Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བོད་ཚིག་མཛོད་མཉེན་ཆས་ཕབ་ལེན་ས་ཡ་བརྒལ་བ། 

Posted on 2018-01-29 By ཁ་བརྡ No Comments on རྒྱ་བོད་ཚིག་མཛོད་མཉེན་ཆས་ཕབ་ལེན་ས་ཡ་བརྒལ་བ། 

གནས་ཚུལ་འཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས།

 

2018 ཟླ་1 ཚེས་26ཉིན་། འདི་ཀ་ཐའེ་ཝན་རྒྱུལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱིས་གདན་ཞུས་གོ་སྒྲིག་གནང་བ་ལྟར། བོད་ཀྱི་རིག་གནས་ལ་མཛད་རྗེས་ཆེ་བའི་གློག་གླད་ཆེད་མཁས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཐའེ་ཝན་དུ་ཆེད་ཕེབས་ཀྱིས། <<བོད་རྒྱ་ཚིག་མཛོད་མཉེན་ཆས>>དངོས་སུ་དབུ་འབྱེད་བྱས་ཡོད། མཉམ་དུ་བོད་རྒྱ་ཚིག་མཛོད་མཉེན་ཆས་དང་། སྨོན་ལམ་བོད་ཀྱི་བརྡ་ཕྲིན་ཞིབ་འཇུག་ཁང་ནས་ཉེ་ཆར་ལེགས་འགྲུབ་བྱུང་བའི་འབྱུང་རྩིས་མཉེན་ཆས་གཉིས་ཀྱི་བེད་སྤྱོད་གཏོང་ཕྱོགས་དང་གལ་གནད་ངོ་སྤྲོད་གནང་།

མཛོད་སྒོའི་ཐོག་ཏུ་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས། དེ་སྔ་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་མཉམ་འབྲེལ་གྱིས་བཟོས་པའི་རྒྱ་བོད་ཚིག་མཛོད་ཉེན་ཆས་ད་བར་ཕབ་ལེན་གནང་མཁན་མང་པོ་བྱུང་ཡོད་པའི་ནང་ནས་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱ་ཐབས་བྲལ་ན་ཡང་། ཀུ་ཤུ་བེད་སྤྱོད་བྱེད་མཁན་ཁོ་ན་ས་ཡ་གཅིག་དང་དགུ་ཁྲི་བཞི་སྟོང་དགུ་བརྒྱ་དགུ་བཅུ་གོ་གསུམ་གྱིས་ཕབ་ལེན་བྱས་ཡོད་པ་དང་། དེ་ཡང་མང་ཆེ་བ་བོད་ནང་ཁུལ་ནས་ཕབ་ལེན་བྱས་ཡོད་པ་གསལ་ཡོད་ཅེས་གསུངས།

དེ་བཞིན། ཁོང་གིས་ད་ཐེངས་ཀྱི་བོད་རྒྱ་ཚིག་མཛོད་མཉེན་ཆས་ཀྱིས་ཀྱང་གཅིག་མཚུངས་བོད་ཕྱི་ནང་གི་བོད་རྒྱའི་སྐད་ཡིག་བཀོལ་སྤྱོད་གནང་མཁན་དག་གི་ཐུགས་རེ་སྐོང་ཐུབ་ངེས་ཡིན་ཞིང་། རྒྱ་བོད་དང་བོད་རྒྱའི་ཚིག་མཛོད་གཉིས་ཆར་མུ་མཐུད་ཚོགས་པ་གཉིས་བར་བཞག་པའི་སྔར་ཡོད་ཀྱི་གན་རྒྱའི་འབྲུ་དོན་གཞིར་བཟུང་ཐོག་རྒྱ་ཆེའི་བཀོལ་སྤྱོད་མཁན་དག་གི་དགོངས་འཆར་དང་དགོས་མཁོ་བཞིན་མཐུས་སྒོ་ཇེ་ཚང་དང་ལེགས་བཅོས། དུས་ནས་དུས་སུ་ནང་དོན་གསར་པ་ཁ་གསབ་བཅས་བྱ་རྒྱུ་ཡིན་ཞེས་གསུངས།

ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བླ་མ་ཡེ་ཤེས་རབ་རྒྱས་ནས་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་དགེ་བཤེས་མཆོག་ལ་འཚམས་འདྲི་དང་འབྲེལ། ད་ལྟའི་ཆར་ང་ཚོས་ཁ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་ལག་ལེན་གྱི་ཐོག་ནས་མཉམ་འབྲེལ་བྱེད་པའི་དུས་ལ་བབ་ཡོད་པ་དང་། བོད་རྒྱ་ཚིག་མཛོད་དང་རྒྱ་བོད་ཚིག་མཛོད་མཉེན་ཆས་འདི་གཉིས་ནི་ཞིབ་འཇུག་ཚོགས་པའི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་དང་། དེ་བཞིན་ཚང་མས་དོ་སྣང་དང་བརྒྱུད་སྤེལ་གང་རྒྱུ་གལ་ཆེན་ཡིན་ཚུལ་གསུངས།

མཛད་སྒོ་དེར། སྐུ་མགྲོན་གཙོ་བོ་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་དང་། ཞིབ་འཇུག་ཚོགས་པའི་ལས་ཐོག་དབུ་འཛིན་བླ་མ་ཡེ་ཤེས་རབ་རྒྱས། དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ། ཀཿཐོག་རིག་འཛིན་ཆེན་པོ། བཀྲ་ཤིས་རིན་པོ་ཆེ། དགེ་བཤེས་ཕྲིན་ལས་རྒྱ་མཚོ། སློབ་དཔོན་བསོད་ནམས་ཉི་མ་སོགས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་མཁན་སྤྲུལ་དགེ་བཤེས་དགེ་འདུན་པ་དང་། ཐའེ་ཝན་གྱི་བོད་ཡིག་ལ་དོ་སྣང་གནང་མཁན་གྱི་དགེ་འདུན་པ་དང་མི་མང་། ཐའེ་ཝན་རང་གཞུང་དོན་གཅོད་ཀྱི་དྲུང་ཆེ་དོན་འགྲུབ་རྒྱལ་པོ་ལགས་དང་། ཧྥ་ཀོའུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ། བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་སྐུ་ཞབས་ངག་དབང་ཕྲིན་ལས་སོགས་དང་ཞིབ་འཇུག་ཚོགས་པའི་ལས་བྱེད་མི་སྣ་བཅས་མཉམ་ཞུགས་གནང་ཡོད། ཐའེ་ཝན་གྱི་ནང་པའི་བརྙན་འཕྲིན་རྒྱུད་ལམ་ཆེ་གྲས་རིན་ཅན་འཁོར་སྐར་བརྙན་ཕྲིན་གྱིས་ཀྱང་ཡུལ་ངོས་སུ་ཆེད་གཅར་གྱིས་གསར་འགོད་བྱས་འདུག

གཅིག ༽  ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་དང་སྨོན་ལམ་བོད་ཀྱི་བརྡ་ཕྲིན་ཞིབ་འཇུག་ཁང་མཉམ་འབྲེལ་གྱིས་བཟོས་པའི་སྤྱི་ཕན་རིན་མེད་མཉེན་ཆས་ཤིག་ཡིན།

གཉིས། ༽ ཚིག་མཛོད་འདིའི་ནང་དུ་བོད་རྒྱ་ཚིག་ཆེན་མོ་གཙོར་བཟུང་གིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བའི་བོད་དབྱིན་རྒྱ་གསུམ་རྒྱུན་བཀོལ་མིང་མཛོད་ཀྱི་བོད་རྒྱ་སྐད་གཉིས་དང་། སྐད་ལྔ་ཤན་སྦྱར་ཚིག་མཛོད་ཀྱི་བོད་རྒྱ་སྐད་གཉིས་ཆ་ཚང་བཅས་བསྡུས་ཡོད།

གསུམ། ༽ ཚིག་མཛོད་མཉེན་ཆས་འདིར། རྒྱ་ནག་སྐམ་སས་བཟོས་པའི་ཟོར་ཡང་ཡིག་གཟུགས་(簡體字)དང་དབྱིན་ཇིའི་དབྱངས་གསལ་ཀྱི་སྒྲ་སྦྱོར་རམ་སྦྱོར་ཀློག་(英語拼音)བཀོལ་ཡོད་པར་མ་ཟད། ཐའེ་ཝན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྒྲ་སྦྱོར་མ་ལག་ཀྱང་(注音符號)བཀོལ་སྤྱོད་ཆོག་པས་ཟོར་ལྕིའི་ཡི་གེ་ཞེས་གྲགས་པའི་རྒྱ་ཡིག་(繁體字)སྒྲ་སྦྱོར་ཀྱང་སྤྱད་ཡོད་པ་ནི་ད་ལྟའི་ཆར་མཉེན་ཆས་ཚིག་མཛོད་འདི་དང་། ལོ་སྔ་མར་བཏོན་པའི་རྒྱ་བོད་ཚིག་མཛོད་མཉེན་ཆས་གཉིས་ལས་མེད།

བཞི། ༽ ཚིག་མཛོད་མཉེན་ཆས་འདི་གཉིས་ཆོས་ཚོགས་ཁག་དང་སློབ་མ་གཙོས་པའི་བོད་བརྒྱུད་བསྟན་དང་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་ཡིག་སྒྱུར་སོགས་གནང་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་ངེས་པར་མ་ཟད། ཚིག་མཛོད་འདིའི་ནང་དུ་སྤྱིར་བཏང་འཚོ་བ་དང་འབྲེལ་བའི་ཐ་སྙད་དང་ནང་ཆོས་དང་འབྲེལ་བའི་ཐ་སྙད་གཉིས་ཆར་བསྡུས་ཡོད།

ལྔ། ༽ ཚིག་མཛོད་ཕབ་ལེན་བྱ་ཡུལ། ཀུ་ཤུའི་ཁ་པར་བུམ་མཛོད་དུ་དབྱིན་ཡིག་གི་Tibetan-Chinese Dictionary བྲིས་ནས་ཕབ་ལེན་གནང་ཐུབ།

གཞན་ཕབ་ལེན་བྱ་ཚུལ་རྒྱས་པ་ནི་གཤམ་གསལ་ལྟར་ཡིན།

Android མ་ལག བོད་ནང་ནས་ཕབ་གནས། http://www.monlamit.com/sites/default/files/softwares/Tibetan_Chinese_Dictionary_com.monlam.tbCnDic2018.database4july.apk

Google ནས་ཕབ་གནས། https://play.google.com/store/apps/details?id=com.monlam.tbCnDic2018.database4july

ཀུ་ཤུ་ཁ་པར། ཕབ་གནས། https://itunes.apple.com/us/app/tibetan-chinese-dictionary/id1336428477?ls=1&mt=8

ཀུ་ཤུ་གློག་ཀླད།

http://monlamit.com/sites/default/files/softwares/Tibetan_Chinese_Dictionary_Mac_OS_X.zip

སྐར་ཁུང་རྟགས་ཅན་གློག་ཀླད།

http://monlamit.com/sites/default/files/softwares/Tibetan_Chinese_Dictionary_Win.zip

 

སྤྱི་ལོ་༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན།

གསལ་བསྒྲགས།

Post navigation

Previous Post: ཀ་བཤད་ཀུན་ཁྱབ་འགན་འཁུར།
Next Post: མིར་ཟ་སྒ་ལེབ་ལ་བྲིས་པའི་སྙན་ངག་བརྒྱ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme