Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།

Posted on 2009-10-062009-10-06 By བེ་རི་འཇིགས་མེད 12 Comments on རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།

རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།

བེ་རི་འཇིགས་མེད།

ཀ་ན་ར་ནས་ངྷ་རམ་ས་ལ་རུ།།

ཁ་བ་རི་པའི་རྩོམ་རིག་ཚོགས་འདུ་སླད།།

ག་ལེར་སོང་བའི་མཐོང་སྣང་རྗེན་པའི་ཚུལ།།

ང་རང་དེ་རིང་དྲན་ཐོ་འབྲི་འདོད་བྱུང༌།།

ཅ་ཅོ་འདུ་ལོང་འཁྲུགས་པའི་ཧུབ་ལི་ནས།།

ཆ་རྒྱུས་མེད་པའི་རི་ལིའི་ནང་འཛུལ་ཏེ།།

ཇ་ཡེ་ཟེར་ཚད་ལག་ནས་ཇ་འཐུང་ཞོར།།

ཉ་རེ་ཉོ་རེ་བྱས་ནས་དལ་གྱིས་སོང༌།།

ཏཱ་ལའི་ལོ་མའི་སྣོད་ཀྱི་ཁ་ལག་དང༌།།

ཐ་མག་བྷི་རི་འཚོང་མཁན་འཚང་ཀའི་ཐོག།

ད་དུང་མ་ནིང་མང་པོའི་སློང་སྒྲའི་ཁྲོད།།

ན་དྷ་ར་སོགས་ས་ཚུགས་དུ་མ་བརྒལ།།

པ་སངས་མདོག་ལས་དཀར་བའི་རྒྱ་རིགས་དང༌།།

ཕ་མེས་རིགས་རུས་གཙང་བའི་རྗེ་རིགས་དང༌།།

བ་ཕྱུགས་ལྷ་རུ་རྩི་བའི་བྲམ་ཟེ་དང༌།།

མ་རབས་དམངས་རིགས་འདྲེས་མའི་མི་རིགས་མང༌།།

ཙ་ཀོ་ར་ལྟར་འཛེར་པའི་ཡུལ་སྐད་དང༌།།

ཚ་འཇམ་བསྣོལ་མ་འཐབ་པའི་ཡུལ་སྐད་གཉིས།།

ཛ་ཡའི་གནས་མཆོག་ཡུལ་གྱི་དབུས་སྐད་སོགས།།

ཝ་ལེ་ཝོ་ལེ་འདྲེས་པའི་སྐད་ཡིག་མང༌།།

ཞྭ་ལུགས་གོམ་སྟབས་མི་གཅིག་ཁ་ཁ་དང༌།།

ཟ་འཐུང་གོམས་སྲོལ་མི་འདྲ་སོ་སོའི་ཁྲོད།།

འ་རེ་འུ་རེ་ངང་དུ་སོང་བ་ལས།།

ཡ་མཚན་ལྡི་ལི་གསར་པའི་གྲོང་མཐར་སླེབས།།

ར་ལུག་ལས་ཀྱང་སྐད་ལ་རྨོངས་པའི་ཕྱིར།།

ལ་དྭགས་ངྷ་རམ་ས་ལའི་བར་དུ་ཡང༌།།

ཤ་ཁྲག་ལས་ཀྱང་གཅེས་པའི་ཧིན་སྒོར་བརྒྱ།།

ས་མཐའི་རི་ཤལ་བ་ལ་སྤྲོད་དགོས་བྱུང༌།།

ཧ་ཅང་འཁྲུག་པའི་མན་ཇུ་ཊི་ལ་ནས།།

ཨ་སྒོར་སློང་སའི་སྦྱིན་བདག་མ་ཡིན་པའི།།

ཨ་རིའི་རྨོ་མོ་ཞིག་དང་གྲོས་བྱས་ཏེ།།

ཧ་ལམ་མཚན་མོ་གཅིག་གིས་ངྷ་སར་སླེབས།།

ཀརྨ་མཆོག་སྤྲུལ་དམིགས་བསལ་མཇལ་ཁ་ཐོབ།།

ཁ་ཙམ་མིན་པར་མི་ཕྱེད་དད་པའི་ངང༌།།

ག་དུས་ཡིན་ན་སྐྱབས་འཇུག་གནང་དགོས་ཞེས།།

ང་རང་གང་ཤེས་ཞུ་བ་ལྷུག་པོར་ཕུལ།།

ཅ་ལག་རྔན་པ་མགྲོན་ཁང་ནང་ལུས་ཀྱང༌།།

ཆ་རྒྱུས་དེ་ཙམ་མེད་པའི་སྦི་རིར་ཕྱིན།།

ཇ་ཁང་ཞིག་ནང་སུང་ཇ་སློབ་གྲྭ་འགར།།

ཉ་ཉུང་འདྲེས་མའི་བསླབ་བྱ་རྒྱག་ཁུལ་བྱས།།

ཏ་ལའི་དབྱིབས་འདྲའི་མེ་ལོག་གྷ་ཇི་ནས།།

ཐ་རེ་ཐོར་རེ་གྲོང་སྡེ་འགའ་བརྒལ་ནས།།

ད་ལྟར་སཱ་ར་མཐོ་སློབ་གྲགས་པ་དེར།།

ན་གཞོན་དུ་མའི་མཉམ་དུ་ཚོགས་འདུར་ཞུགས།།

པ་སངས་ལྟར་དཀར་མེས་པོའི་རྒྱལ་རབས་དང༌།།

ཕ་རོལ་དམར་པོ་རྒྱ་ཡི་འཁྱོག་བརྗོད་གཉིས།།

བ་ལ་ཛ་བཞིན་འཛིང་པའི་འགལ་འདུ་རྣམས།།

མ་ལུས་གཙང་སེལ་དགོས་པའི་གྲོས་ཆོད་བཞག།

ཙ་ཀྲའི་འཕྲུལ་ལྡན་མོ་ཊའི་ནང་ཞུགས་ནས།།

ཚ་བ་གཞན་ལས་ཆེ་བའི་ལྡི་ལི་གྲོང༌།།

ཛ་ལང་སྤྱོད་ལྡན་མ་ཇུག་ཊི་ལ་བར།།

ཝ་ལེར་མཚན་མོ་གཅིག་ལ་ཏག་ཏག་སླེབས།།

ཞ་ཡིག་ལྟར་འཁྱོག་སྲང་ལམ་འདྲ་མིན་ནང༌།།

ཟ་ཁང་མགྲོན་ཁང་སྦག་ཁང་ཆང་ཁང་སོགས།།

འ་རེ་འུ་རེ་འདྲ་མིན་སྣ་ཚོགས་ཀྱིས།།

ཡ་མཚན་སྒྱུ་མའི་འཁྲབ་སྟེགས་དངོས་འདྲ་མཐོང༌།།

ར་བ་གངས་ཅན་ལྗོངས་ནས་གཉེན་འཕྲད་དུ།།

ལ་ལུང་དུ་མ་བརྒལ་ནས་སླེབས་པ་ཡི།།

ཤ་ཁྲག་གཅིག་པའི་སྤུན་མཆེད་སྲིང་མོ་གང༌།།

ས་མཚམས་བརྒལ་ནས་བལ་ཡུལ་བསྐྱལ་མཁན་སོང༌།།

ཧ་ཅང་བཙན་པའི་རྒྱ་བོད་ས་མཚམས་སུ།།

ཧ་ཅང་བདུད་མོ་འདྲ་བའི་བསྐོར་སྲུང་འགས།།

ཨ་ཅེ་མཛེས་མ་ཁ་ཤས་མ་གཏོགས་པ།།

ཨ་ཕོ་འགྲུལ་པའི་ལག་ནས་དངུལ་དངོས་འཕྲོག།

ཀ་ཋི་མ་ཊི་གྲོང་ཁྱེར་ཆེན་པོའི་ནང༌།།

ཁ་དོག་དཀར་སེར་དམར་ནག་མི་རིགས་ཚོགས།།

ག་རེ་འདོད་འདོད་དངུལ་གྱིས་བྱེད་པ་ཡི།།

ང་ཆེ་ཁོ་ཆེའི་ཚོང་པ་མང་པོ་མཐོང༌།།

ཅ་ལག་རྙིང་པ་ཕྱི་རྒྱལ་ཡུལ་དུ་བཙོང༌།།

ཆ་ལུགས་གོས་གསར་ཉིན་རེ་ཉིན་རེར་བརྗེ།།

ཇ་ཆང་ཤོ་སྦག་འདོད་བརྩེ་ནག་ཚོང་སོགས།།

ཉ་དང་ཉུང་མ་འདྲེས་པའི་ལྟད་མོ་མཐོང༌།།

ཏཱ་ལའི་བླླ་མའི་བཀའ་ལ་རྩི་མཁན་དང༌།།

ཐ་ཤལ་ལོག་པའི་ལམ་ལ་འགྲོ་མཁན་གཉིས།།

ད་དུང་མང་ཉུང་དབྱེ་ཐག་མི་ཆོད་པས།།

ན་མིན་འཆི་མིན་བོད་བའི་ལོ་རྒྱུས་མང༌།།

པ་སངས་ཉིན་མོར་གཉན་ཆེན་ཐང་ལྷའི་ནང༌།།

ཕ་གཅིག་ལྟ་བུའི་གྲོགས་པོ་ཀླུ་སྨྱོན་ས།།

བ་དང་བེའུ་བཞིན་ཐུག་འཕྲད་བྱེད་བསམ་ཡང༌།།

མ་རབས་གྲོགས་པོ་ཞིག་གིས་བཀག་འགོག་བྱས།།

ཙ་རི་བསྐོར་བའི་དཀའ་ལས་མ་བསྐྱོན་ཀྱང༌།།

ཚ་བའི་ཡུལ་ནས་ཐམས་ཅད་མཁྱེན་པ་མཇལ།།

ཛ་ཡེའི་གནས་མཆོག་སྐོར་བའི་སྲིང་མོ་གང༌།།

ཝ་བཞིན་ས་མཐར་མ་བཞག་བོད་དུ་བརྫངས།།

ཞྭ་གོས་རྒྱུ་ནོར་ཚོང་རྫས་ཕར་ཙམ་ཞོག།

ཟ་འཐུང་འགྲོ་གྲོན་འདང་མིན་ཙམ་ཞིག་བྱས།།

འ་ཆད་འུ་ཐུག་རྣམ་འགྱུར་ཁོ་ན་ཡིས།།

ཡ་མེད་རྒྱ་བལ་ས་མཚམས་འཕྲང་ལམ་བརྒལ།།

ར་ཛའི་གྲོང་ཁྱེར་ལྡི་ལི་ནས་རྒྱུད་དེ།།

ལ་ཐུར་མེད་པའི་རྒྱ་ཐང་ཡངས་པོ་ལ།།

ཤ་ཁྲག་མིན་པའི་ལྕགས་ཀྱི་འཕྲུལ་འཁོར་ནང༌།།

ས་མཐའི་ཧུབ་ལི་འབབ་ཚུགས་ནང་དུ་སླེབས།།

ཧ་ཅང་ཆ་རྒྱུས་ཡོད་པའི་ཧུབ་ལི་ནས།།

ཨ་རིའི་གློག་བརྙན་ཞིག་ལ་ལྐོག་ནས་བལྟས།།

ཧ་ལས་དགོས་པའི་འཕྲུལ་རིགས་མང་མཐོང་བས།།

ཨ་ཨ་བསམ་ནས་ཡིད་སྨོན་གཏིང་ནས་སྐྱེས།།

ཀི་ཤར་སྒྲོག་ནས་ཁུ་ཚུར་མི་འཕྱར་ཡང༌།།

ཁུ་བོའི་ལ་རྒྱ་འཚོལ་བའི་བུ་ཞིག་གིས།།

གེ་སར་ལྷ་སྒྲུང་ལྟ་བུ་མ་ཡིན་པར།།

ངོ་མ་བྱུང་བའི་ཟུར་ཐོ་བཀོད་པ་ལགས།།

༢༠༠༠།༦།༢༥།ཧུབ་ལི་ནས་བྲིས། ༼ལྷོ་མཐའི་ཁ་བ་༽འདོན་ཐེངས་གཉིས་པའི་ཐོག་བཀོད།

སྣ་ཚོགས།

Post navigation

Previous Post: རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།
Next Post: དྲིན་ཅན་ཨ་མ་དྲན་པའི་གདུང་དབྱངས།

Comments (12) on “རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།”

  1. གཙག་བུ། says:
    2009-10-06 at 2:45 am

    ད་རྩོམ་འདྲ་བྲིས་ནས་བསྡད་ན་ཡག་ཤོས་རེད། ད་ལྟ་སྤྱི་འཐུས་ལ་ལས་དཀའ་ནི་མེད། ཨ་མ་དྲན་པར་ཐུགས་ཁག་མེད། རྩོམ་འདྲ་བྲིས་ན་དུས་ཚོད་འགྲོ་བར་ཕན་རྒྱུ་རེད། སྐུ་རྩེད་ཞུས་ཡིན་ད།

  2. མདའ་ཚན་ཚེ་རིང says:
    2009-10-06 at 11:14 am

    གྲོས་ཚོགས་ཁང་ནས་མགྱོགས་པོར་ཕྱི་ལ་ཐོན་པ་དང་ཡང་བསྐྱར་ཚོགས་ཞུགས་མ་བྱས་པ་ནི་རྩོམ་རྙོག་འདི་ཚོ་འབྲི་རྒྱུར་བྲེལ་བས་ཡིན་ནམ། དེ་ཡིན་ན་ངོ་མ་ཁྱེད་ཀྱི་རྩོམ་ཉོག་འདི་ཚོ་རང་གི་ཆུ་ཚོད་འཕྲོ་བརླགས་རང་རེད་ཟེར་རྒྱུ། ཡང་ཁྱེད་ལ་ལས་ཀ་གཞན་མེད་པར་ཉི་མ་མི་འཁྱོལ་ན་གང་ཤེས་མ་གཏོགས།

  3. མདའ་ཚན་པ། says:
    2009-10-06 at 11:58 am

    མདའ་ཚན་ཚེ་རིང་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རང་ཕལ་ཆེར་ངའི་ཕ་ཡུལ་གཅིག་པ་ཞིག་མིན་ནམ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-10-06 at 12:13 pm

    བཀླགས་ཟིན་པ་ཡིན། མང་བོ་ཞིག་ཞུས་ཀྱང་ཕན་ས་མ་རེད་ལགས།

  5. ཆོས་འཕེལ། says:
    2009-10-06 at 1:33 pm

    མཛུབ་མོ་བདེ་མོ་ཞིག་ཡོད་འདུག་ཀྱང་། ཀླད་པ་ཉོབ་ཏོ་ཡིན་ཆེ། གོ་རིམ་མེད་པ། དོན་རྣམས་གད་སྙིགས་སྤུངས་པ་དང་འདྲ་བ་ཞིག་བཟོས་འདུག སྐྱོན་རྒྱག་དགོས་ན་རྒྱག་ཚོད་གཅིག་དང་། བསྟོད་པ་བྱེད་དགོས་ན་བྱེད་ས་ཞིག་རག་གི་མི་འདུག་ལགས

  6. མདའ་ཚན་ཚེ་རིང says:
    2009-10-06 at 3:52 pm

    མདའ་ཚན་པ་ལགས། བཀྲ་ཤིས་བདེ་ལེགས། མ་མཇལ་ཡུན་རིང་ཕྱིན་སོང་།

  7. ཐེམ་ཆེན། says:
    2009-10-06 at 6:41 pm

    རྒྱ་བལ་ཐེངས་གཅིག་བསྐོར་བ་མི་ཤེས་མོད།།
    ངན་སེམས་ཐེངས་གཅིག་བཅིངས་བའི་བྱས་ཉེས་ཀྱིས།།
    གྲོས་ཚོགས་ཐེངས་གཅིག་གཏོར་བ་ཉེས་པ་ཆེ།།
    གཞི་བྱེས་བོད་མིའི་སེམས་ལ་ན་ཟུག་ཆེ།།

  8. བདེ་ཆེན་རྡོ་རྗེ་ says:
    2009-10-07 at 5:39 am

    མདའ་མཚན་ཚེ་རིང༌། ལགས། ཁྱོད་མདའ་ཚན་པ་དང་ཕ་ཡུལ་གཅིག་པར་མ་ཟད། མདའ་ཚམ་པ་དང་གཅིག་རེད། ཁྱོད་ལ་རྒྱ་གུང་ཁྲན་ལས། བཀྲཤིས་ཚེ་རིང་བེ་རི་འཇིགས་ མེད་དགྲ་ཆེ་ལེ་རེད། ཁྱོད་ཁག མེད། བེ་རི་འཇིགས་མེད་ཀྱིས་ཁྱོད་ཀྱི་ཕ་གསོད་ཨེ་ཐལ། བཀྲ་ཤིས་ཚེ་རིང་གིས་ཁྱོད་ཀྱིས་མ་མཛག་ཨེ་ཐལ། ཁོ་རེ།

  9. མདའ་ཚན་ཚེ་རིང says:
    2009-10-07 at 8:10 am

    གྲོགས་པོ། བེ་རི་དང་ཁྱེད་གཉིས་ལ་ངའི་ཕ་གསོད་པའི་བློ་ཁོག་ཨེ་ཡོད་ན། ཨ་ཁོ་རེ

  10. མདའ་ཚན་པ། says:
    2009-10-07 at 10:37 am

    མདའ་ཚན་ཚེ་རིང་ལགས། ད་ངས་ཁྱོད་ཕལ་ཆེར་ཤེས། ཁྱེད་རང་དོ་བེ་ཡིན་པ་འདྲ། མ་ཐུག་པར་ལོ་ངོ་ཉི་ཤི་ལྷག་ཡིན་རྒྱུ་རེད། དྲ་ཁང་འདི་རུ་ཐུག་པར་དགའ་བོ་བྱུང་། ངས་ཁྱེད་རང་རྒྱ་གར་ལ་སླེབས་ཡོད་པ་དང་དེ་ནས་ཡོ་རོབ་ལ་སླེབས་ཡོད་པའི་གནས་ཚུལ་གོ་ཡོད། ང་ཕ་ཡུལ་ལ་ཕྱིན་སྐབས་ཁྱེད་རང་སྤུན་མཆེད་འགའ་རེར་ཡང་ཐུག་སོང་། ཁོ་ཚོ་བདེ་བོ་རེད། དེ་མིན་ཁྱེད་རང་ལ་ངའི་ཁ་པར་དགོས་ན་འདི་ཡིན། ༤༥༠༦༤༧༠༩༩༢
    དྲ་ཁང་ལ་ཡང་ཡང་ཕེབས་རོགས་གནང་། དེ་མིན་མི་ལྐུགས་པ་དང་སྨྱོན་པ་དེ་ཚོར་ཡ་མ་བྱས་ན་ཡག་གི་རེད། དེ་ཚོར་ཡ་བྱས་བསྡད་ན་རང་ཉིད་ཀྱང་ལྐུགས་པ་དང་སྨྱོན་པ་ཆགས་པ་མ་ཡིན་ནམ། ཁོ་རང་ཚོའི་ཚིག་ངན་ལ་བདག་པོ་མ་རྒྱབ་ན་དེའི་བདག་པོ་ཁོ་རང་ཚོ་རང་ཉིད་ཆགས་པ་རེད། ཁོ་ཚོས་ང་ཡང་ཁོ་པ་ཚོ་ནང་བཞིན་མིང་འདྲ་མི་འདྲ་མང་པོ་བེད་སྤྱོད་གཏོང་མཁན་ཞིག་རེད་དྲན་གི་ཡོད་པ་འདྲ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།

  11. བདེ་ཆེན་རྡོ་རྗེ་ says:
    2009-10-10 at 11:59 am

    མདོ་སྨད་ཁྱི་ཡི་ཆོལ་ཁའི་ཁྱི་རྒན་མདའ་མཚན་པ་དང་ཐེམ་མིང་གཉིས་ལ།
    གྲོས་ཚོགས་ལ་ཤ་ཞེན་ཡོད་ན་ཐན་མྱིག་བགྲན་ནས་ལྟོས། བསམ་བློ་གཏིང་ནས་ཐོངས།
    གྲོས་ཆོད་ཁུར་མཁན་མདོ་སྨད་ཆོལ་ཁ་རེད།།(འཕེལ་རྒྱས་སྒྲོལ་ མཚོ་མོ)
    གྲོས་ཚོགས་ཚོགས་གཙོ་མདོ་སྨད་ཆོལ་ཁ་རེད༎(སྤེན་པ་ཚེ་རིང)
    གཏིང་ནད་བཟུང་ས་གང་ཟག་སྒེར་ལ་རེད༎(བསོད་ནམས་སྟོབས་རྒྱལ)༎
    ཁྲིམས་དང་འགལ་མཁན་མདོ་ས྄ྨད་ཆོལ་ཁ་རེད༎(རྩ་ཁྲིམས་དང་འགལ་བ)
    ཁྱི་ཡི་ཆོལ་ཁས་འདི་ཚོ་ཨེ་ཤེས་ལགས༎(མདའ་ཚན་པ་དང་ཐེམ་མྱིག)

  12. མདའ་ཚན་པ། says:
    2009-10-10 at 5:02 pm

    འབ་འབ་འབ། ང་ཁྱི་ཡིན། སུའི་ཉྭ་ནས་འཇུ་དགོས་པ་འདུག
    འབ། འབ། འབ། ང་ཁྱི་ཡིན། ཕྱོགས་ཞེན་གྱི་མིག་ཀྱོག་ཀྱོག་ཅན་དེ་ཚོའི་ཉྭ་ནས་འཇུ་གི་ཡིན།
    འབ། འབ། འབ། ང་ཁྱི་ཡིན། རང་ཚུགས་མེད་པའི་སྒྱིད་གུག་དེ་ཚོའི་ཉྭ་ནས་འཇུ་གི་ཡིན།
    འབ། འབ། འབ། ང་ཁྱི་ཡིན། དཀྲུག་ཤིང་གི་ཐན་སྐད་རྒྱག་མཁན་དེ་ཚོའི་ཉྭ་ནས་འཇུ་གི་ཡིན།
    འབ། འབ། འབ། ང་ཁྱི་ཡིན། འདི་རུ་སྨེ་ངག་འདོན་མཁན་དེ་ཚོ་ངས་སོ་རྒྱབ་ཟིན་པའི་མི་ངན་དེ་ཚོའི་རྐུབ་གཡོག་རྒྱུག་མཁན་དག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme