Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།

Posted on 2015-01-16 By ཁ་བརྡ 20 Comments on རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།

 ཁྲི་རལ་པ་ཅན།།

སྤྱི་ལོ་༢༠༠༡ལོར་ང་རང་བོད་ནས་རྒྱ་གར་ནང་སླེབས་པ་ཡིན་ལ། སྐབས་དེར་བལ་ཡུལ་སྣེ་ལེན་ཁང་དུ་རྣམ་ཀུན་མི་ཆིག་སྟོང་ནས་བདུན་བར་འཚངས་ཀ་བརྒྱབས་ཡོད་པ་རེད། དེ་ནས་རིམ་པར་རྒྱ་གར་དུ་འབྱོར་དུས་གསར་འབྱོར་འདུག་ས་གསོག་སྒར་སློབ་གྲྭ་དང་སུ་ཇ་སློབ་གྲྭ། བོད་ཁྱིམ་སློབ་གྲྭ།གདན་ས་ཁག་བཅས་སུ་མི་མང་དྲག་སྟེ་ཟ་ཆས་དང་ཉལ་ཆས། སྡོད་ཁང་བཅས་ཀྱི་དཀའ་ངལ་འཕྲད་བཞིན་པ་དངོས་སུ་མཐོང་སོང་བ་མ་ཟད། བོད་མི་གསར་འབྱོར་དེ་ཚོ་སྒྲིག་ཁོངས་ནས་ཕྱི་ལ་འཐོན་པ་དང་ལས་ཀ་མི་རེག་པ་དང་།རྟེན་ས་མེད་པ།རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་བཟོ་རྒྱུར་དཀའ་ཁག་ཆེན་པོ་ཡོད་པ། འབྱུང་འགྱུར་གྱི་ཁ་ཕྱོགས་གསལ་བོ་མེད་པ།བཙན་བྱོལ་གཞུང་གི་སྲིད་ཇུས་གསར་འབྱོར་ཚོ་བོད་ནང་ཕྱིར་ལོག་རྒྱུ་དེ་ཡིན་གཤིས། ཁོང་ཚོ་འཚོ་གནས་ཀྱི་ལམ་སྟོན་དང་གོ་སྒྲིག་གང་ཡང་མེད་པ་སོགས། ཕལ་ཆེར་བོད་ནང་གི་བོད་མི་དང་རྒྱ་དམར་གཞུང་གཉིས་ནས་ཧ་གོ་དོན་གསལ་བྱུང་ཡོད་པས། བོད་ནང་དཔལ་འབྱོར་བཅོས་བསྒྱུར་དང་ཡར་རྒྱས་ཤུགས་ཆེ་སོང་བ་དང་བསྟུན། ཆབ་སྲིད་བཙོན་ཟུར་རེ་ཟུང་བོད་ནང་གནས་ཐབས་བྲལ་བ་རེ་ཟུང་མ་གཏོགས། བོད་མི་བཙན་བྱོལ་དུ་ཡོང་མཁན་ཧ་ཅང་ཇེ་ཉུང་དུ་གྱུར་ཡོད་ཅིང་།

དེ་སྔ་འབྱོར་ཟིན་པ་ཚོའི་གནས་ཚུལ་ཀྱང་དགྲ་བོ་རྒྱ་དམར་གྱིས་རྒྱུས་ཉམས་གསལ་བོར་ལོན་ཏེ། བོད་ནང་གཉེན་འཕྲད་དང་གཏན་དུ་ཕྱིར་ལོག་གི་ཡིག་ཆ་བོད་མི་གསར་འབྱོར་གང་མང་ཅིག་ལ་སྤྲད་བཞིན་པ་དེས། རྒྱ་བལ་ནང་ལམ་ཁ་དང་རྟེན་ས་མེད་པའི་གསར་འབྱོར་མང་པོ་ཅིག། བོད་ནས་ནང་མིས་བཏང་བའི་སྒོར་མོས་ཕྱི་རྒྱལ་ལ་འགྲོ་གང་ཐུབ་བྱེད་བཞིན་པ་དང་བསྟུན། དེ་འདྲ་མཐུན་རྐྱེན་རོགས་རམ་མེད་པ་མང་པོ་ཅིག་རྒྱ་དམར་གྱི་ཡིག་ཆ་བརྒྱུད་ཕྱིར་ཕ་ཡུལ་དུ་ལོག་བཞིན་པ་ཡིན་པས། ད་ཆ་བཙན་བྱོལ་བོད་མིའི་སློབ་གྲྭ་མང་པོ་ཅིག་སྒོ་བརྒྱབས་དགོས་བྱུང་ཡོད་ལ། ཤུལ་དུ་ལུས་པ་ཚོ་ནི་རྒྱ་བལ་དང་ཧི་མ་ལ་ཡའི་ཕྲུག་གུས་ཁེངས་ཡོད་ཅིང་། གདན་ས་གྲྭ་ཚང་ཁག་ལའང་ཧི་མ་ལ་ཡའི་མི་རིགས་མ་གཏོགས་གྲྭ་རྒྱུན་གྱི་ཡོང་ཁོངས་མེད་པར་སྡུག་སྐད་ཤོར་གཞིར་གྱུར་ཡོད།

བོད་ནང་དུ་ནི་ཆབ་སྲིད་དཀའ་ངལ་ཆེན་པོ་ཡོད་པ་དངོས་ཡོད་གནས་ཚུལ་གཡོལ་ཐབས་བྲལ་བ་ཞིག་ཡིན་པ་ལས། ཕྱིའི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཁ་ན་ཏྲ་སོགས་ནས་བོད་ནང་འགྲོ་མཁན་ཚོའང་བོད་ནང་གི་འབྱོར་བ་ལ་ཧ་ལས་གྱིན་འདུག་སྟབས། ད་ང་ཚོར་བོད་ནས་གསར་འབྱོར་གྱི་གྲངས་ཀ་ནི་སྣེ་ལེན་ཁང་དུ་ནམ་རྒྱུན་མི་རེ་གཉིས་མཐོང་དུ་ཡོད་པ་ཙམ་ཡིན། དེ་འདྲར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་ཞལ་བཞུགས་རིང་ཙམ་ལས་སྔ་ཕྱི་མ་གཏོགས་རྒྱ་བལ་ནང་བཙན་བྱོལ་བོད་མིའི་མུ་གེ་ཡོང་ངེས་གཏན་ཡིན་པས། བོད་གཞུང་གིས་ཨུ་ཚུགས་བྱས་ཏེ་གཞིས་ཆགས་ཁག་ནང་འགྲོ་སོང་འཕོན་ཆེ་གཏོང་བ་དང་། རྒྱ་གར་ནང་འཛུགས་བསྐྲུན་རྒྱ་ཆེར་བྱེད་པ། ལྷག་པར་སྒོར་འབུམ་སྟོང་ཕྲག་གིས་སློབ་གྲྭ་བརྒྱབས་བཞིན་པ་སོགས་ལྐུག་རྟགས་ཚ་བོ་དེ་འདྲ་མི་གནང་བར།དངོས་ཡོད་གནས་ཚུལ་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་མཐུན་པར།  བོད་དོན་ཆེད་ཕུགས་རྒྱང་རིང་བོའི་འཆར་གཞི་ཅིག་འགོད་དུས་བབས་ཡོད་སྙམ།།

བསམ་ཚུལ།

Post navigation

Previous Post: “གླེང་མོལ”བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྷན་དུ་གླེང་བ།
Next Post: མཚན་མོའི་སྙན་ངག

Comments (20) on “རྒྱ་བལ་ནང་བཙན་བྱོལ་བོད་མིས་སྟོང་དུས།།”

  1. གཅན བཟོད་རྒྱམ། says:
    2015-01-16 at 9:04 am

    གནད་དོན་འདིའི་ཐོག་ཚང་མས་བསམ་ཚུལ་འདོན་དགོས་ངེས་འདུག དེ་མ་གཏོགས་གཞུང་སྒེར་གཉིས་ཐད་ནས་སྣང་མེད་དམ་གོ་མེད་ཚོར་མེད་ངང་ཡལ་འགྲོ་བཞིན་འདུག་པ་དངོས་ཡོད་རེད་འདུག

  2. གནམ says:
    2015-01-16 at 9:44 am

    སྙིང་དོན་ཅི་ཞིག་བཤད་ཡོད་མེད་ཡག་པོ་ཞིག་མ་གོ་ཐལ།
    བཙན་བྱོལ་ལ་ཡོང་འདོད་མེད་ན། དེ་ནི་གཏམ་བཟང་ཞིག་རེད། བཙན་བྱོལ་ལ་འབྱོར་ཐབས་བྲལ་ན། དེ་ནི་བློ་འཚབ་བྱེད་དགོས་བ་ཞིག་རེད།
    གཉེན་ཉེ་ལ་ལྟ་སྐོར་དུ་འགྲོ་བཅུག་པ་དེ་ནི་ཡག་པོ་རེད། གསར་དུ་འབྱོར་བའི་གསར་འབྱོར་མེད་ན། བོད་དོན་ཤོར་འགྲོ་བ་དེ་འདྲ་གང་ཡང་མ་རེད། གསར་འབྱོར་ལ་ཐོན་མ་ཐུབ་ན། བོད་དོན་ལ་འཐབ་རྩོད་མི་བྱེད་པ་དེ་འདྲ་ཡང་མ་རེད། བོད་ནང་གི། དཔའ་བོ་དང་དཔའ་མོ་དེ་ཚོ་ག་འདྲ་འདུག། གཞི་ཆགས་ཁོག་ལ་བདག་སྐྱོང་བྱེད་དགོས་བ་དེ་གལ་ཆེན་པོ་རེད། ཁོང་ཚོ་ནི། ཕ་ས་ཕ་ཡུལ་ཤོར་སོང་བའི་བཙན་བྱོལ་བ་རེད། འདི་ཚོ་དང་ཚོགས་པ་སྤྱི་འདུས་ཀྱི་རྐང་བ་སྲ་བརྟན་དུ་ལང་ཐུབ་ན། དེ་ནས་འཐབ་རྩོད་ལ་ནུས་བ་ཐོན་པ་ཞིག་ཡོང་གི་རེད།
    སློབ་གྲྭ་དང་དགོན་པ་སོགས་ཀྱི་སྒོ་རྒྱག་དགོས་བྱུང་ན་ཡང་། གཙུག་ལག་ཁང་གི་སྒོ་མ་རྒྱབ་བར་དུ། ང་ཚོ་སྔར་བཞིན། དགྲ་བོ་དགྱ་དམར་གྱི་མིག་ནང་གི་ཚར་མ་དང་། སེམས་ནང་གི་དངངས་སྐྲག་བག་ལ་མི་ཞ་བ་དེ་ཡིན་པས། བོད་དགྱ་གཉིས་ཀྱི་བར་ལ་རྩོད་རྒྱུ་ལྷག་ནས་འདུག་རྒྱུ་ཡིན་པ་ནི། ནམ་ཡང་ཡོལ་ས་མེད་པ་ཞིག་རེད།

  3. གནམ says:
    2015-01-16 at 9:47 am

    ཚེར་མ།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-16 at 11:13 am

    ་་་་་་་་་་་་་ བོད་ནང་དུ་ནི་ཆབ་སྲིད་དཀའ་ངལ་ཆེན་པོ་ཡོད་པ་དངོས་ཡོད་གནས་ཚུལ་གཡོལ་ཐབས་བྲལ་བ་ཞིག་ཡིན་པ་ལས། ཕྱིའི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཁ་ན་ཏྲ་སོགས་ནས་བོད་ནང་འགྲོ་མཁན་ཚོའང་བོད་ནང་གི་འབྱོར་བ་ལ་ཧ་ལས་གྱིན་འདུག་སྟབས། ་་་་་་་་་་་ཟེར།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-01-16 at 11:14 am

    ་་་་་་་་་་་་ ད་ང་ཚོར་བོད་ནས་གསར་འབྱོར་གྱི་གྲངས་ཀ་ནི་སྣེ་ལེན་ཁང་དུ་ནམ་རྒྱུན་མི་རེ་གཉིས་མཐོང་དུ་ཡོད་པ་ཙམ་ཡིན། དེ་འདྲར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་ཞལ་བཞུགས་རིང་ཙམ་ལས་སྔ་ཕྱི་མ་གཏོགས་རྒྱ་བལ་ནང་བཙན་བྱོལ་བོད་མིའི་མུ་གེ་ཡོང་ངེས་གཏན་ཡིན་པས། ་་་་་་་་་་་་ཟེར།

  6. ཁྱུང་སེ། says:
    2015-01-16 at 12:19 pm

    ཀརྡོས་ཟེར་ཟེར་ཟེར་་་་་་་་་་་་་་ཟེར་ཟེར་ཟེར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  7. རང་བྱུང་རིག་པའི་རྡོ་རྗེ says:
    2015-01-16 at 12:45 pm

    བཙན་བྱོལ་ནང་ལ་ཆབ་སྲིད་ཀྱི་ཕུགས་རྒྱང་རིང་བོ་ཞིག་ལ་འདེམས་ཀ་ཡོད་པ་མ་རེད། མི་རིང་བར་བཙན་བྱོལ་ཚོགས་པ་འདི་སྒོ་རྒྱག་པ་ལས་ཐབས་གཞན་གང་ཡང་ཡོད་པ་མ་རེད། བཙན་བྱོལ་འདི་སྒོ་ག་དུས་རྒྱབ་ན། ད་གཞི་ནས་གཞི་ལུས་བོད་མི་ཚོར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་གྱི་རེད། འོན་ཀྱང་མང་ཆེས་པས་འདི་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན་ཁ་ཆེ་ལུང་བའི་མི་ཕལ་མོ་ཆེས་སྦིན་ལ་ཏྲིན་གྱིས་ཁོང་ཚོ་ལོགས་ལམ་དུ་འཁྲིད་པ་ཤེས་ཀྱིན་མེད་པར་མ་ཟད། ཁོང་ལྷ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། བོད་པ་ཚོ་ཡང་དེ་དང་གཅིག་མཚུངས་རེད། །

  8. ཀརྡོ་གཉེར་ཕྱག་པ་ says:
    2015-01-16 at 1:12 pm

    # 7 རང་བྱུང་རིག་པའི་རྡོ་རྗེ་ལགས་ཀྱིས།
    ་་་་་་་་་་་་་་་་་་་་་ བཙན་བྱོལ་འདི་སྒོ་ག་དུས་རྒྱབ་ན། ད་གཞི་ནས་གཞི་ལུས་བོད་མི་ཚོར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་གྱི་རེད། ་་་་་་་་་་་་་་་ ཟེར།

  9. མེ་དྲོད། says:
    2015-01-16 at 2:32 pm

    བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པ་དེ་དངོས་ཡོད་ཀྱི་འགྱུར་བ་ཞིག་རེད།

  10. BONPO says:
    2015-01-16 at 2:59 pm

    བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པ་དེའི་རྒྱུ་མཚན་རྩ་བ་ཐུག་ས་གཅིག་ནི། གནས་ཡུལ་གཞུང་གིས་བོད་པ་ཚོ་ལ་ཐོབ་ཐང་ཚད་ལྡན་མ་སྤྲད་པ་ལ་ཐུག་པར་སེམས། དཔེར་ན་བོད་པའི་བུ་ཕྲུག་ཚོ་མཐོ་སློབ་ཁག་ལ་འགྲོ་མི་ཆོག་པ། བོད་པའི་ཕ་མ་ཚོས་ཚོང་ལས་ཚད་ལྡན་གཉེར་མི་ཆོག་པ། བོད་པའི་ཚོང་པ་ཚོས་ས་ཁང་ཉོ་མི་ཆོག་པ། ཐ་ན་བོད་པ་སྐྱབས་བཅོལ་ཚོས་མོ་ཊ་ཡང་ཉོ་མི་ཆོག་པ། གང་ལྟར་བོད་པ་ཚོ་ཕལ་ཆེར་བཟང་བཙོན་འདྲ་པོ་བྱས་ནས་མི་ལོ་མང་པོ་བསྡད་པ་རེད། དེང་སང་བོད་པ་མང་པོ་ཕྱི་རྒྱལ་ཁག་འགྲོ་བ་ཤེས་དུས་གཞི་ནས་ཏོག་ཙམ་གུ་ཡངས་ཡོད་མདོག་སྟོན་གྱི་འདུག་བ། ཕྱི་ཡི་རྒྱལ་ཁབ་ཁག་ལ་འདི་འདྲ་རྩ་བ་ཉིད་ནས་མ་རེད། མི་ཚང་མ་ལ་སྤྱི་འདྲ་སྤྱི་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་གནང་བཞིན་ཡོད་པ་རེད་དོ། བོད་པའི་ཕྲུག་གུ་ཚོར་མཐོ་རིམ་ཤེས་ཡོན་གྱི་ལམ་བུ་བཀག་པ་དེ་ནི་བོད་པའི་སྙིང་གསོན་པོ་ལ་གྲི་བཙུགས་པ་དང་ཁྱད་པར་མེད་དོ། །

  11. རང་བྱུང་རིག་པའི་རྡོ་རྗེ says:
    2015-01-16 at 3:25 pm

    ངས་བལྟས་ན་གསར་འབྱོར་ཉུང་དུ་ཕྱིན་པ་ནི། གནས་ཚང་རྒྱ་གར་གྱི་སྐྱོན་ཞིག་མ་རེད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སུ་ཕྱིན་པས་རེད། དེའི་ཞོར་དུ་བོད་ཀྱི་དཔལ་འབྱོར་ཀྱང་གང་ལ་གང་འཚམས་ཡས་རྒྱས་སུ་ཕྱིན་པ་རེད། རྒྱ་གར་དུ་ཡོང་མཁན་མང་ཆེ་བས་དམིགས་ཡུལ་མཐར་ཐུག་ནི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་དེ་རེད། ད་ཆ་རྒྱ་གར་ལས་བོད་རང་དུ་བསྡད་ན་ཆ་རྐྱེན་ཡག་པོ་ཡོད་སྟབས་གསར་འབྱོར་མེད་པ་ཆགས་པ་རེད། མ་འོང་པར་ཡང་བོད་རང་ནས་རྒྱ་གར་ལ་གནས་སྐོར་དུ་འོང་རྒྱུ་མ་གཏོགས་འདུག་མཁན་མེད་པ་གསལ་པོ་ལགས། རྒྱ་གར་གནས་སྡོད་བོད་མི་ཚོ་ཡང་ཕྱི་རྒྱལ་ཡུལ་ལ་འགྲོ་བ་དེ་དཔལ་འབྱོར་གྱི་གམིགས་གཞི་ཁོ་ན་ལས་གཞན་མ་འདས་སོ། གསར་འབྱོར་ཚོ་ཡང་དེ་དང་གཅིག་མཚུངས་རེད།།

  12. BONPO says:
    2015-01-16 at 4:18 pm

    དཔེར་ན་རྒྱ་གར་ནང་གི་སློབ་གྲྭ་ག་འདྲ་ཞིག་ཡིན་ན་ལས། རྒྱ་གར་གཞུང་གིས་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཀྱི་ལམ་བུ་དེ་ནས་བསྐྱོད་དགོས་པ་རེད། དེ་འདྲ་ཡིན་དུས་བོད་པའི་ཕ་མ་དང་ཕྲུག་གུ་ཚོས་མི་ལོ་མང་པོར་དཀའ་ལས་བརྒྱབ། སློབ་སྦྱོང་བྱས། འགྲོ་སོང་བཏང་། མཐའ་མ་མཐོ་སློབ་ཁག་ལ་འགྲོ་རན་དུས། བོད་པ་ཡིན་པའི་རྒྱུ་མཚན་གྱིས་འགྲོ་མི་ཆོག་པ་བཟོས་ཡོད་པ་རེད། གལ་སྲིད་མཐོ་སློབ་ཁག་ལ་འགྲོ་རྒྱུ་རགས་སོང་བ་ཡིན་ལས་བོད་པ་ཡིན་པ་ཧ་གོ་སོང་ན་ལས་ཀ་ཚད་ལྡན་མི་སྤྲོད། གནས་ཚུལ་འདི་འདྲ་ཡོད་དུས་སུ་ཡིན་ནའང་སེམས་ཤུགས་ཆག་ནས་ཡོང་མཁན་ག་ལ་རྙེད། ། མ་རེད་དམ། །

  13. ཀརྡོ་གཉེར་ཕྱག་པ་ says:
    2015-01-17 at 12:53 am

    ་་་་་་་་་་་་ ད་ཆ་རྒྱ་གར་ལས་བོད་རང་དུ་བསྡད་ན་ཆ་རྐྱེན་ཡག་པོ་ཡོད་སྟབས་གསར་འབྱོར་མེད་པ་ཆགས་པ་རེད། ་་་་་་་་་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2015-01-17 at 12:54 am

    ་་་་་་་་་་་་་་་་་ མ་འོང་པར་ཡང་བོད་རང་ནས་རྒྱ་གར་ལ་གནས་སྐོར་དུ་འོང་རྒྱུ་མ་གཏོགས་འདུག་མཁན་མེད་པ་གསལ་པོ་ལགས། ་་་་་་་་་་་་་་

  15. ཀརྡོ་གཉེར་ཕྱག་པ་ says:
    2015-01-17 at 1:22 am

    ད་ བོད་ཀྱི་ སྐད་ཡིག་དང་ བོད་པ་ སྟོང་དུས་ ག་དུས་ སླེབས་འོངས། ལགས། ཁྲི་རལ་ལགས།

  16. ཨ་ར་དཀར་པོ says:
    2015-01-17 at 2:17 am

    གསར་འབྱོར་བ་ཉུང་དུ་འགྲོ་དོན་གཅིག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཏན་ཏན་ཡོད་ལ་གཉིས་ནས་བཙན་བྱོལ་སློབ་གྲ་ཁག་གི་སློབ་སྦྱོང་གི་གནས་བབས་ལའང་འབྲེལ་བ་ཆགས་ཡོད། སྔོན་ཆད་ཡིན་ན་ཕ་མ་མང་པོས་ཕྱི་ལོགས་ལ་རེ་བ་བརྒྱབ་ནས་བུ་ཕྲུག་རྣམས་རྒྱ་གར་དུ་སློབ་སྦྱོང་བྱེད་པར་གཏོང་གང་ཐུབ་བྱེད་མོད། ད་ཆ་བཙན་བྱོལ་ནང་གི་སློབ་གསོའི་གནས་བབས་ལ་རྒྱུས་ལོན་ཚར་རེད། བོད་ཡིག་དང་དབྱིན་ཡིག སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གང་ལའང་རེ་བ་རྒྱག་ས་མེད་པ་ཤེས་ཡོད། དེ་བས་བུ་ཕྲུག་ཚོར་དཀའ་ངལ་སྤྲོད་མ་དགོས་པར་རྒྱ་ནང་དུ་སློབ་གྲར་མངགས་བཞིན་ཡོད། བོད་ཕྱི་ལོགས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་རྒྱུར་བྲེལ་བ་ནང་བཞིན་དེང་སང་བོད་ནང་ནས་ཀྱང་རྒྱ་གར་དུ་འགྲོ་འདོད་བརླག་ནས་ནུབ་གླིང་ཁག་ཏུ་རེ་བ་བྱེད་མཁན་ཤིན་ཏུ་མང་པོ་རེད། འདི་དག་ནི་གནས་དུས་ཁོར་ཡུག་དང་འབྲེལ་བའི་འགྱུར་བ་ཞིག་ཡིན་པས་ཐབས་ཤེས་མེད། དེ་ལས་བཙན་བྱོལ་གཞུང་གིས་ད་ཡོད་གཞིས་ཆགས་ཁག་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད་འདོད།

  17. པདྨ་དཀར་པོ། says:
    2015-01-17 at 5:08 am

    (༡) བོད་ནས་གསར་འབྱོར་ཉུང་རྐྱེན་དེ། རབ་འབྲིང་ཐ་གསུམ་དུ་དབྱེ་དགོས་པར་འདོད། དང་པོ་༢༠༠༧ ལོ་ནས་མཐའ་མཚམས་བཀག་སྡོམ་ཤུགས་ཆེར་བཏང་བས་ཡིན་ལ། གཉིས་སུ། བོད་ནང་གི་དཔལ་འབྱོར་འཕོ་འགྱུར་ལའང་འབྲེལ་བ་ཏན་ཏན་ཡོད། གསུམ་པ་་བོད་བཙན་བྱོལ་གཞུང་གི་སློབ་གྲྭའི་ཤེས་ཡོན་སྤུས་ཚད་ཀྱིས་འགོག་རྐྱེན་བྱས་པ་རེ་ཟུང་ཡོད་སྲིད་ཀྱང་། ཧ་ལམ་ཁག་པོ་རེད། ༢༠༠༧ ཡར་སྔོན་ལ་ལྟོས་ན། ཤེས་ཡོན་སྤུས་ཀ་སྐྱོ་རུ་སོང་ཡོད་པའི་རྒྱུ་མཚན་བསྙད་དུ་མེད་ལ། མཐུན་རྐྱེན་རྡབ་འགའ་ཡིས་ཡག་ཏུ་ཕྱིན་ཡོད་པ་མངོན་གསལ་རེད། (༢) ཕྱི་སྡོད་བོད་མི་གཅིག་འབུམ་ཕྱེད་ལྷག་ཡོད་ཅིང་དེ་དག་ལ་སྐྱེ་རྒྱུན་ཆད་མེད་པས། བོད་རྒྱ་གཉིས་ཞི་མཐུན་མ་ཡོང་བར་རྩོད་ཉོག་ནི་ལྷག་ལྷག་པ་ཡིན། ཕྱོགས་འཐེན་གྱིས་ཆ་སྙོམས་མིན་པའི་གནས་ཚུལ་གང་དུའང་བྱུང་དང་འབྱུང་གིན་ཡོད་པས། དེར་སྤྱི་ཚོགས་འདིའི་མགོ་གཙོ་ཚོས་གཟབ་དགོས་པ་ཞིག་རེད་འདོད། (༣) འོན་ཏེ། གྲྭ་རྒྱུན་ཆད་ནའང་གྲོང་རྒྱུན་ཆད་མི་འགྲོ་བས། སྲིད་དོན་ནི་གྲྭ་བས་རྩོད་མི་ཉན་པར་གྲོང་བས་བརྩད་དེ་ལས་དགོས་པ་ཞིག་ཡིན་པར། སྤྱི་ཚོགས་འདིར། ཁ་ཆེ་ཆེ་ལག་ཁོམ་ཁོམ་ཚང་མས་བཤད་ཅིང་འབྲི་ཡིན་ཡོད་ན། དེ་ནི་སེམས་ཁྲལ་གྱི་གཞི་རུ་མི་འགྱུར་དོན་མེད།

  18. BONPO says:
    2015-01-18 at 8:26 pm

    སྔོན་མ་ཡིན་ན་རྒྱ་བལ་གཉིས་ནང་། མགོ་བདེ་སྤྱང་གྲུང་འཛོམས་པ་ཚོས། ཡིག་ཆ་རྫུན་པ་མ་དེ་འདྲ་བཟོས་ནས། ཚོང་ལས་སོགས་བྱེད་མཁན་ཡོད་པ་འདྲ། དེ་དུས་ང་ཚོ་ལ་སྡོད་ཚུགས་མེད་མཁན། དྲང་པོ་མི་བྱེད་མཁན། ངོས་ལྐོག་འཁྲབ་མཁན་ཟེར་ནས། ཟུར་བཟའ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་བ་རེད། དཔེར་ན་ང་རང་ལྟ་བུར་ཆ་བཞག་པ་ཡིན་ན་ལས། དངོས་གནས་ང་ཚོའི་མི་རིགས་ལ་སྡོད་ཚུགས་རྩ་བ་ནས་མི་འདུག་བསམ་མྱོང་། ད་ལྟ་བསམ་བློ་ཡག་པོ་བཏང་བ་ཡིན་ན། ང་ཚོ་ལ་ཁག་རྩ་བ་ཉིད་ནས་མི་འདུག གནས་ཡུལ་རྒྱལ་ཁབ་དག་གིས་ང་ཚོ་ལ། འགྲོ་བ་མི་ཡི་ཐོབ་ཐང་ཚུལ་དང་མཐུན་པ་ཞིག་མ་སྤྲད་དུས། འུ་ཐུག་གི་མི་ལ་སྐྱིད་སྡུག་མེད། ཟེར་བའི་དཔེ་ལྟར། དེ་འདྲ་ཞིག་མི་བྱེད་རང་བྱེད་ལོས་བྱུང་ཡོད་བསམ་ནས་སྙིང་རྗེ་ཡོང་གི ། །

  19. ཀརྡོ་གཉེར་ཕྱག་པ་ says:
    2015-01-19 at 1:43 am

    གཞིས་སྡོད་སློབ་གྲྭ་གཞི་རུ་བཙུགས། །
    བྱེས་གྱར་སློབ་གྲྭ་བྱེས་བཙུགས། །
    མཉམ་འཛོམས་སློབ་གྲྭ་མཉམ་དུ་བཙུགས། །
    ཕྱི་ནང་གསང་གསུམ་སློབ་གྲྭ་བཙུགས། །

  20. གངས་སྲས་ says:
    2018-05-10 at 4:39 am

    མི་རིང་བར་བཙན་བྱོལ་སྤྱི་ཚོགས་འདི་འཛིན་མོ་ཙུག་ས་མེད་པ་ཞིག་ཆགས་གི་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme