ཡིན་ནའང་འདྲ་གང་ལྟར་ཕྲག་དོག་མེ་ལྟར་འབར་བའི་དྲ་འབུ་ཁྱེད་རང་ལྟ་བུས་ཁོང་གི་སྐུའི་བ་སྤུ་གཅིག་ལའང་དོ་བའི་རེ་བ་མེད། ཁོང་གི་མཛད་འཕྲིན་ནམ་མཁའ་ལྟར་རྒྱས་ཤིང་དད་ལྡན་འཁྲི་སྟོང་མང་པོས་དགའ་བའི་ཐལ་མོ་བརྡབ། དད་པའི་མིག་ཆུ་ཞུར། དུང་བའི་བསྟོད་བསྔགས་བྱེད་བཞིན་པར་ཁྱེད་རང་མ་དགའ་ནས་ཕྲག་དོག་གི་ཤི་སོང་ནའང་སྡུག་གྱོང་རེད། རྒྱལ་བ་རིན་པོ་ཆེར་དབུ་བསྐོར་བརྫུན་ཞུས་ཟེར་ན་ག་རེ་རེད། རྒྱལ་བ་རིན་པོ་ཆེ་དབུ་འཁོར་ཆོག་ཆོག་མ་གཏོགས་ཁོང་རང་རང་ལ་ཐག་དཔྱོད་གནང་བའི་ནུས་པའམ་གནམ་དཔྱོད་མེད་པ་རེད་གསུང་གི་ཡོད་དམ། འབྲི་གུང་བཀའ་བརྒྱུད་པ་ལ་གྲུབ་ཐོབ་མང་པོ་ཡོད་ན་དགའ་བའི་རྗེས་སུ་ཡི་རང་ཞུ་བ་ལས་ཕྲག་དོག་འགྲན་སེམས་ནམ་ཡང་མེད། ཀརྨ་པ་མཁྱེན་ནོ།

  8. བན་དེ་བ། says:
    2013-09-11 at 2:22 pm

    བོད་ཀྱི་སྤྲུལ་སྐུ་ང་ཡིན་ཁོང་ཡིན་ཟེར་མཁན་མང་དུ་ཡོད་ཀྱང་གནའ་ནས་ད་བར་དུ་བོད་གངས་ཅན་ལྗོངས་སུ་ས་གྲགས་གནམ་གྲགས་ཀྱི་སྤྲུལ་སྐུ་ནི། ཏ་ལི་བླ་མ་རིམ་བྱོན་དང། པཎ་ཆེན་རིམ་བྱོན་དང། ཀརྨ་པ་རིམ་བྱོན་ལས་སྐད་གྲགས་ཆེ་བ་ཞིག་བྱུང་ཚོད་མི་འདུག གང་ལྟར་ཀརྨ་པ་མཆོག་གི་མཛད་འཕྲིན་རྒྱས་བཞིན་པའི་མཛད་བཟང་ལ་མི་བཟོད་པའི་ཕྲག་དོག་ཅན་གྱི་མིག་རིལ་ཐང་ལ་ལྷུང་ཀྱང་སྡུག་གྱོང་རང་རེད།

  9. བཀྲ་ཤིས་དོན་འགྲུབ། says:
    2013-09-11 at 2:36 pm

    ཀརྨ་པ་ཞྭ་དམར་པ་དེ་ཚོར་ཇུས་གཏོགས་མང་པོ་བྱེད་ཁོམ་མི་འདུག་ཀྱང་། བདེན་དོན་ཞིག་ཤེས་འདོད་ཀྱིས་རྐྱེན་བྱས་ཏེ་སྟོབས་དགའ་གཡུལ་རྒྱལ་གྱིས་བརྩམས་པའི་(གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ།)ཞེས་པའི་དེབ་དེ་ཐེངས་འགའ་ཀློག་དགོས་ཐུག་བྱུང་བས། ཨྱོན་ཕྲིན་ལས་རྡོ་རྗེ་ཟེར་བ་དེ་དོན་ངོ་མ་ཅི་ཞིག་གི་སྐྱེ་བ་ཡིན་མིན་དེ་ཡག་པོ་བྱས་ནས་ཤེས་བྱུང་བ་མ་ཟད། སྟོབས་དགའ་གཡུལ་རྒྱལ་ཁོ་རང་ཡང་ར་བ་གང་ཞིག་ལས་ཐར་ཐུབ་མེད་པའི་རང་མཚང་དེ་གསལ་པོར་རིག་བྱུང་།

  10. ཆོས་འཕེལ says:
    2013-09-11 at 3:02 pm

    རྡོ་རྗེ་འཆང་གསུམ་པ་ཞེས་པའི་མཚན་དང་། བརྟགས་ཡིག་དངུལ་དངོས་སྤྱད་ནས་རྐུས་པའི་བརྙན་ཐུང་ཞིག་ཡུ་ཊུབ་དྲྭ་རྒྱར་སྔར་ལོ་ཞིག་ལ་མཐོང་སོང་། ༧ས་སྐྱ་གོང་མ་རིན་པོ་ཆེས་ཁྱོན་ནས་བརྟགས་ཡིག་དེ་འདྲ་ཞིག་གནང་རྒྱུ་མ་བྱུང་གསུངས་པ་གཞན་ཡིད་ཆེས་ཕེར་ངེས་ལས་ཐོས་པ་མ་ཟད། སྐྱབས་མགོན་གོང་མ་རིན་པོ་ཆེའི་ས་རྟགས་དངོས་དང་། བརྫུན་མ་གཉིས་བར་ཁྱད་འཕྲུལ་ཆས་བེད་སྤྱོད་མི་དགོས་པ་རྒྱུས་མངའ་ཡོད་པ་ཀུན་གྱིས་ཤེས་རྟོགས་ཐུབ་པའི་གནས་ཚུལ་ཡང་ཐོས།
    གང་ལྟར་སྨྱུག་ཐོག་པ་རྣམས་ཀྱིས་འདི་འདྲའི་ཆོམ་རྐུན་པ་ཆེན་པོ་ཞིག་ཁུ་སིམ་གྱིས་ཡན་པོར་གཏོང་བ་གཏན་ནས་མི་འོས། འོན་ཅང་ཕྲན་གྱིས་འདིའི་སྐོར་གནས་ཚུལ་གསལ་པོ་ཞིག་ད་དུང་ཤེས་མ་སོང་།
    གོ་ཐོས་ལ་བླ་མ་མང་པོའི་མངོན་མཁྱེན་ནི་སྨོན་ནས་ཤེས་པར་སོང་བརྟེན། གོང་མ་རིན་པོ་ཆེའི་བརྟག་ཡིག་བརྫུན་མར་ལ་བརྟག་དཔྱད་མེད་པར་ཡིད་ཆེས་བྱས་རྐྱང་མཛད་པའི་ཉེར་ལེན་གྱིས། ཀུན་གྱི་སྤྲུལ་གཞིར་སྐད་པའི་ཆོས་ཀྱི་ཆོམ་རྐུན་པ་འདི་བྱུང་ཚར་འདུག
    ངས་བསམ་ན། ནང་ཁུལ་གྱི་བླ་སྤྲུལ་མིང་དང་གོ་ས། ཆེ་གཉན་རྩོད་པའི་ཚབ་ལ། སྨྱུག་རྩེ་འདི་འདྲའི་རིགས་ཅན་ལ་གཏད་བྱེད། དམ་ཆོས་སྲུང་སྐྱོབ་ཐུབ་ན། གང་ཟག་སྒེར་བ་རེ་ཟུང་གང་ཆགས་ན་སྐྱོན་གུད་ཆེན་པོ་ཕོག་མི་སྲིད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme